«རང་གྲོལ་མི་ཚེ་བསྐྱར་བརྟགས»ཀྱི་དེབ་གསར་སྒོར་ཐོན་པ།

ཉེ་ལམ། གྲལ་ཟུར་དགུ་རོང་སྤུན་གྲོལ་ལགས་ཀྱིས་བརྩམས་པའི་དཔལ་དོན་གྲུབ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་སམ་རྣམ་ཐར་གྱི་དེབ་གསར«རང་གྲོལ་མི་ཚེ་བསྐྱར་བརྟགས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནང་པར་སྐྲུན་འགྲེམས་སྤེལ་བྱས་འདུག

འདས་པའི་མི་ལོ་སུམ་ཅུའི་ཡུན་ལ་ཤེས་མི་ཤེས་གཉིས་ཀྱིས་དཔལ་དོན་གྲུབ་རྒྱལ་གྱི་མི་ཚེ་ལ་རྒྱང་རིང་ནས་ཚོད་དཔག་བྱས་ཏེ། གླེང་རྙོག་ཏུ་བསྒྱུར་ཡོད་པས། དེབ་འདི་ནི་བརྟག་དཔྱད་དང་ཁུངས་འཚོལ་དང་དཔང་རྟགས་དམིགས་སུ་བཟུང་ནས་བྲིས་འདུག དཔལ་དོན་གྲུབ་རྒྱལ་དང་འབྲེལ་འདྲིས་ཟབ་པའི་མི་སྣ68ལྷག་ལ་བཅར་འདྲི་ཞུས་ཤིང་། དཔལ་དོན་གྲུབ་རྒྱལ་གྱི་འདྲ་པར་གསར་པ19དང་། དངོས་རྫས་ཅ་ལག་གི་འདྲ་རིས་བཅས་ཁྱོན་འདྲ་རིས68ཚུད་འདུག དེ་ནི་མ་དཔེ་ཞིབ་འཇུག་གི་ཁྱབ་ཁོངས་ནས་བྲིས་ཤིང་། དཔྱད་གཞི་དང་པོའི་ལུགས་སུ་བརྩམས་འདུག དེབ་འདིའི་སྟོད་དུ། དཔལ་དོན་གྲུབ་རྒྱལ་གྱི་མི་ཚེ་ནི་སྐྱེ་ཁམས་དང་ལོ་རྒྱུས་དང་རིག་གནས་བཅས་ཀྱི་རྒྱབ་ལྗོངས་ཁྲོད་ནས་བསྔོགས་འདུག དཀྱིལ་ཏུ། སླར་ཡང་རྒྱབ་ལྗོངས་དེ་དག་གིས་དཔལ་དོན་གྲུབ་རྒྱལ་གྱི་མི་ཚེ་ལ་བལྟས་ནས་དཔྱད་འདུག སྨད་དུ། རྒྱབ་ལྗོངས་དེ་དག་དང་དཔལ་དོན་གྲུབ་རྒྱལ་གྱི་མི་ཚེ་གཉིས་ཀྱི་དབར་ནས་དོགས་འདྲི་བྱས་ཏེ། སྡོམ་དགོད་པའི་བར་སྟོང་དེ་ཞིབ་འཇུག་པ་དང་ཀློག་པ་པོ་རྣམས་ལ་བསྐྱུར་འདུག


དེབ་ཀྱི་དཀར་ཆག


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号