རང་ཞིང་གིས་སྤྱི་ཚོགས་ཀྱི་དར་མའི་སློབ་གསོ་གསོ་སྦྱོང་གི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་བྱས།
ཟླ12པའི་ཚེས6ཉིན། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་དམངས་སྲིད་ཐིན་སོགས་ལས་ཁུངས་བཅུ་ཡིས་མཉམ་འབྲེལ་སྒོས་སྤྱི་ཚོགས་དར་མའི་སློབ་གསོའི་གསོ་སྦྱོང་གི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་བཏང་བ་དང་། དེའི་དམིགས་འབེན་ནི་སྤྱི་ཚོགས་དར་མའི་སློབ་གསོའི་གསོ་སྦྱོང་གི་དོ་དམ་སྔར་ལས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། བདེ་འཇགས་དོ་དམ་བྱེད་ཚད་མི་འདང་བ་དང་དྲིལ་སྒྲོག་ཁས་ལེན་རྫུན་མ། གསོ་སྦྱོང་གི་སྤུས་ཚད་དམའ་བ། དངུལ་བསྡུ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཐག་བཅད་དེ། སྤྱི་ཚོགས་གསོ་སྦྱོང་མི་སྣའི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་སྔར་ལས་བཟང་བོ་བྱེད་རྒྱུ་དེ་ཡིན།
བརྡ་སྦྱོར་གྱི་རེ་བ་ལྟར་ན། སློབ་གསོ་སྡེ་ཁག་གིས་གཙོ་བོར་སྐད་ཆའི་རིགས་ཀྱི་རིམ་དབྱེ་རྒྱུགས་ལེན་དང་སློབ་རིམ་འཕར་བའི་རྒྱུགས་ལེན་སོགས་ཀྱི་སྤྱི་ཚོགས་དར་མའི་སློབ་གསོའི་གསོ་སྦྱོང་ཐད་ཀྱི་ལས་སྒོའི་ཁྲིད་སྟོན་སྤེལ་བ་དང་། གསོ་སྦྱོང་སྤུས་ཚད་ཐད་ཀྱི་དཔྱད་འཇོག་དང་ཞིབ་བཤེར་སྤེལ་བ། གསོ་སྦྱོང་གི་ནང་དོན་སོགས་ཕྱོགས་ནས་ལྟ་སྐུལ་དོ་དམ་བྱེད་པའི་འགན་ཁུར་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་གཙོ་བོར་ལས་རིགས་རྩལ་ནུས་གསོ་སྦྱོང་གཙོར་བྱས་པའི་དམངས་གཉེར་ལས་རིགས་གསོ་སྦྱོང་སློབ་གྲྭ་དང་དམངས་གཉེར་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་ལག་རྩལ་བཟོ་བའི་སློབ་གྲྭར་དོ་དམ་བྱེད་པ་དང་། གསོ་སྦྱོང་གི་ཆ་རྐྱེན་དང་ནུས་པ་ལྡན་མིན་ལ་ཞིབ་བཤེར་གཏན་འབེབས་བྱེད་པ་དང་། གསོ་སྦྱོང་གི་གོ་རིམ་ལ་ལྟ་སྐུལ་བྱེད་པ། གསོ་སྦྱོང་གི་རྒྱུ་སྤུས་ལ་དཔྱད་ཞིབ་བྱེད་པ། གསོ་སྦྱོང་འཛིན་ཡིག་སྟེར་བ་བཅས་ཀྱི་ཐད་འགན་ཁུར་དགོས་ལ། ཚོང་ར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཙོ་བོར་ཁེ་རག་རང་བཞིན་གྱི་སྤྱི་ཚོགས་དར་མའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱི་ཐོ་འགོད་དང་ཚོང་འཕྲིན་དྲིལ་སྒྲོག དངུལ་བསྡུ་སོགས་ཀྱི་སྤྱོད་ཚུལ་ལ་ལྟ་སྐུལ་བྱེད་པ་དང་། སྤྱི་ཚོགས་དར་མའི་སློབ་གསོའི་གསོ་སྦྱོང་ལས་ཁུངས་ཀྱིས་ཆོག་མཆན་འཛིན་ཡིག་མེད་པར་ཚོང་གཉེར་བྱེད་པ་དང་ཚོང་འཕྲིན་རྫུན་མ་སྤེལ་བ། རིན་གོང་ཐད་ནས་གཡོ་བསླུ་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་ཁྲིམས་ལྟར་རྩད་གཅོད་བྱེད་རྒྱུའི་འགན་ཁུར་དགོས།
བརྡ་སྦྱོར་ནང་། ས་ཆ་སོ་སོས་མཆན་འགོད་ཐོ་འགོད་ནན་མོ་བྱེད་པ་དང་། ཆོག་མཆན་མ་བཀོད་ན་ཀྲུང་གོ་དང་ཀྲུང་ཧྭ། ཀྲུང་དབྱང་། རྒྱལ་ཡོངས། རྒྱལ་ཁབ་སོགས་མིང་འདོགས་མི་རུང་བ་དང་། མིང་གྲགས་ཆེ་བའི་སློབ་གླིང་དང་ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་དང་འཆུག་སླ་བ་དང་མཉམ་བསྲེས་བྱེད་སྲིད་པའི་མིང་བཀོལ་སྤྱོད་མི་ཆོག་ལ། དམངས་གཉེར་སློབ་གྲྭའི་སློབ་སྒྲུབ་འཛིན་ཡིག་དང་ཡང་ན་ཁྲིམས་མིའི་ཐོ་འགོད་འཛིན་ཡིག་ནང་གཏན་ཁེལ་བྱས་པའི་ཚོང་གཉེར་ཁྱབ་ཁོངས་གཞིར་བཟུང་ནས་སློབ་གསོའི་གསོ་སྦྱོང་སྤེལ་བ་དང་། སློབ་སྒྲུབ་ཡུལ་གནས་ཐད་ནས་སྡོད་དམངས་ཀྱི་སྡོད་ཁང་དང་ས་འོག་གི་ཁང་བ། བཟོ་ལས་སྤྱོད་ཁང་། གནས་སྐབས་ཀྱི་ཁང་བ། རང་སྐྲུན་ཁང་བ། ཁྲིམས་འགལ་ཁང་བ་སོགས་སློབ་སྒྲུབ་གསོ་སྦྱོང་ཡུལ་གནས་སུ་བདམས་མི་རུང་ཞེས་གཏན་ཁེལ་གསལ་བོ་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注