༄༅།།འདིའི་རིཊ་སློབ་གསོ་པུས་ཞིབ་བཤེར་ནན་མོར་བྱ་རྒྱུ་རེད།

ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྲིད་འཛིན་ཁྲིམས་འཛིན་ལས་དོན་གྱི་ཡུལ་དངོས་ཀྱི་ཚོགས་འདུ་ཀོང་ཏུང་གི་ཀོང་ཀྲོའུ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་ས་གནས་ཁག་གིས་“གཉིས་འཕྲི་”དང་“གཉིས་སྤོར་”གཅིག་གྱུར་འཆར་འགོད་བྱས་ཏེ། སློབ་གྲྭའི་ནང་གི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་ཕྱིའི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག ཆོག་མཆན་མ་ཐོབ་པར་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་གཉེར་བ་དང་། ལས་ཐོག་དགེ་རྒན་གྱིས་རིན་ཡོད་གསབ་ཁྲིད་བྱེད་པ། རིག་ཚན་མིན་པའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིས་ཆོག་འཐུས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྤེལ་བ་དང་། སྤྱི་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྒྲིག་འགལ་ངང་ནས་སྤེལ་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོར་བྱས་ཏེ། སློབ་ཕྱིའི་གསོ་སྦྱོང་བཅོས་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཞེས་དང་།

གསོ་སྦྱོང་ལས་ཁུངས་ཀྱི་“གྲོན་དངུལ་ཕྱིར་སློག་དཀའ་བ་”དང་། “དངུལ་བླངས་ནས་བྲོས་པ།”“བསམ་གཟས་ནས་ཚོང་ཁང་སྒོ་རྒྱག་པ་”སོགས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་པོར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་པའི་ཞེས་པའི་བླང་བྱ་བཏོན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号