སློབ་ཆུང་སློབ་ཁྲིད་ཁྲོད་ཀྱི་གོམས་གཤིས་དང་བསམ་གཞིག
མཆོག་སྐྱིད། གཅན་ཚ་རྫོང་མི་རིགས་མཐུན་སྒྲིལ་དམར་དམག་སློབ་ཆུང་།
སློབ་སྔོན་སློབ་གསོ་མཇུག་རྫོགས་ནས་གསར་དུ་སློབ་གྲྭར་ཞུགས་མ་ཐག་པའི་བྱིས་པ་ནི་ནར་མ་སོན་པའི་སློབ་གསོའི་དུས་རིམ་དུ་གནས་ལ། ཁོ་རང་ཚོའི་ཤེས་ནུས་འཕེལ་རྒྱས་དང་། ཁྱད་པར་དུ་བྱིས་པའི་སྐད་ཆའི་ཤེས་ནུས་དང་གསར་གཏོད་ཤེས་ནུས། དབྱེ་འབྱེད་ཀྱི་ནུས་པ་སོགས་འཕེལ་རྒྱས་འབྱུང་བཞིན་པའི་སྐབས་ཡིན། སློབ་གྲྭར་ཞུགས་མ་ཐག་པའི་ཕྲུ་གུ་ཚོ་ཁྱིམ་ཚང་མི་འདྲ་བ་ནས་ཡོང་བས། ཕྲུ་གུ་ཚོའི་ཁྱིམ་ཚང་གི་ཁོར་ཡུག་དང་། སྤྱི་ཚོགས་ཀྱི་ཁོར་ཡུག རང་ངོས་ཀྱི་བསམ་པའི་འཁྱེར་སོ་དང་། རྨང་གཞི་སོགས་ཀྱི་ཐད་མི་འདྲ་བའི་དབང་གིས་ཁོ་ཚོའི་ཕྱོགས་གང་ཅིའི་ཐད་ལའང་ཧེ་བག་ཆེ་ཙམ་ཡོད། ལ་ལ་སློབ་སྦྱོང་ལ་བརྩོན་ཞིང་སྒྲིག་ལམ་སྲུང་བ་དང་། ལ་ལ་སློབ་སྦྱོང་ལ་མི་དགའ་བ་དང་སྤྱོད་ཚུལ་མི་ལེགས་པས། དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མའི་ཁྲོད་ཀྱི་ཁྱད་པར་ལ་དོ་སྣང་བྱས་ཏེ་དེའི་སྤྱོད་ལམ་དང་གོམས་སྲོལ་བཟང་པོ་གསོ་སྐྱོང་བྱ་དགོས།སློབ་ཆུང་དུ་ཞུགས་མ་ཐག་པའི་བྱིས་པ་ནི་ལོ་དྲུག་ཡིན་ལ། ཁོ་ཚོའི་སེམས་ཁམས་ཀྱི་ཁྱད་ཆོས་ཀྱིས་བློ་རྩེ་གཅིག་ཏུ་སྒྲིམ་པའི་དུས་ཚོད་ལ་ཡང་ཚད་བཀག་ཡོད། སློབ་ཆུང་སློབ་མའི་འགུལ་བར་དགའ་བ་དང་རིག་པ་སྒྲིམ་མི་ཐུབ་པའི་ཁྱད་ཆོས་ལ་དམིགས་ཏེ། སྤྲོ་སྣང་སློང་བ་ནས་འགོ་བརྩམས་ཏེ་གཟེངས་བསྟོད་དང་སྐུལ་ལྕག་བྱ་རྒྱུ་གཙོ་བོར་བཟུང་ནས་གོམ་པ་རིམ་བགྲོད་ཀྱིས་སློབ་མའི་སློབ་ཁྲིད་ལ་ཉན་པའི་གོམས་གཤིས་བཟང་པོ་འཇགས་སུ་བཅུག་ནས་རང་གཅུན་ནུས་པ་གསོ་སྐྱོང་བྱེད་དགོས། སྤྱོད་འཇུག་ལས“གོམས་ན་སླ་བར་མི་འགྱུར་བའི། ། དངོས་དེ་འགའ་ཡང་ཡོད་མ་ཡིན། །”ཅེས་གསུངས་པ་ལྟར་མྱོང་གོམས་ཀྱི་སྟོབས་ཀྱིས་གོམས་སྲོལ་བཟང་པོར་འགྱུར་བ་ཡིན། རང་གིས་ལོ་འགར་ལོ་རིམ་དམའ་མོར་ཁྲིད་པའི་ཉམས་མྱོང་ལས་ཤེས་རྟོགས་བྱུང་བ་ལྟར་ན། སློབ་ཐུན་སློབ་ཁྲིད་ཁྲོད་དུ་སློབ་མའི་བྱ་སྤྱོད་ལེགས་ཚེ། དགེ་རྒན་གྱིས་དུས་ཐོག་ཏུ་ཁས་ལེན་དང་བསྔགས་བརྗོད་བྱེད་དགོས། དེ་ལྟར་དུས་ཡུན་རིང་པོ་སོང་ན་སློབ་མའི་བྱ་སྤྱོད་ངན་པ་དེ་རིམ་གྱིས་མེད་པར་འགྱུར། སློབ་མའི་སྤྱོད་ཚུལ་བཟང་པོ་འགའ་ཞིག་དགེ་རྒན་གྱིས་ཡང་ཡང་ཁས་ལེན་པའམ་ཡང་ན་བསྔགས་བརྗོད་བྱེད་པའི་གོ་རིམ་ཁྲོད་ནས་སློབ་མ་སྐོར་ཞིག་གི་བྱ་སྤྱོད་ལ་འགྱུར་བ་འབྱུང་བཞིན་ཡོད། སློབ་ཐུན་སྐབས་ཀྱི་གནད་དོན་མང་པོ་ཞིག་ནི་དགེ་རྒན་གྱིས་སློབ་མའི་བྱ་སྤྱོད་བཟང་པོ་ལ་དོ་སྣང་མ་བྱས་པ་ལས་བྱུང་བ་རེད། སློབ་མའི་