ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་རགས་ཙམ་གླེང་བ།
མཚན་ལྡན་དབང་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།
བྱིས་པ་གསོ་སྐྱོང་ལེགས་པོ་ཞིག་བྱ་དགོས་ན་སྤྱི་ཚོགས་དང་སློབ་གྲྭ ཁྱིམ་ཚང་བཅས་ཀྱི་ནུས་པ་བླ་ལྷག་ཅིག་འདོན་དགོས་པ་ནི་རྩོད་མེད་ཡོངས་གྲགས་ཀྱི་ཐུན་མོང་གི་ངོས་ཟིན་ཞིག་རེད། དེ་ནི་བྱིས་པ་དེ་དག་ཤེས་བྱ་དང་ཀུན་སྤྱོད་ལྡན་པ། གསར་གཏོད་བྱེད་ཕོད་པ་སོགས་ཀྱི་མི་སྣ་ཞིག་ཏུ་གསོ་སྐྱོང་ཇི་ལྟར་བྱ་དགོས་ཞེ་ན། བྱིས་པའི་འཚོ་བ་དང་སློབ་སྦྱོང་གི་གནད་དོན་གཙོ་བོ་ནི་ཁྱིམ་ཚང་དང་ཕ་མར་ཐུག་ཡོད། ཕ་མ་ནི་མི་ཚེའི་ཁྲོད་ཀྱི་དགེ་རྒན་ཐོག་མ་དེ་ཡིན་ཟེར་བ་ལྟར། ཁྱིམ་ཚང་དང་ཕ་མས་བྱིས་པའི་སེམས་ཁམས་བདེ་ཐང་དང་སློབ་སྦྱོང་། གཤིས་ཀ་གསོ་སྐྱོང་སོགས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། དེ་བས། ཕ་མས་བྱིས་པར་འཆམ་མཐུན་དང་དྲོད་ཁོལ་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཇི་ལྟར་བསྐྲུན་པར་འབད་འབུངས་ལྷོད་མེད་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ།དང་པོ། ཁྱིམ་ཚང་སློབ་གསོར་གོ་བ་ཇི་ལྟར་ལེན་ཚུལ།དེ་ཡང་ཁྱིམ་བདག་མང་པོ་ཞིག་གིས་རྟག་པར་བུ་ཕྲུག་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ཚུལ་དང་། སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་བྱེད་དགོས་ཚུལ། སྒྲིག་ལམ་ཡག་པོ་སྲུང་དགོས་ཚུལ་སོགས་བཤད་པ་ལས་སློབ་སྦྱོང་ཇི་ལྟར་བྱེད་དགོས་པ་དང་། ཐབས་ཤེས་གང་འདྲ་སྤྱོད་དགོས་པ། ཇི་ལྟར་བྱས་ན་རྩོད་པ་མི་ཡོང་བ་དང་རྩོད་པ་བྱུང་ཚེ་ཇི་ལྟར་ཐག་གཅོད་དགོས་པ། དེ་བཞིན་སྒྲིག་ལམ་ཇི་ལྟར་སྲུང་དགོས་པ་སོགས་ལ་བསམ་གཞིག་དེ་ཙམ་བྱེད་ཀྱིན་མེད། དོན་དམ་དུ་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་སློབ་གྲྭའི་སློབ་གསོ་དང་འདྲ་བར་སློབ་གསོའི་རིག་ཚན་རང་བཞིན་དང་གཏན་ཚིགས་རང་བཞིན་ལྡན་དགོས་པ་ཞིག་རེད།གཅིག་ནས་ཁྱིམ་བདག་གིས་བུ་ཕྲུག་གི་སྨྲ་བརྗོད་དང་སྤྱོད་ལམ། ཤེས་བྱ་བཅས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་མིག་དཔེ་སྟོན་པ་དང་སྐུལ་སློང་བྱེད་རྒྱུ་གོམས་གཤིས་ཅན་དུ་འགྱུར་དགོས་པ་དང་། གཉིས་ནས་བྱིས་པའི་དགའ་ཕྱོགས་དང་བསྟུན་ནས་ཁོ་ཚོའི་ནང་སེམས་ཀྱི་མི་མངོན་པའི་ནུས་པ་དེ་སྔོག་འདོན་དང་གསོ་སྐྱོང་བྱེད་དགོས། འདིའི་ཐད་ནས་སློབ་གསོ་མཁས་ཅན་ཏུའུ་ཝེ་