དགེ་རྒན་གྱི་ཐོབ་ཐང་དང་འཚོ་བའི་འགན་སྲུང་ལེགས་སུ་གཏོང་རྒྱུ་རེད་འདུག
ཉེ་ཆར་སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་དུ《དགེ་བཀུར་དགེ་ཕན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་འགའ་ཞིག》པར་འགྲེམས་བྱས་ཤིང་། དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དགེ་རྒན་གྱི་ཆབ་སྲིད་གནས་བབ་དང་སྤྱི་ཚོགས་གནས་བབ། ལས་རིགས་གནས་བབ་བཅས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ཡིག་ཆའི་ནང་སྨན་བཅོས་བདེ་ཐང་དང་རིག་གནས་མཐོར་འདེགས། འཚོ་བའི་ཞབས་ཞུ། སྡོད་ཁང་འགན་ལེན་བཅས་དང་། དེ་བཞིན་ཕྱོགས་གཞན་ཐད་ནས་དགེ་བཀུར་དགེ་ཕན་གྱི་བྱ་ཐབས་ཁ་གསལ་བཏོན་ཡོད་པ་སྟེ།
སྨན་བཅོས་བདེ་ཐང་ཐད། ས་གནས་ཁག་གི་སློབ་གསོ་སྡེ་ཚན་གྱིས་ལོ་ལྟར་དགེ་རྒན་སྒྲིག་འཛུགས་བྱས་ནས་རིན་མེད་ངང་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱེད་པ་དང་དུས་བཀག་ལྟར་སེམས་ཁམས་བདེ་ཐང་གི་འཆད་འཁྲིད་དང་སེམས་ཁམས་ཟུར་ཁྲིད་སོགས་ཀྱི་ཞབས་ཞུ་སྤེལ་ནས། དགེ་རྒན་གྱི་བདེ་ཐང་ཡིག་ཚགས་བཟོ་དགོས་པ་དང་། ས་གནས་ཁག་གིས་ས་གནས་དེ་གའི་དགེ་རྒན་གྱི་སྨན་བཅོས་ཐད་སྟབས་བདེ་བསྐྲུན་རྒྱུ་དང་དགེ་རྒན་ལ་ཁ་ཕྱོགས་པའི་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་ལྕག་བྱ་རྒྱུ།
རིག་གནས་མཐོར་འདེགས་ཐད། ས་གནས་ཁག་གི་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། བྱིས་པའི་ཕོ་བྲང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་ཡུལ་སྐོར་ལྟ་སྐོར་བྱ་ཡུལ་གྱིས་དགེ་རྒན་ལ་སྤ་སེ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་བྱ་ཐབས་སྤྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ། དགེ་རྒན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་ཤུགས་ཆེན་སྤེལ་ནས་དགེ་རྒན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ།
འཚོ་བའི་ཞབས་ཞུའི་ཐད། འབྲེལ་ཡོད་ཁེ་ལས་ཀྱིས་དགེ་རྒན་ལ་ཆེད་དམིགས་ཀྱི་གཟིགས་སྐྱོང་བྱེད་སྒོ་སྤེལ་རྒྱུའི་སྐུལ་ལྕག་བྱ་རྒྱུ་དང་། འབྲེལ་ཡོད་རྒྱལ་དབང་ཚོང་ལས་དངུལ་ཁང་གིས་དགེ་རྒན་ལ་རང་གཤིས་ཅན་གྱི་དངུལ་རྩའི་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་ལྕག་བྱ་རྒྱུ། ཆ་རྐྱེན་ཡོད་པའི་ས་གནས་སུ་དགེ་རྒན་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་གླ་རིན་ཆག་ཡང་དང་རྩ་ཆག་གི་གཟིགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།
སྡོད་ཁང་འགན་ལེན་ཐད། ཆ་རྐྱེན་དང་འཚམ་པའི་དགེ་རྒན་རྣམས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས། དགེ་རྒན་གྱི་སྡོད་ཁང་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།
གཞན་ཡང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞལ་འདེབས་རྒྱག་པ་དང་དང་བླངས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་དགེ་རྒན་ལ་དགེ་བཀུར་དགེ་ཕན་གྱི་ཞབས་འདེགས་ཞུ་རྒྱུའི་སྐུལ་ལྕག་བྱ་རྒྱུ།
ཡིག་ཆའི་ནང་ས་གནས་ཁག་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དགེ་བཀུར་དགེ་ཕན་གྱི་ཞབས་ཞུའི་ནང་ཞུགས་རྒྱུར་སྤྱི་འདོམས་སྐུལ་སློང་གང་ལེགས་བཅས་བྱས་ནས། སྲིད་གཞུང་གིས་སྤྱི་འདོམས་སྐུལ་འདེད་དང་། སྡེ་ཚན་གྱིས་ལས་བགོས་འགན་འཁུར། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ། དགེ་བཀུར་དགེ་ཕན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་གོ་དགེ་རྒན་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱིས“དགེ་བཀུར་དགེ་ཕན་གྱི་སྤྱི་ཕན་བྱ་སྤྱོད”རྣམ་གྲངས་འཛུགས་པ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད། “ཀྲུང་གོའི་དགེ་རྒན”གྱི་སྒུལ་བདེའི་མཐའ་སྣེ་གསར་སྤེལ་བྱས་ནས། དགེ་བཀུར་དགེ་ཕན་གྱི་འབྲེལ་ཡོད་རྣམ་གྲངས་ཀྱི་རྩིས་ཐོའི་དཀར་ཆག་བཟོས་ཏེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注