བསམ་པར་དགེ་རྒན་གྱིས་རང་ཉིད་གྱི་བྱ་སྤྱོད་བཟང་པོ་དང་བྱ་སྤྱོད་ངན་པའི་ཐད་ཁྱད་པར་མངོན་གསལ་དོད་པོ་མེད་པའི་སྐབས་ཁོ་ཚོའི་བྱ་སྤྱོད་ངན་པ་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན། སློབ་ཁྲིད་ཀྱི་ཁྲོད་དུ་སློབ་མར་ལྟ་ཞིབ་མང་ཙམ་བྱས་ཏེ། སེམས་ཀྱི་གཏིང་ནས་སློབ་མ་ཚོའི་བྱ་སྤྱོད་བཟང་པོར་ཤེས་རྟོགས་བྱེད་མཁས་དགོས་པར་མ་ཟད། བྱ་སྤྱོད་བཟང་པོ་དེ་དག་ཐོན་མ་ཐག་ཏུ་གདེང་འཇོག་བཟང་པོ་བྱེད་པ་ལས་སྣང་མེད་དུ་མ་བཞག་ཚེ། སློབ་མར་བྱ་སྤྱོད་བཟང་པོ་སྤེལ་བའི་སྤྲོ་བ་འཕེལ་དུ་བཅུག་ཡོད། ལོ་འགའི་སློབ་ཁྲིད་ལག་ལེན་བརྒྱུད། བདག་གིས་སློབ་མའི་ཕུལ་བྱུང་བྱ་སྤྱོད་ལ་གདེང་འཇོག་ལེགས་པོ་བྱེད་པར་རྒྱུན་མཐུད་རང་བཞིན་དང་མ་ལག་རང་བཞིན་ལྡན། འདི་ལྟར་བྱས་ན་སློབ་མའི་ཕུལ་བྱུང་བྱ་སྤྱོད་དེ་བསྐྱར་ཟློས་ཀྱིས་ཇེ་བཟང་དུ་འགྲོ་བར་ཕན་པ་ཡོད།གཅིག སློབ་ཁྲིད་ཁྲོད་ཆེད་དུ་སློབ་མར“བཤད་པའི”གོ་སྐབས་སྟེར་དགོས།ངས་ལོ་མང་རིང་ལྟ་ཞིབ་བྱས་པ་བརྒྱུད་ལོ་རིམ་དང་པོའི་སློབ་མར“བཤད”འདོད་དྲག་པོ་ཡོད་པ་ཤེས་བྱུང་། དེའི་ཕྱིར་ངས་སློབ་ཚན་རེར་སྐར་མ5ཡི་དུས་ཚོད་སྤྱད་དེ་རིམ་གྱིས་སློབ་མ་ཚོར་སྐད་ཆ་བཤད་པའི་སྦྱོང་བརྡར་བྱེད་དུ་འཇུག་བཞིན་ཡོད། སྐད་ཆའི་ནང་དོན་ལ་ཚད་བཀག་མེད་པས། སློབ་མས་རང་གིས་མཐོང་བའི་གཏམ་རྒྱུད་བཤད་ཆོག་པ་དང་། རང་ཉིད་ལ་འཕྲད་པའི་སྤྲོ་སྣང་ལྡན་པའི་དོན་དག་ཀྱང་བཤད་ཆོག སློབ་མ་ཚོར་ཅི་ཞིག་བཤད་འདོད་པ་དེ་བཤད་དུ་བཅུག་ན་སློབ་མ་སྟེགས་བུའི་ཐོག་ཏུ་འབུད་དུས་འཚུབ་ཆའི་སེམས་ཁམས་དེ་ཇེ་ཉུང་དུ་འགྲོ་བ་དང་། སློབ་མ་ཚོ་རང་འགུལ་ངང་སྟེགས་བུའི་ཐོག་ཏུ་བུད་ནས་བག་ཕེབས་ངང་སྐད་ཆ་བཤད་པར་སྦྱོང་བརྡར་བྱེད་དུ་འཇུག་ཐུབ། སྐད་ཆ་བཤད་པའི་གོ་རིམ་ཁྲོད་དུ་ཁོ་ཚོའི་སྐད་ཆ་བཤད་པའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་པར་དོ་སྣང་བྱ་དགོས། ཡུལ་སྐད་ཉེར་སྤྱོད་མི་གཏོང་བར་སྤྱི་སྐད་ཉེར་སྤྱོད་གང་ཐུབ་བྱ་དགོས། སྐད་ཆ་བཤད་དུས་ལྷོད་ཤ་ལྡན་པ་དང་། སྤོབས་པ་ཆེ་བ། གུས་ཞབས་ལྡན་དགོས། སྤོབས་པ་ཆུང་བའི་སློབ་མར་དགེ་རྒན་དང་སློབ་གྲོགས་ཚོས་གར་སྟེགས་གཤམ་དུ་ཐལ་མོའི་རྡེབ་སྒྲ་སྒྲོག་ནས་སྐུལ་ལྕག་བྱེད་དགོས། དེ་ལྟར་བྱས་ན་བཤད་འདོད་པའི་སློབ་གྲོགས་ཚོར་འགྲན་སློང་གི་ཚོར་བ་ཞིག་སྟེར་ཐུབ་པར་མ་ཟད། སྤོབས་པ་ཆུང་བའི་སློབ་གྲོགས་ཚོར་ཡང་སྦྱོང་བརྡར་ཐེབས་ཐུབ།གཉིས། བརྩེ་སེམས་སྔོན་དུ་བཏང་ནས་སློབ་མ་རྣམས་སྐད་ཆ་བཤད་རྒྱུར་དགའ་དགོས།དགེ་རྒན་ལི་ཅི་ལིན་གྱིས“སྐད་ཆའི་བྱེ་བྲག་འབྱུང་གནས་ཀྱི་གནས་ཚུལ་ནི། ཚད་ངེས་ཅན་ཞིག་གི་ཁྲོད་ནས་སྐད་བརྡའི་ཀུན་སློང་བྱུང་བ་དང་། སྐད་ཆའི་རྒྱུ་ཆ་འདོན་སྤྲོད་བྱས་ནས་སྐད་བརྡའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ” ཅེས་བཤད་པ་ལྟར། སློབ་མར་ཐབས་མཁས་འབྲེལ་འདྲིས་ཀྱི་ཁོར་ཡུག་བཙུགས་ཏེ། སློབ་མ་རྣམས་སྤྲོ་བ་ཆེན་པོས་རང་འགུལ་སྒོས་སྐད་ཆ་བཤད་པའི་སྦྱོང་བརྡར་ཁྲོད་དུ་ཞུགས་སུ་འཇུག་པ་དང་། ཧུར་ཐག་གིས་ལྟ་ཞིབ་དང་། བསམ་གཞིགས། འཆར་སྒོ་སྣ་མང་ཅན་དུ་བཏང་ན། ད་གཟོད་ཁོ་ཚོས་བཤད་པའི་སྐད་ཆ་ཆུ་ཕྲན་ཞིག་དང་འདྲ་བར་སེམས་ཀྱི་ཞིང་ཁར་བཞུར་ནས་འདྲེས་འོང་བ་རེད། དགེ་རྒན་གྱིས་ལོ་རིམ་དམའ་བའི་སློབ་མའི་ཁྱད་ཆོས་ལ་གཞིགས་ཏེ་སྤྲོ་བ་ཅན་གྱི་པར་རིས་དང་། གཏམ་རྒྱུད། སྲོག་ཆགས། རོལ་རྩེད་བཅས་བདམས་ནས་ཁོ་ཚོའི་སྤྲོ་སྣང་སློང་དགོས། དཔེར་ན། ལོ་རིམ་དང་པོའི་སྨད་ཆ་ལས《རང་ནུས་སྦྱོང་བ》ཞེས་པའི་རྩོམ་ཡིག་དེ་སློབ་སྦྱོང་བྱས་ཚར་བའི་སྐབས་སུ། ངས“རང་ནུས་སྦྱོང་བའི་བྱ་རིགས་གཞན་པ་ད་དུང་ཅི་ཞིག་ཡོད”ཅེས་དྲིས་པར། ཕྲུ་གུ་ཚོས་དུས་ཐུང་ནང་བསམ་བློ་བཏང་རྗེས་ཕུལ་བྱུང་གི་ཚིག་མང་པོ་སྦྱངས་པ་དང་། ལ་ལས་སྔར་བསླབ་ཟིན་པ་དང་འབྲེལ་བའི་གབ་ཚིག “མགོ་ན་བྱུ་རུའི་ཅོད་པན་མཛེས། །ལུས་ལ་ཚོན་ཁྲའི་གོས་གྱིས་བརྒྱན། །ངག་ནས་སྙན་པའི་གླུ་དབྱངས་ལེན། །ཞོགས་པར་མི་རྣམས་གཉིད་ལས་སློང་། །”ཞེས་གྱེར། ད་དུང་སློབ་ཚན་མང་པོ་ཞིག་བསླབ་ཚར་རྗེས་ཕྲུ་གུ་ཚོར་རང་ཉིད་ཀྱི་སྐད་ཆའི་ཐོག་ནས་གཏམ་རྒྱུད་བཤད་དུ་འཇུག་པ་དང་ཚོགས་ཆུང་བཙུགས་ནས་འཁྲབ་ཏུ་འཇུག་པ་དཔེར་ན།《སྟག་འཇིགས་ཝས་འཁྱེར》དང《བོང་ཤ་བཙོང་བ》སོགས་ལྟ་བུ། དེ་ལྟར་བྱས་ཚེ་སློབ་ཕྲུག་ཚོས་གཏམ་རྒྱུད་ཉན་པ་དང་། གཏམ་རྒྱུད་བཤད་པ། གཏམ་རྒྱུད་འཁྲབ་སྟོན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་སྐད་ཆ་བཤད་པའི་སྤྲོ་སྣང་དང་རེ་འདོད་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་འགྲོ་བ་ཡིན།གསུམ། བོད་ཡིག་གི་ཡིག་གཟུགས་ལ་རྒྱུས་མངའ་ཡོད་པའི་ཡི་གེ་འབྲི་བར་རྨང་གཞི་འདིང་དགོས།ཐོག་མར་སློབ་མ་རྣམས་ལ་དཔེ་དེབ་ལ་ལྟ་སྟངས་དང་། ཡི་གེ་འབྲི་སྟངས། མྱུ་གུ་འཛིན་སྟངས་བཅས་ཇི་འདྲ་ཞིག་ཡིན་པ་ཤེས་སུ་འཇུག་དགོས། དགེ་རྒན་གྱིས་ཡུན་རིང་ལ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་མུ་མཐུད་དེ་ལོ་རིམ་དང་པོ་ནས་ཞ་སྨྱུག་སྤྱོད་པ་དང་། ཤོག་བུ་དང་སྦྱངས་ཤིང་བསེགས་ལ་གཉེར་བ། སྒྲོག་ཙེ་སྟེང་སྦོ་ཉལ་བྱས་ཏེ་འབྲི་བའི་སྲོལ་ངན་དག་བསྒྱུར་ཏེ། སྨྱུ་གུའི་འཛིན་ལུགས་དང་། ལུས་པོའི་སྡོད་སྟངས་ནས་འགོ་རྩོམ་རྒྱུ་གལ་ཆེ། གཞུང་ལུགས་དང་བྲིས་རྒྱུན་གོམས་སྲོལ་ལ་བརྟེན་ནས་སྨྱུ་གུ་འཛིན་སྟངས་དང་། སྨྱུག་ཁ་སྐོར་སྟངས། ཐིག་ཚད་ལེན་སྟངས། སྨྱུག་ཁམ་འཇོག་སྟངས། མཐེབ་རིལ་སྐོར་སྟངས། སྨྱུག་རིམ་གྱི་སྔ་གཞུག་སོགས་ལ་བརྟེན་ནས་ཡི་གེའི་གཟུགས་ཇི་ལྟར་ཐོན་པ་ཞིག་ཡོང་བར་དམིགས་ནས། གནད་དོན་དེ་དག་ལ་དམ་འཛིན་གྱིས་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་པའི་སློབ་གསོ་གཏོང་དགོས་ལ། སློབ་མར་རེ་བ་ནན་ཏན་འདོན་པ་དང་། རྒྱུན་དུ་དྲན་སྐུལ་བྱེད་པ། ནོར་སྐྱོན་མཐོང་ན་སྐབས་འཕྲལ་ཡོ་བསྲང་བྱེད་པ་སོགས་བྱེད་དགོས་སོ། དེ་ལྟར་བྱས་ན། དགེ་རྒན་གྱིས་ཕྱིས་སུ་གནད་ལ་ཁེལ་བའི་བོད་ཡིག་གི་སྐད་བརྡ་སྤྱད་དེ་གནད་ལ་ཁེལ་ཞིང་ཞིབ་ཚགས་པའི་ཡི་གེ་འབྲི་བའི་མཛུབ་སྟོན་བྱེད་པར་དགོས་ངེས་ཀྱི་རྨང་གཞི་འདིང་ཐུབ།བཞི། སློབ་མས་ཡི་གེ་འབྲི་བར་སྤྲོ་སྣང་སློང་དགོས།འགྲན་བསྡུར་གྱིས་སློབ་མའི་ཡིག་གཟུགས་སྦྱོང་བའི་བརྩོན་སེམས་སྐུལ་སློང་བྱེད་ཐུབ་པར་མ་ཟད། ད་དུང་སློབ་མའི་འགྲན་རྩོད་ཀྱི་འདུ་ཤེས་ལེགས་པོ་དང་། སློབ་གྲོགས་བར་ཕན་ཚུན་མཉམ་ལས་བྱེད་པའི་ཐུན་མོང་གི་འདུ་ཤེས་གསོ་སྐྱོང་བྱེད་ཐུབ། ① ལས་བྱའི་སྐར་རིམ་ལམ་ལུགས་འཛུགས་པ། རྒྱུན་ལྡན་གྱི་ལས་བྱའི་ཡིག་གཟུགས་ཡག་འདུག་གི་སྐར་རིམ་ལྟར། སློབ་མཇུག་ཏུ་ཡང་བསྐྱར་སྐར་མ་རིམ་པའི་ལས་བྱ་འདེམས་པ་དང་འབྲེལ་ཡོད་བྱ་དགའ་སྤྲོད་དགོས། ② འགྲན་བསྡུར་ཚོ་ཆུང་འཛུགས་པ། ཡི་གེ་འབྲི་བའི་སློབ་ཁྲིད་རེ་རེའི་སྟེང་དུ་ཚོ་ཆུང་བགར་ཏེ་ཡི་གེ་འབྲི་བའི་འགྲན་བསྡུར་བྱེད་དགོས། ③ སྒེར་གྱི་འགྲན་བསྡུར་སྤེལ་བ། སྡེ་ཚན་རེ་རེའི་མཇུག་ཏུ་ཡིག་གཟུགས་འབྲི་བའི་འགྲན་བསྡུར་རེ་སྤེལ་བ་དེ། སློབ་སྦྱོང་ལྡུམ་ར་རུ་འགྲེམ་སྟོན་བྱེད་པ། ཡར་ཐོན་བྱ་དགའ་ཐོབ་པའི་སློབ་མ་རྣམས་ལ་ཡང་དམིགས་ཀྱིས་བཀར་ནས་གཟེངས་བསྟོད་བྱེད་དགོས།ལྔ། སློབ་མར་མིག་དཔེ་བཟང་པོ་ཞིག་སྟོན་དགོས།རྗེ་ཙོང་ཁ་བས“ཁྱོད་ཀྱི་རྗེས་སུ་སློབ་པ་ན། །རྒུད་པ་ཐམས་ཅད་རིང་དུ་གྱུར། །”ཞེས་གསུངས་པ་ལྟར། དགེ་རྒན་གྱིས་རང་དཔེ་གཞན་སྟོན་བྱེད་པ་ནི་སློབ་མར་མཚོན་ན་སྒྲ་མེད་པའི་ཁྲིད་སྟོན་ཡིན་ལ། དགེ་རྒན་གྱི་མིག་དཔེའི་ནུས་པས་སློབ་མར་དམིགས་བསལ་གྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། དུས་རྒྱུན་གྱི་སློབ་ཁང་དུ་ནག་པང་ཇུས་འགོད་དང་། ལས་བྱར་ལྟ་སྐབས་སོགས་ལ་ཡིག་གཟུགས་འབྲི་བར་དོ་སྣང་བྱེད་དགོས། སློབ་ཆུང་སློབ་མ་ལ“དགེ་རྒན་གྱི་ཕྱོགས་འཛིན་རང་བཞིན”དང་ལད་ཟློས་རང་བཞིན་གྱི་བསམ་པའི་འཁྱེར་སོའི་ཁྱད་ཆོས་ཡོད། དགེ་རྒན་གྱི་བྱེད་ལུགས་བྱེད་སྟངས་དང་གཏམ་གླེང་བྱ་སྤྱོད་ཚང་མ་སློབ་མས་ལད་མོ་བྱེད་ཡུལ་དུ་འགྱུར་སྲིད། །
སློབ་སྔོན་སློབ་གསོ་མཇུག་རྫོགས་ནས་གསར་དུ་སློབ་གྲྭར་ཞུགས་མ་ཐག་པའི་བྱིས་པ་ནི་ནར་མ་སོན་པའི་སློབ་གསོའི་དུས་རིམ་དུ་གནས་ལ། ཁོ་རང་ཚོའི་ཤེས་ནུས་འཕེལ་རྒྱས་དང་། ཁྱད་པར་དུ་བྱིས་པའི་སྐད་ཆའི་ཤེས་ནུས་དང་གསར་གཏོད་ཤེས་ནུས། དབྱེ་འབྱེད་ཀྱི་ནུས་པ་སོགས་འཕེལ་རྒྱས་འབྱུང་བཞིན་པའི་སྐབས་ཡིན། སློབ་གྲྭར་ཞུགས་མ་ཐག་པའི་ཕྲུ་གུ་ཚོ་ཁྱིམ་ཚང་མི་འདྲ་བ་ནས་ཡོང་བས། ཕྲུ་གུ་ཚོའི་ཁྱིམ་ཚང་གི་ཁོར་ཡུག་དང་། སྤྱི་ཚོགས་ཀྱི་ཁོར་ཡུག རང་ངོས་ཀྱི་བསམ་པའི་འཁྱེར་སོ་དང་། རྨང་གཞི་སོགས་ཀྱི་ཐད་མི་འདྲ་བའི་དབང་གིས་ཁོ་ཚོའི་ཕྱོགས་གང་ཅིའི་ཐད་ལའང་ཧེ་བག་ཆེ་ཙམ་ཡོད། ལ་ལ་སློབ་སྦྱོང་ལ་བརྩོན་ཞིང་སྒྲིག་ལམ་སྲུང་བ་དང་། ལ་ལ་སློབ་སྦྱོང་ལ་མི་དགའ་བ་དང་སྤྱོད་ཚུལ་མི་ལེགས་པས། དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མའི་ཁྲོད་ཀྱི་ཁྱད་པར་ལ་དོ་སྣང་བྱས་ཏེ་དེའི་སྤྱོད་ལམ་དང་གོམས་སྲོལ་བཟང་པོ་གསོ་སྐྱོང་བྱ་དགོས།
སློབ་ཆུང་དུ་ཞུགས་མ་ཐག་པའི་བྱིས་པ་ནི་ལོ་དྲུག་ཡིན་ལ། ཁོ་ཚོའི་སེམས་ཁམས་ཀྱི་ཁྱད་ཆོས་ཀྱིས་བློ་རྩེ་གཅིག་ཏུ་སྒྲིམ་པའི་དུས་ཚོད་ལ་ཡང་ཚད་བཀག་ཡོད། སློབ་ཆུང་སློབ་མའི་འགུལ་བར་དགའ་བ་དང་རིག་པ་སྒྲིམ་མི་ཐུབ་པའི་ཁྱད་ཆོས་ལ་དམིགས་ཏེ། སྤྲོ་སྣང་སློང་བ་ནས་འགོ་བརྩམས་ཏེ་གཟེངས་བསྟོད་དང་སྐུལ་ལྕག་བྱ་རྒྱུ་གཙོ་བོར་བཟུང་ནས་གོམ་པ་རིམ་བགྲོད་ཀྱིས་སློབ་མའི་སློབ་ཁྲིད་ལ་ཉན་པའི་གོམས་གཤིས་བཟང་པོ་འཇགས་སུ་བཅུག་ནས་རང་གཅུན་ནུས་པ་གསོ་སྐྱོང་བྱེད་དགོས། སྤྱོད་འཇུག་ལས“གོམས་ན་སླ་བར་མི་འགྱུར་བའི། ། དངོས་དེ་འགའ་ཡང་ཡོད་མ་ཡིན། །”ཅེས་གསུངས་པ་ལྟར་མྱོང་གོམས་ཀྱི་སྟོབས་ཀྱིས་གོམས་སྲོལ་བཟང་པོར་འགྱུར་བ་ཡིན། རང་གིས་ལོ་འགར་ལོ་རིམ་དམའ་མོར་ཁྲིད་པའི་ཉམས་མྱོང་ལས་ཤེས་རྟོགས་བྱུང་བ་ལྟར་ན། སློབ་ཐུན་སློབ་ཁྲིད་ཁྲོད་དུ་སློབ་མའི་བྱ་སྤྱོད་ལེགས་ཚེ། དགེ་རྒན་གྱིས་དུས་ཐོག་ཏུ་ཁས་ལེན་དང་བསྔགས་བརྗོད་བྱེད་དགོས། དེ་ལྟར་དུས་ཡུན་རིང་པོ་སོང་ན་སློབ་མའི་བྱ་སྤྱོད་ངན་པ་དེ་རིམ་གྱིས་མེད་པར་འགྱུར། སློབ་མའི་སྤྱོད་ཚུལ་བཟང་པོ་འགའ་ཞིག་དགེ་རྒན་གྱིས་ཡང་ཡང་ཁས་ལེན་པའམ་ཡང་ན་བསྔགས་བརྗོད་བྱེད་པའི་གོ་རིམ་ཁྲོད་ནས་སློབ་མ་སྐོར་ཞིག་གི་བྱ་སྤྱོད་ལ་འགྱུར་བ་འབྱུང་བཞིན་ཡོད། སློབ་ཐུན་སྐབས་ཀྱི་གནད་དོན་མང་པོ་ཞིག་ནི་དགེ་རྒན་གྱིས་སློབ་མའི་བྱ་སྤྱོད་བཟང་པོ་ལ་དོ་སྣང་མ་བྱས་པ་ལས་བྱུང་བ་རེད། སློབ་མའི་བསམ་པར་དགེ་རྒན་གྱིས་རང་ཉིད་གྱི་བྱ་སྤྱོད་བཟང་པོ་དང་བྱ་སྤྱོད་ངན་པའི་ཐད་ཁྱད་པར་མངོན་གསལ་