ཡིས“སློབ་གསོ་ཞེས་པ་ངེས་པར་བྱིས་པའི་སེམས་ཁམས་ཀྱི་དགའ་ཕྱོགས་དང་ནུས་པ། གོམས་གཤིས་བཅས་ནས་འགོ་ཚུགས་དགོས་པ་དང་ཕྱོགས་དེ་དག་ལ་བསམ་གཞིག་དང་ཤེས་རྟོགས་གང་མང་བྱ་དགོས”ཞེས་གསུངས་པ་ནི་ངེས་པ་དོན་ལ་གནས་པའི་གཏམ་ཞིག་ཡིན་པར་འཁུམས། གསུམ་ནས་ཁྱིམ་ཚང་དང་སློབ་གྲྭས་སློབ་མར་དུས་རྒྱུན་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ་སློབ་མའི་ཀུན་སྤྱོད་ལ་དོ་སྣང་མང་ཙམ་བྱ་དགོས། སློབ་མ་འཇོན་ཐང་དང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གྲྭ་ཁོ་ནའི་འགན་ཁུར་ཞིག་མ་ཡིན་པར་ངེས་པར་ཁྱིམ་བདག་དང་ཟུང་འབྲེལ་བྱ་དགོས།ཁྱིམ་བདག་ཚོས་ཁྱིམ་ཚང་སློབ་གསོར་གོ་བ་ཡང་དག་ལེན་དགོས་པ་དང་དེའི་དམིགས་ཡུལ་དང་བྱེད་ཐབས་སོགས་ལ་བསམ་གཞིག་ཡང་ཡང་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། སློབ་གསོ་རིག་པའི་མཁས་པ་མང་པོས་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་ཡང་དག་པའམ་སྐྱོན་དང་བྲལ་བའི་མི་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ཞེས་པའི་བཞེད་དགོངས་བཏོན་མྱོང་། འོན་ཀྱང་། ཁྱིམ་བདག་འགའ་རེས་དགོངས་ཚུལ་དེར་མོས་མཐུན་བྱེད་ཀྱིན་མེད། དེར་བརྟེན་ཁྱིམ་བདག་རང་ངོས་ནས་ཐོག་མར་སློབ་གསོར་ངོས་འཛིན་ཡང་དག་པ་དང་གསལ་ཐག་ཆོད་པ་ཞིག་ཡོང་བར་བྱ་རྒྱུ་ནི་གལ་ཆེ་བར་འདོད།གཉིས་པ། ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ།སློབ་གསོའི་འདུ་ཤེས་ཚད་ལྡན་དུ་བཏང་ནས་ཁྱིམ་ཚང་སློབ་གསོའི་གཅིག་གྱུར་གྱི་ལྟ་བ་རྒྱ་ཆེར་ཁྱབ་གདལ་དུ་གཏོང་དགོས། ཁྱིམ་བདག་གིས་སློབ་མ་ལ་ཡིད་ཆེས་སྟེར་ཐུབ་ལ། བྱིས་པ་དཀའ་སྡུག་ལ་འཕྲད་པའི་སྐབས་སུ་ཁོ་ཚོས་ཡིད་ཆེས་བྱེད་ཆོག་པའི་མི་དེ་ཡིད་ལ་ཐོག་མར་དྲན་སྲིད་པས་ཆེས་ཐོག་མར་ཕ་མ་ཡིད་ལ་དྲན་སྲིད། ཕྱོགས་གཞན་ནས་ཁྱིམ་ཚང་སློབ་གསོའི་ལྟ་བ་གཅིག་གྱུར་ཡིན་ན་སློབ་མའི་སེམས་ཁམས་བདེ་ཐང་ཡོང་བར་ཕན་པ་ངེས་ཅན་ཡོད། དེ་བས། ཕ་མ་དག་གིས་དུས་རྒྱུན་སློབ་གསོའི་ལྟ་བར་བསམ་གཞིག་ནན་མོ་གཏོང་དགོས་པར་མ་ཟད་ཁྱིམ་ཚང་སློབ་གསོ་དེ་ཚན་རིག་རང་བཞིན་དང་གཏན་ཚིགས་རང་བཞིན་ལྡན་པ་ཞིག་ཡིན་ཕྱིན། སློབ་མའི་འཕེལ་རྒྱས་ལ་དྲང་ཕྱོགས་ནས་ཕན་ནུས་མངོན་གསལ་ཅན་ཐོན་ཐུབ། དེ་བས། རྗེས་ལུས་དང་མཁྲེགས་འཛིན། རྙིང་ཞེན་གྱིས་གོས་པའི་བསམ་བློ་མཐའ་དག་ངེས་པར་དུ་འདོར་དགོས། དེ་མིན། ཁྱིམ་ཚང་ཕན་ཚུན་བར་གྱི་འབྲེལ་འདྲིས་ཐབས་ལམ་ལ་མཉམ་འཇོག་བྱ་དགོས། ཁྱིམ་ཚང་སློབ་གསོའི་འདུ་ཤེས་དང་ཐབས་ལམ་གཅིག་གྱུར་བྱས་ཏེ་ཁྱིམ་མི་ཕན་ཚུན་བར་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བའམ་དེང་རབས་ཅན་ལ་ཕྱོགས་ཆེ་ན་སློབ་མའི་སེམས་ཁམས་བདེ་ཐང་ལ་ལྡོག་ཕྱོགས་ཀྱི་ནུས་པ་འདོན་པར་བཀག་འགོག་ཐེབས་སྲིད། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཕྱོགས་ལྷུང་མ་ཡིན་པའི་སྒོ་ནས་ཁྱིམ་ཚང་སློབ་གསོའི་འཕེལ་རྒྱས་ཀྱི་འདུ་ཤེས་དེ་ཡིད་ལ་བརྟན་པོར་འཇགས་པར་བྱེད་དགོས།ཁྱིམ་ཚང་སློབ་གསོའི་ཁྲོད་བྱིས་པ་ཕྱོགས་ཡོང་ནས་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་དགོས་ན། སློབ་སྦྱོང་གཅིག་པུ་གཙིགས་སུ་མི་འཛིན་པར་བྱིས་པའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་དགའ་ཕྱོགས་གསོ་སྐྱོང་བྱས་ནས་སློབ་སྦྱོང་གི་གནོན་ཤུགས་ཇེ་ཆུང་དང་དེ་མིན་ཁྱིམ་བདག་གིས་བྱིས་པར་དགེ་སློབ་བར་གྱི་འབྲེལ་འདྲིས་དང་སྤྱི་ཚོགས་བར་གྱི་འབྲེལ་འདྲིས་ཀྱི་ནུས་པར་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་དང་སྐུལ་མ་བྱེད་དགོས། རྒྱུན་པར་ཁྱིམ་དུ་བཀག་ནས་མི་འཇོག་པར་ཕྱི་རོལ་གྱི་ངོ་མཚར་བའི་འཇིག་རྟེན་ལ་བལྟ་རུ་བཅུག་སྟེ་ཤེས་རྟོགས་ཀྱི་མིག་རྒྱ་ཇེ་ཡངས་དང་། ཀུན་སྤྱོད་དང་མི་གཞི་གསོ་སྐྱོང་། ཕུགས་བསམ་མངོན་འགྱུར་སོགས་ཀྱང་ཁྱིམ་ཚང་སློབ་གསོའི་བྱེ་བྲག་ཏུ་བཞག་སྟེ། བྱིས་པའི་སློབ་གསོ་སློབ་གྲྭ་གཅིག་པུར་མི་བརྟེན་པར་ཁྱིམ་ཚང་སློབ་གསོ་ལ་མཐོང་ཆེན་དང་ཤུགས་སྣོན་ཆེན་པོ་བྱེད་དགོས། དེ་ནི་མ་འོངས་པར་བྱིས་པ་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་དང་ཐོག་མའི་རྨང་གཞི་གལ་ཆེ་ཤོས་ཤིག་ཀྱང་རེད།གསུམ་པ། ཁྱིམ་ཚང་སློབ་གསོ་ཚད་དང་ལྡན་པ་གཏོང་དགོས།བྱིས་པ་ནི་མ་གཞི་ནས་མི་གཞན་གྱི་ལྟ་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས་དེ་ནི་བརྟན་བརླིང་དང་བདེ་འཇགས་ཀྱི་ཁོར་ཡུག་ཅིག་ཏུ་ནར་སོན་དགོས། ཁྱིམ་ཚང་གི་ཁོར་ཡུག་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞིང་། ཁྱིམ་མིའི་བར་གྱི་འབྲེལ་བའི་ལེགས་ཉེས་དང་། ཁྱིམ་ཚང་གི་སློབ་གསོ་གཏོང་སྟངས་འགྲིག་མིན་དེས་བྱིས་པའི་མི་ཚེ་ཧྲིལ་པོའི་ནང་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། ཁྱིམ་ཚང་ནང་དུ་ནང་མི་ཕན་ཚུན་འཆམ་ཞིང་མཐུན་པ་དང་ཕ་མ་གཉིས་ཀྱི་གཤིས་ཀའང་འཇམ་པོ་ཞིག་ཡིན་ན། ཁྱིམ་ཚང་དེས་མི་གཤིས་འཇམ་ཞིང་སྤྱོད་ལམ་ལེགས་པའི་བྱིས་པ་གཞུང་དྲང་ཡ་རབས་གསོ་སྐྱོང་བྱ་ཐུབ།གལ་སྲིད་ཕ་མ་གཉིས་མི་མཐུན་པའམ་ཡང་ན་བྱིས་པར་དོ་དམ་དང་སློབ་གསོ་ཡག་པོ་མི་གཏོང་བར་བྱམས་དྲགས་པའི་གནས་ཚུལ་ཐོན་པ་དང་། ཕ་མ་གཉིས་ཀྱི་སློབ་གསོ་གཏོང་སྟངས་གཅིག་མཐུན་མ་བྱུང་ན་རྒྱུན་ལྡན་ངང་འཚར་ལོངས་འབྱུང་མི་ཐུབ་པར་མ་ཟད། གཤིས་ཀ་གྱོང་བོ་ཅན་དང་སེམས་ཁམས་བདེ་ཐང་མིན་པའི་རིགས་ཀྱང་འབྱུང་སླ། ཁྱིམ་ཚང་སློབ་གསོ་དམ་དྲགས་པ་དང་འཆར་ཡན་གྱི་བསམ་བློ་ཚོད་འཛིན་བྱས་དྲགས་ན་འཚར་ལོངས་ཁྲོད་བཤད་ཕོད་པ་དང་སྒྲུབ་ཕོད་པའི་མི་ཞིག་ཏུ་འགྱུར་བར་བཀག་འགོག་ཐེབས་སྲིད། གཞན་ད་དུང་གཤིས་ཀ་ཀུན་དང་མི་མཐུན་པར་མ་ཟད། ཁ་གྲག་རྒྱུར་མི་དགའ་བ་དང་དོགས་པ་ཟ་སླ་བ། ཐུན་མོང་གི་བྱ་འགུལ་དང་རྩེད་མོར་མི་དགའ་བར་རྟག་པར་གྲོགས་མེད་དུ་ལུས་པའི་སྣང་བ་འཆར་སྲིད། གཞན་བྱིས་པ་ལ་དོ་དམ་སློབ་གསོ་གཏོང་རྒྱུ་དམ་དྲགས་ན་ལན་སློག་པ་དང་ངན་པ་མཁྲེགས་འཛིན་དང་དགྲ་འཛིན་གྱི་བསམ་བློ་ཡང་སྐྱེ་སྲིད། དེ་བས། ཁྱིམ་ཚང་གི་སློབ་གསོ་འོས་འཚམས་ཤིག་མ་བཏང་བར་བྱམས་དྲགས་པའམ་ཡང་ན་ངན་པ་ལང་ཤོར་དུ་བཏང་ན་མི་གཞན་ལ་བརྟེན་ཆེ་བ་དང་འཚོ་བའི་ཐོག་རང་རྐྱ་འཕེར་མི་ཐུབ།ཐུན་མོང་གི་འཚོ་བར་སྤྲོ་བ་ཉམས་པ་དང་རང་གི་འདོད་བློ་བཞིན་བྱ་བ་མ་བསྒྲུབ་ཚེ་ངུ་བ་དང་འགྲེ་ལོག་རྒྱག་པའམ་ཟ་མ་མི་ཟ་བ་སོགས་ཀྱི་སྤྱོད་ངན་གང་མང་སྤེལ་སྲིད།གང་ལྟར་བརྒྱ་བཤད་ཚིག་གི་མདོ་རྩ་ནི་གཙོ་བོ་བྱིས་པའི་རྒྱུད་ལ་ལུགས་མཐུན་དཔྱོད་པའི་རིག་སྟོབས་དང་། མི་ཚེའི་འཕྲང་ལམ་རིང་མོའི་ཁྲོད་ཀྱི་བྱ་བ་མཐའ་དག་ལ་ཁ་གཏད་གཅོག་པའི་ཐབས་ལམ་ཞིག་དང་ལག་ལེན་དངོས་ནང་གནད་དོན་ཐག་གཅོད་བྱེད་ནུས་པའི་འཇོན་ནུས་ཤིག་རྒྱུད་ལ་འབྱོར་ན། སློབ་གསོའི་དགོས་པ་མཐར་ཐུག་ཀྱང་དེ་ཡིན། བོད་ཀྱི་གཏམ་དཔེར“རྟ་བཟང་རྟེའུ་ནས་བཟུང་། མི་བཟང་ཆུང་ནས་གསོ”ཟེར་བ་ལྟར་དེ་ཡང་ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན་པས་ཆུང་བྱིས་པའི་དུས་ཀྱི་ཕ་མའི་ཤུགས་རྐྱེན་བཟང་ངན་དེས་སློབ་མའི་མ་འོངས་པར་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད། བྱིས་པ་ཞིག་ལ་ཆ་མཚོན་ནས་བཤད་ན་ཕ་མས་བཞག་པའི་སློབ་གསོའི་ཤུགས་རྐྱེན་ནི་མི་ཚེའི་ནང་གི་ཆེས་ཐོག་མའི་སློབ་གསོའི་རྨང་གཞི་ཡིན་པར་མ་ཟད། འབྱུང་འགྱུར་གྱི་མི་ཚེའི་ཁྲོད་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ་བཅས་ཀྱི་སྲོག་ཤིང་ཡང་ཡིན། ཁྱིམ་ཚང་སློབ་གསོ་ནི་ཕ་མའི་སློབ་གསོ་ཡིན་ལ་ཕ་མའི་སློབ་གསོ་ནི་ཁྱིམ་ཚང་སློབ་གསོའི་གཞི་རྟེན་ཡང་ཡིན། དེར་བརྟེན། ཁྱིམ་བདག་ཚོས་འཚོ་བ་དངོས་ནང་གོང་གསལ་གྱི་སློབ་གསོའི་བྱེད་ཐབས་ཁག་ལ་བསམ་གཞིག་དང་བྱ་ཐབས་གསར་པ་མུ་མཐུད་དུ་བཙལ་ན། ད་གཟོད་ཕྲུ་གུ་རྣམས་ལ་འཚར་ལོངས་འབྱུང་སའི་ཁོར་ཡུག་བཟང་པོ་ཞིག་དང་རྨང་གཞི་བཟང་པོ་ཞིག་འདིང་ཐུབ་པ་ཡིན་ནོ། །
བྱིས་པ་གསོ་སྐྱོང་ལེགས་པོ་ཞིག་བྱ་དགོས་ན་སྤྱི་ཚོགས་དང་སློབ་གྲྭ ཁྱིམ་ཚང་བཅས་ཀྱི་ནུས་པ་བླ་ལྷག་ཅིག་འདོན་དགོས་པ་ནི་རྩོད་མེད་ཡོངས་གྲགས་ཀྱི་ཐུན་མོང་གི་ངོས་ཟིན་ཞིག་རེད། དེ་ནི་བྱིས་པ་དེ་དག་ཤེས་བྱ་དང་ཀུན་སྤྱོད་ལྡན་པ། གསར་གཏོད་བྱེད་ཕོད་པ་སོགས་ཀྱི་མི་སྣ་ཞིག་ཏུ་གསོ་སྐྱོང་ཇི་ལྟར་བྱ་དགོས་ཞེ་ན། བྱིས་པའི་འཚོ་བ་དང་སློབ་སྦྱོང་གི་གནད་དོན་གཙོ་བོ་ནི་ཁྱིམ་ཚང་དང་ཕ་མར་ཐུག་ཡོད། ཕ་མ་ནི་མི་ཚེའི་ཁྲོད་ཀྱི་དགེ་རྒན་ཐོག་མ་དེ་ཡིན་ཟེར་བ་ལྟར། ཁྱིམ་ཚང་དང་ཕ་མས་བྱིས་པའི་སེམས་ཁམས་བདེ་ཐང་དང་སློབ་སྦྱོང་། གཤིས་ཀ་གསོ་སྐྱོང་སོགས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། དེ་བས། ཕ་མས་བྱིས་པར་འཆམ་མཐུན་དང་དྲོད་ཁོལ་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཇི་ལྟར་བསྐྲུན་པར་འབད་འབུངས་ལྷོད་མེད་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ།
དང་པོ། ཁྱིམ་ཚང་སློབ་གསོར་གོ་བ་ཇི་ལྟར་ལེན་ཚུལ།
དེ་ཡང་ཁྱིམ་བདག་མང་པོ་ཞིག་གིས་རྟག་པར་བུ་ཕྲུག་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ཚུལ་དང་། སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་བྱེད་དགོས་ཚུལ། སྒྲིག་ལམ་ཡག་པོ་སྲུང་དགོས་ཚུལ་སོགས་བཤད་པ་ལས་སློབ་སྦྱོང་ཇི་ལྟར་བྱེད་དགོས་པ་དང་། ཐབས་ཤེས་གང་འདྲ་སྤྱོད་དགོས་པ། ཇི་ལྟར་བྱས་ན་རྩོད་པ་མི་ཡོང་བ་དང་རྩོད་པ་བྱུང་ཚེ་ཇི་ལྟར་ཐག་གཅོད་དགོས་པ། དེ་བཞིན་སྒྲིག་ལམ་ཇི་ལྟར་སྲུང་དགོས་པ་སོགས་ལ་བསམ་གཞིག་དེ་ཙམ་བྱེད་ཀྱིན་མེད། དོན་དམ་དུ་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་སློབ་གྲྭའི་སློབ་གསོ་དང་འདྲ་བར་སློབ་གསོའི་རིག་ཚན་རང་བཞིན་དང་གཏན་ཚིགས་རང་བཞིན་ལྡན་དགོས་པ་ཞིག་རེད།
གཅིག་ནས་ཁྱིམ་བདག་གིས་བུ་ཕྲུག་གི་སྨྲ་བརྗོད་དང་སྤྱོད་ལམ། ཤེས་བྱ་བཅས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་མིག་དཔེ་སྟོན་པ་དང་སྐུལ་སློང་བྱེད་རྒྱུ་གོམས་གཤིས་ཅན་དུ་འགྱུར་དགོས་པ་དང་། གཉིས་ནས་བྱིས་པའི་དགའ་ཕྱོགས་དང་བསྟུན་ནས་ཁོ་ཚོའི་ནང་སེམས་ཀྱི་མི་མངོན་པའི་ནུས་པ་དེ་སྔོག་འདོན་དང་གསོ་སྐྱོང་བྱེད་དགོས། འདིའི་ཐད་ནས་སློབ་གསོ་མཁས་ཅན་ཏུའུ་ཝེ་ཡིས“སློབ་གསོ་ཞེས་པ་ངེས་པར་བྱིས་པའི་སེམས་ཁམས་ཀྱི་དགའ་ཕྱོགས་དང་ནུས་པ། གོམས་གཤིས་བཅས་ནས་འགོ་ཚུགས་དགོས་པ་དང་ཕྱོགས་དེ་དག་ལ་བསམ་གཞིག་དང་ཤེས་རྟོགས་གང་མང་བྱ་དགོས”ཞེས་གསུངས་པ་ནི་ངེས་པ་དོན་ལ་གནས་པའི་གཏམ་ཞིག་ཡིན་པར་འཁུམས། གསུམ་ནས་ཁྱིམ་ཚང་དང་སློབ་གྲྭས་སློབ་མར་དུས་རྒྱུན་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ་སློབ་མའི་ཀུན་སྤྱོད་ལ་དོ་སྣང་མང་ཙམ་བྱ་དགོས། སློབ་མ་འཇོན་ཐང་དང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གྲྭ་ཁོ་ནའི་འགན་ཁུར་ཞིག་མ་ཡིན་པར་ངེས་པར་ཁྱིམ་བདག་དང་ཟུང་འབྲེལ་བྱ་དགོས།
ཁྱིམ་བདག་ཚོས་ཁྱིམ་ཚང་སློབ་གསོར་གོ་བ་ཡང་དག་ལེན་དགོས་པ་དང་དེའི་དམིགས་ཡུལ་དང་བྱེད་ཐབས་སོགས་ལ་བསམ་གཞིག་ཡང་ཡང་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། སློབ་གསོ་རིག་པའི་མཁས་པ་མང་པོས་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་ཡང་དག་པའམ་སྐྱོན་དང་བྲལ་བའི་མི་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ཞེས་པའི་བཞེད་དགོངས་བཏོན་མྱོང་། འོན་ཀྱང་། ཁྱིམ་བདག་འགའ་རེས་དགོངས་ཚུལ་དེར་མོས་མཐུན་བྱེད་ཀྱིན་མེད། དེར་བརྟེན་ཁྱིམ་བདག་རང་ངོས་ནས་ཐོག་མར་སློབ་གསོར་ངོས་འཛིན་ཡང་དག་པ་དང་གསལ་ཐག་ཆོད་པ་ཞིག་ཡོང་བར་བྱ་རྒྱུ་ནི་གལ་ཆེ་བར་འདོད།
གཉིས་པ། ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ།
སློབ་གསོའི་འདུ་ཤེས་ཚད་ལྡན་དུ་བཏང་ནས་ཁྱིམ་ཚང་སློབ་གསོའི་གཅིག་གྱུར་གྱི་ལྟ་བ་རྒྱ་ཆེར་ཁྱབ་གདལ་དུ་གཏོང་དགོས། ཁྱིམ་བདག་གིས་སློབ་མ་ལ་ཡིད་ཆེས་སྟེར་ཐུབ་ལ། བྱིས་པ་དཀའ་སྡུག་ལ་འཕྲད་པའི་སྐབས་སུ་ཁོ་ཚོས་ཡིད་ཆེས་བྱེད་ཆོག་པའི་མི་དེ་ཡིད་ལ་ཐོག་མར་དྲན་སྲིད་པས་ཆེས་ཐོག་མར་ཕ་མ་ཡིད་ལ་དྲན་སྲིད། ཕྱོགས་གཞན་ནས་ཁྱིམ་ཚང་སློབ་གསོའི་ལྟ་བ་གཅིག་གྱུར་ཡིན་ན་སློབ་མའི་སེམས་ཁམས་བདེ་ཐང་ཡོང་བར་ཕན་པ་ངེས་ཅན་ཡོད། དེ་བས། ཕ་མ་དག་གིས་དུས་རྒྱུན་སློབ་གསོའི་ལྟ་བར་བསམ་གཞིག་ནན་མོ་གཏོང་དགོས་པར་མ་ཟད་ཁྱིམ་ཚང་སློབ་གསོ་དེ་ཚན་རིག་རང་བཞིན་དང་གཏན་ཚིགས་རང་བཞིན་ལྡན་པ་ཞིག་ཡིན་ཕྱིན། སློབ་མའི་འཕེལ་རྒྱས་ལ་དྲང་ཕྱོགས་ནས་ཕན་ནུས་མངོན་གསལ་ཅན་