དོད་པོ་མེད་པའི་སྐབས་ཁོ་ཚོའི་བྱ་སྤྱོད་ངན་པ་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན། སློབ་ཁྲིད་ཀྱི་ཁྲོད་དུ་སློབ་མར་ལྟ་ཞིབ་མང་ཙམ་བྱས་ཏེ། སེམས་ཀྱི་གཏིང་ནས་སློབ་མ་ཚོའི་བྱ་སྤྱོད་བཟང་པོར་ཤེས་རྟོགས་བྱེད་མཁས་དགོས་པར་མ་ཟད། བྱ་སྤྱོད་བཟང་པོ་དེ་དག་ཐོན་མ་ཐག་ཏུ་གདེང་འཇོག་བཟང་པོ་བྱེད་པ་ལས་སྣང་མེད་དུ་མ་བཞག་ཚེ། སློབ་མར་བྱ་སྤྱོད་བཟང་པོ་སྤེལ་བའི་སྤྲོ་བ་འཕེལ་དུ་བཅུག་ཡོད། ལོ་འགའི་སློབ་ཁྲིད་ལག་ལེན་བརྒྱུད། བདག་གིས་སློབ་མའི་ཕུལ་བྱུང་བྱ་སྤྱོད་ལ་གདེང་འཇོག་ལེགས་པོ་བྱེད་པར་རྒྱུན་མཐུད་རང་བཞིན་དང་མ་ལག་རང་བཞིན་ལྡན། འདི་ལྟར་བྱས་ན་སློབ་མའི་ཕུལ་བྱུང་བྱ་སྤྱོད་དེ་བསྐྱར་ཟློས་ཀྱིས་ཇེ་བཟང་དུ་འགྲོ་བར་ཕན་པ་ཡོད།
གཅིག སློབ་ཁྲིད་ཁྲོད་ཆེད་དུ་སློབ་མར“བཤད་པའི”གོ་སྐབས་སྟེར་དགོས།
ངས་ལོ་མང་རིང་ལྟ་ཞིབ་བྱས་པ་བརྒྱུད་ལོ་རིམ་དང་པོའི་སློབ་མར“བཤད”འདོད་དྲག་པོ་ཡོད་པ་ཤེས་བྱུང་། དེའི་ཕྱིར་ངས་སློབ་ཚན་རེར་སྐར་མ5ཡི་དུས་ཚོད་སྤྱད་དེ་རིམ་གྱིས་སློབ་མ་ཚོར་སྐད་ཆ་བཤད་པའི་སྦྱོང་བརྡར་བྱེད་དུ་འཇུག་བཞིན་ཡོད། སྐད་ཆའི་ནང་དོན་ལ་ཚད་བཀག་མེད་པས། སློབ་མས་རང་གིས་མཐོང་བའི་གཏམ་རྒྱུད་བཤད་ཆོག་པ་དང་། རང་ཉིད་ལ་འཕྲད་པའི་སྤྲོ་སྣང་ལྡན་པའི་དོན་དག་ཀྱང་བཤད་ཆོག སློབ་མ་ཚོར་ཅི་ཞིག་བཤད་འདོད་པ་དེ་བཤད་དུ་བཅུག་ན་སློབ་མ་སྟེགས་བུའི་ཐོག་ཏུ་འབུད་དུས་འཚུབ་ཆའི་སེམས་ཁམས་དེ་ཇེ་ཉུང་དུ་འགྲོ་བ་དང་། སློབ་མ་ཚོ་རང་འགུལ་ངང་སྟེགས་བུའི་ཐོག་ཏུ་བུད་ནས་བག་ཕེབས་ངང་སྐད་ཆ་བཤད་པར་སྦྱོང་བརྡར་བྱེད་དུ་འཇུག་ཐུབ། སྐད་ཆ་བཤད་པའི་གོ་རིམ་ཁྲོད་དུ་ཁོ་ཚོའི་སྐད་ཆ་བཤད་པའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་པར་དོ་སྣང་བྱ་དགོས། ཡུལ་སྐད་ཉེར་སྤྱོད་མི་གཏོང་བར་སྤྱི་སྐད་ཉེར་སྤྱོད་གང་ཐུབ་བྱ་དགོས། སྐད་ཆ་བཤད་དུས་ལྷོད་ཤ་ལྡན་པ་དང་། སྤོབས་པ་ཆེ་བ། གུས་ཞབས་ལྡན་དགོས། སྤོབས་པ་ཆུང་བའི་སློབ་མར་དགེ་རྒན་དང་སློབ་གྲོགས་ཚོས་གར་སྟེགས་གཤམ་དུ་ཐལ་མོའི་རྡེབ་སྒྲ་སྒྲོག་ནས་སྐུལ་ལྕག་བྱེད་དགོས། དེ་ལྟར་བྱས་ན་བཤད་འདོད་པའི་སློབ་གྲོགས་ཚོར་འགྲན་སློང་གི་ཚོར་བ་ཞིག་སྟེར་ཐུབ་པར་མ་ཟད། སྤོབས་པ་ཆུང་བའི་སློབ་གྲོགས་ཚོར་ཡང་སྦྱོང་བརྡར་ཐེབས་ཐུབ།
གཉིས། བརྩེ་སེམས་སྔོན་དུ་བཏང་ནས་སློབ་མ་རྣམས་སྐད་ཆ་བཤད་རྒྱུར་དགའ་དགོས།
དགེ་རྒན་ལི་ཅི་ལིན་གྱིས“སྐད་ཆའི་བྱེ་བྲག་འབྱུང་གནས་ཀྱི་གནས་ཚུལ་ནི། ཚད་ངེས་ཅན་ཞིག་གི་ཁྲོད་ནས་སྐད་བརྡའི་ཀུན་སློང་བྱུང་བ་དང་། སྐད་ཆའི་རྒྱུ་ཆ་འདོན་སྤྲོད་བྱས་ནས་སྐད་བརྡའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ” ཅེས་བཤད་པ་ལྟར། སློབ་མར་ཐབས་མཁས་འབྲེལ་འདྲིས་ཀྱི་ཁོར་ཡུག་བཙུགས་ཏེ། སློབ་མ་རྣམས་སྤྲོ་བ་ཆེན་པོས་རང་འགུལ་སྒོས་སྐད་ཆ་བཤད་པའི་སྦྱོང་བརྡར་ཁྲོད་དུ་ཞུགས་སུ་འཇུག་པ་དང་། ཧུར་ཐག་གིས་ལྟ་ཞིབ་དང་། བསམ་གཞིགས། འཆར་སྒོ་སྣ་མང་ཅན་དུ་བཏང་ན། ད་གཟོད་ཁོ་ཚོས་བཤད་པའི་སྐད་ཆ་ཆུ་ཕྲན་ཞིག་དང་འདྲ་བར་སེམས་ཀྱི་ཞིང་ཁར་བཞུར་ནས་འདྲེས་འོང་བ་རེད། དགེ་རྒན་གྱིས་ལོ་རིམ་དམའ་བའི་སློབ་མའི་ཁྱད་ཆོས་ལ་གཞིགས་ཏེ་སྤྲོ་བ་ཅན་གྱི་པར་རིས་དང་། གཏམ་རྒྱུད། སྲོག་ཆགས། རོལ་རྩེད་བཅས་བདམས་ནས་ཁོ་ཚོའི་སྤྲོ་སྣང་སློང་དགོས། དཔེར་ན། ལོ་རིམ་དང་པོའི་སྨད་ཆ་ལས《རང་ནུས་སྦྱོང་བ》ཞེས་པའི་རྩོམ་ཡིག་དེ་སློབ་སྦྱོང་བྱས་ཚར་བའི་སྐབས་སུ། ངས“རང་ནུས་སྦྱོང་བའི་བྱ་རིགས་གཞན་པ་ད་དུང་ཅི་ཞིག་ཡོད”ཅེས་དྲིས་པར། ཕྲུ་གུ་ཚོས་དུས་ཐུང་ནང་བསམ་བློ་བཏང་རྗེས་ཕུལ་བྱུང་གི་ཚིག་མང་པོ་སྦྱངས་པ་དང་། ལ་ལས་སྔར་བསླབ་ཟིན་པ་དང་འབྲེལ་བའི་གབ་ཚིག “མགོ་ན་བྱུ་རུའི་ཅོད་པན་མཛེས། །ལུས་ལ་ཚོན་ཁྲའི་གོས་གྱིས་བརྒྱན། །ངག་ནས་སྙན་པའི་གླུ་དབྱངས་ལེན། །ཞོགས་པར་མི་རྣམས་གཉིད་ལས་སློང་། །”ཞེས་གྱེར། ད་དུང་སློབ་ཚན་མང་པོ་ཞིག་བསླབ་ཚར་རྗེས་ཕྲུ་གུ་ཚོར་རང་ཉིད་ཀྱི་སྐད་ཆའི་ཐོག་ནས་གཏམ་རྒྱུད་བཤད་དུ་འཇུག་པ་དང་ཚོགས་ཆུང་བཙུགས་ནས་འཁྲབ་ཏུ་འཇུག་པ་དཔེར་ན།《སྟག་འཇིགས་ཝས་འཁྱེར》དང《བོང་ཤ་བཙོང་བ》སོགས་ལྟ་བུ། དེ་ལྟར་བྱས་ཚེ་སློབ་ཕྲུག་ཚོས་གཏམ་རྒྱུད་ཉན་པ་དང་། གཏམ་རྒྱུད་བཤད་པ། གཏམ་རྒྱུད་འཁྲབ་སྟོན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་སྐད་ཆ་བཤད་པའི་སྤྲོ་སྣང་དང་རེ་འདོད་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་འགྲོ་བ་ཡིན།
གསུམ། བོད་ཡིག་གི་ཡིག་གཟུགས་ལ་རྒྱུས་མངའ་ཡོད་པའི་ཡི་གེ་འབྲི་བར་རྨང་གཞི་འདིང་དགོས།
ཐོག་མར་སློབ་མ་རྣམས་ལ་དཔེ་དེབ་ལ་ལྟ་སྟངས་དང་། ཡི་གེ་འབྲི་སྟངས། མྱུ་གུ་འཛིན་སྟངས་བཅས་ཇི་འདྲ་ཞིག་ཡིན་པ་ཤེས་སུ་འཇུག་དགོས། དགེ་རྒན་གྱིས་ཡུན་རིང་ལ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་མུ་མཐུད་དེ་ལོ་རིམ་དང་པོ་ནས་ཞ་སྨྱུག་སྤྱོད་པ་དང་། ཤོག་བུ་དང་སྦྱངས་ཤིང་བསེགས་ལ་གཉེར་བ། སྒྲོག་ཙེ་སྟེང་སྦོ་ཉལ་བྱས་ཏེ་འབྲི་བའི་སྲོལ་ངན་དག་བསྒྱུར་ཏེ། སྨྱུ་གུའི་འཛིན་ལུགས་དང་། ལུས་པོའི་སྡོད་སྟངས་ནས་འགོ་རྩོམ་རྒྱུ་གལ་ཆེ། གཞུང་ལུགས་དང་བྲིས་རྒྱུན་གོམས་སྲོལ་ལ་བརྟེན་ནས་སྨྱུ་གུ་འཛིན་སྟངས་དང་། སྨྱུག་ཁ་སྐོར་སྟངས། ཐིག་ཚད་ལེན་སྟངས། སྨྱུག་ཁམ་འཇོག་སྟངས། མཐེབ་རིལ་སྐོར་སྟངས། སྨྱུག་རིམ་གྱི་སྔ་གཞུག་སོགས་ལ་བརྟེན་ནས་ཡི་གེའི་གཟུགས་ཇི་ལྟར་ཐོན་པ་ཞིག་ཡོང་བར་དམིགས་ནས། གནད་དོན་དེ་དག་ལ་དམ་འཛིན་གྱིས་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་པའི་སློབ་གསོ་གཏོང་དགོས་ལ། སློབ་མར་རེ་བ་ནན་ཏན་འདོན་པ་དང་། རྒྱུན་དུ་དྲན་སྐུལ་བྱེད་པ། ནོར་སྐྱོན་མཐོང་ན་སྐབས་འཕྲལ་ཡོ་བསྲང་བྱེད་པ་སོགས་བྱེད་དགོས་སོ། དེ་ལྟར་བྱས་ན། དགེ་རྒན་གྱིས་ཕྱིས་སུ་གནད་ལ་ཁེལ་བའི་བོད་ཡིག་གི་སྐད་བརྡ་སྤྱད་དེ་གནད་ལ་ཁེལ་ཞིང་ཞིབ་ཚགས་པའི་ཡི་གེ་འབྲི་བའི་མཛུབ་སྟོན་བྱེད་པར་དགོས་ངེས་ཀྱི་རྨང་གཞི་འདིང་ཐུབ།
བཞི། སློབ་མས་ཡི་གེ་འབྲི་བར་སྤྲོ་སྣང་སློང་དགོས།
འགྲན་བསྡུར་གྱིས་སློབ་མའི་ཡིག་གཟུགས་སྦྱོང་བའི་བརྩོན་སེམས་སྐུལ་སློང་བྱེད་ཐུབ་པར་མ་ཟད། ད་དུང་སློབ་མའི་འགྲན་རྩོད་ཀྱི་འདུ་ཤེས་ལེགས་པོ་དང་། སློབ་གྲོགས་བར་ཕན་ཚུན་མཉམ་ལས་བྱེད་པའི་ཐུན་མོང་གི་འདུ་ཤེས་གསོ་སྐྱོང་བྱེད་ཐུབ། ① ལས་བྱའི་སྐར་རིམ་ལམ་ལུགས་འཛུགས་པ། རྒྱུན་ལྡན་གྱི་ལས་བྱའི་ཡིག་གཟུགས་ཡག་འདུག་གི་སྐར་རིམ་ལྟར། སློབ་མཇུག་ཏུ་ཡང་བསྐྱར་སྐར་མ་རིམ་པའི་ལས་བྱ་འདེམས་པ་དང་འབྲེལ་ཡོད་བྱ་དགའ་སྤྲོད་དགོས། ② འགྲན་བསྡུར་ཚོ་ཆུང་འཛུགས་པ། ཡི་གེ་འབྲི་བའི་སློབ་ཁྲིད་རེ་རེའི་སྟེང་དུ་ཚོ་ཆུང་བགར་ཏེ་ཡི་གེ་འབྲི་བའི་འགྲན་བསྡུར་བྱེད་དགོས། ③ སྒེར་གྱི་འགྲན་བསྡུར་སྤེལ་བ། སྡེ་ཚན་རེ་རེའི་མཇུག་ཏུ་ཡིག་གཟུགས་འབྲི་བའི་འགྲན་བསྡུར་རེ་སྤེལ་བ་དེ། སློབ་སྦྱོང་ལྡུམ་ར་རུ་འགྲེམ་སྟོན་བྱེད་པ། ཡར་ཐོན་བྱ་དགའ་ཐོབ་པའི་སློབ་མ་རྣམས་ལ་ཡང་དམིགས་ཀྱིས་བཀར་ནས་གཟེངས་བསྟོད་བྱེད་དགོས།
ལྔ། སློབ་མར་མིག་དཔེ་བཟང་པོ་ཞིག་སྟོན་དགོས།
རྗེ་ཙོང་ཁ་བས“ཁྱོད་ཀྱི་རྗེས་སུ་སློབ་པ་ན། །རྒུད་པ་ཐམས་ཅད་རིང་དུ་གྱུར། །”ཞེས་གསུངས་པ་ལྟར། དགེ་རྒན་གྱིས་རང་དཔེ་གཞན་སྟོན་བྱེད་པ་ནི་སློབ་མར་མཚོན་ན་སྒྲ་མེད་པའི་ཁྲིད་སྟོན་ཡིན་ལ། དགེ་རྒན་གྱི་མིག་དཔེའི་ནུས་པས་སློབ་མར་དམིགས་བསལ་གྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། དུས་རྒྱུན་གྱི་སློབ་ཁང་དུ་ནག་པང་ཇུས་འགོད་དང་། ལས་བྱར་ལྟ་སྐབས་སོགས་ལ་ཡིག་གཟུགས་འབྲི་བར་དོ་སྣང་བྱེད་དགོས། སློབ་ཆུང་སློབ་མ་ལ“དགེ་རྒན་གྱི་ཕྱོགས་འཛིན་རང་བཞིན”དང་ལད་ཟློས་རང་བཞིན་གྱི་བསམ་པའི་འཁྱེར་སོའི་ཁྱད་ཆོས་ཡོད། དགེ་རྒན་གྱི་བྱེད་ལུགས་བྱེད་སྟངས་དང་གཏམ་གླེང་བྱ་སྤྱོད་ཚང་མ་སློབ་མས་ལད་མོ་བྱེད་ཡུལ་དུ་འགྱུར་སྲིད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注