ཐོན་ཐུབ། དེ་བས། རྗེས་ལུས་དང་མཁྲེགས་འཛིན། རྙིང་ཞེན་གྱིས་གོས་པའི་བསམ་བློ་མཐའ་དག་ངེས་པར་དུ་འདོར་དགོས། དེ་མིན། ཁྱིམ་ཚང་ཕན་ཚུན་བར་གྱི་འབྲེལ་འདྲིས་ཐབས་ལམ་ལ་མཉམ་འཇོག་བྱ་དགོས། ཁྱིམ་ཚང་སློབ་གསོའི་འདུ་ཤེས་དང་ཐབས་ལམ་གཅིག་གྱུར་བྱས་ཏེ་ཁྱིམ་མི་ཕན་ཚུན་བར་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བའམ་དེང་རབས་ཅན་ལ་ཕྱོགས་ཆེ་ན་སློབ་མའི་སེམས་ཁམས་བདེ་ཐང་ལ་ལྡོག་ཕྱོགས་ཀྱི་ནུས་པ་འདོན་པར་བཀག་འགོག་ཐེབས་སྲིད། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཕྱོགས་ལྷུང་མ་ཡིན་པའི་སྒོ་ནས་ཁྱིམ་ཚང་སློབ་གསོའི་འཕེལ་རྒྱས་ཀྱི་འདུ་ཤེས་དེ་ཡིད་ལ་བརྟན་པོར་འཇགས་པར་བྱེད་དགོས།
ཁྱིམ་ཚང་སློབ་གསོའི་ཁྲོད་བྱིས་པ་ཕྱོགས་ཡོང་ནས་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་དགོས་ན། སློབ་སྦྱོང་གཅིག་པུ་གཙིགས་སུ་མི་འཛིན་པར་བྱིས་པའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་དགའ་ཕྱོགས་གསོ་སྐྱོང་བྱས་ནས་སློབ་སྦྱོང་གི་གནོན་ཤུགས་ཇེ་ཆུང་དང་དེ་མིན་ཁྱིམ་བདག་གིས་བྱིས་པར་དགེ་སློབ་བར་གྱི་འབྲེལ་འདྲིས་དང་སྤྱི་ཚོགས་བར་གྱི་འབྲེལ་འདྲིས་ཀྱི་ནུས་པར་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་དང་སྐུལ་མ་བྱེད་དགོས། རྒྱུན་པར་ཁྱིམ་དུ་བཀག་ནས་མི་འཇོག་པར་ཕྱི་རོལ་གྱི་ངོ་མཚར་བའི་འཇིག་རྟེན་ལ་བལྟ་རུ་བཅུག་སྟེ་ཤེས་རྟོགས་ཀྱི་མིག་རྒྱ་ཇེ་ཡངས་དང་། ཀུན་སྤྱོད་དང་མི་གཞི་གསོ་སྐྱོང་། ཕུགས་བསམ་མངོན་འགྱུར་སོགས་ཀྱང་ཁྱིམ་ཚང་སློབ་གསོའི་བྱེ་བྲག་ཏུ་བཞག་སྟེ། བྱིས་པའི་སློབ་གསོ་སློབ་གྲྭ་གཅིག་པུར་མི་བརྟེན་པར་ཁྱིམ་ཚང་སློབ་གསོ་ལ་མཐོང་ཆེན་དང་ཤུགས་སྣོན་ཆེན་པོ་བྱེད་དགོས། དེ་ནི་མ་འོངས་པར་བྱིས་པ་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་དང་ཐོག་མའི་རྨང་གཞི་གལ་ཆེ་ཤོས་ཤིག་ཀྱང་རེད།
གསུམ་པ། ཁྱིམ་ཚང་སློབ་གསོ་ཚད་དང་ལྡན་པ་གཏོང་དགོས།
བྱིས་པ་ནི་མ་གཞི་ནས་མི་གཞན་གྱི་ལྟ་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས་དེ་ནི་བརྟན་བརླིང་དང་བདེ་འཇགས་ཀྱི་ཁོར་ཡུག་ཅིག་ཏུ་ནར་སོན་དགོས། ཁྱིམ་ཚང་གི་ཁོར་ཡུག་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞིང་། ཁྱིམ་མིའི་བར་གྱི་འབྲེལ་བའི་ལེགས་ཉེས་དང་། ཁྱིམ་ཚང་གི་སློབ་གསོ་གཏོང་སྟངས་འགྲིག་མིན་དེས་བྱིས་པའི་མི་ཚེ་ཧྲིལ་པོའི་ནང་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། ཁྱིམ་ཚང་ནང་དུ་ནང་མི་ཕན་ཚུན་འཆམ་ཞིང་མཐུན་པ་དང་ཕ་མ་གཉིས་ཀྱི་གཤིས་ཀའང་འཇམ་པོ་ཞིག་ཡིན་ན། ཁྱིམ་ཚང་དེས་མི་གཤིས་འཇམ་ཞིང་སྤྱོད་ལམ་ལེགས་པའི་བྱིས་པ་གཞུང་དྲང་ཡ་རབས་གསོ་སྐྱོང་བྱ་ཐུབ།
གལ་སྲིད་ཕ་མ་གཉིས་མི་མཐུན་པའམ་ཡང་ན་བྱིས་པར་དོ་དམ་དང་སློབ་གསོ་ཡག་པོ་མི་གཏོང་བར་བྱམས་དྲགས་པའི་གནས་ཚུལ་ཐོན་པ་དང་། ཕ་མ་གཉིས་ཀྱི་སློབ་གསོ་གཏོང་སྟངས་གཅིག་མཐུན་མ་བྱུང་ན་རྒྱུན་ལྡན་ངང་འཚར་ལོངས་འབྱུང་མི་ཐུབ་པར་མ་ཟད། གཤིས་ཀ་གྱོང་བོ་ཅན་དང་སེམས་ཁམས་བདེ་ཐང་མིན་པའི་རིགས་ཀྱང་འབྱུང་སླ། ཁྱིམ་ཚང་སློབ་གསོ་དམ་དྲགས་པ་དང་འཆར་ཡན་གྱི་བསམ་བློ་ཚོད་འཛིན་བྱས་དྲགས་ན་འཚར་ལོངས་ཁྲོད་བཤད་ཕོད་པ་དང་སྒྲུབ་ཕོད་པའི་མི་ཞིག་ཏུ་འགྱུར་བར་བཀག་འགོག་ཐེབས་སྲིད། གཞན་ད་དུང་གཤིས་ཀ་ཀུན་དང་མི་མཐུན་པར་མ་ཟད། ཁ་གྲག་རྒྱུར་མི་དགའ་བ་དང་དོགས་པ་ཟ་སླ་བ། ཐུན་མོང་གི་བྱ་འགུལ་དང་རྩེད་མོར་མི་དགའ་བར་རྟག་པར་གྲོགས་མེད་དུ་ལུས་པའི་སྣང་བ་འཆར་སྲིད། གཞན་བྱིས་པ་ལ་དོ་དམ་སློབ་གསོ་གཏོང་རྒྱུ་དམ་དྲགས་ན་ལན་སློག་པ་དང་ངན་པ་མཁྲེགས་འཛིན་དང་དགྲ་འཛིན་གྱི་བསམ་བློ་ཡང་སྐྱེ་སྲིད། དེ་བས། ཁྱིམ་ཚང་གི་སློབ་གསོ་འོས་འཚམས་ཤིག་མ་བཏང་བར་བྱམས་དྲགས་པའམ་ཡང་ན་ངན་པ་ལང་ཤོར་དུ་བཏང་ན་མི་གཞན་ལ་བརྟེན་ཆེ་བ་དང་འཚོ་བའི་ཐོག་རང་རྐྱ་འཕེར་མི་ཐུབ།ཐུན་མོང་གི་འཚོ་བར་སྤྲོ་བ་ཉམས་པ་དང་རང་གི་འདོད་བློ་བཞིན་བྱ་བ་མ་བསྒྲུབ་ཚེ་ངུ་བ་དང་འགྲེ་ལོག་རྒྱག་པའམ་ཟ་མ་མི་ཟ་བ་སོགས་ཀྱི་སྤྱོད་ངན་གང་མང་སྤེལ་སྲིད།
གང་ལྟར་བརྒྱ་བཤད་ཚིག་གི་མདོ་རྩ་ནི་གཙོ་བོ་བྱིས་པའི་རྒྱུད་ལ་ལུགས་མཐུན་དཔྱོད་པའི་རིག་སྟོབས་དང་། མི་ཚེའི་འཕྲང་ལམ་རིང་མོའི་ཁྲོད་ཀྱི་བྱ་བ་མཐའ་དག་ལ་ཁ་གཏད་གཅོག་པའི་ཐབས་ལམ་ཞིག་དང་ལག་ལེན་དངོས་ནང་གནད་དོན་ཐག་གཅོད་བྱེད་ནུས་པའི་འཇོན་ནུས་ཤིག་རྒྱུད་ལ་འབྱོར་ན། སློབ་གསོའི་དགོས་པ་མཐར་ཐུག་ཀྱང་དེ་ཡིན། བོད་ཀྱི་གཏམ་དཔེར“རྟ་བཟང་རྟེའུ་ནས་བཟུང་། མི་བཟང་ཆུང་ནས་གསོ”ཟེར་བ་ལྟར་དེ་ཡང་ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན་པས་ཆུང་བྱིས་པའི་དུས་ཀྱི་ཕ་མའི་ཤུགས་རྐྱེན་བཟང་ངན་དེས་སློབ་མའི་མ་འོངས་པར་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད། བྱིས་པ་ཞིག་ལ་ཆ་མཚོན་ནས་བཤད་ན་ཕ་མས་བཞག་པའི་སློབ་གསོའི་ཤུགས་རྐྱེན་ནི་མི་ཚེའི་ནང་གི་ཆེས་ཐོག་མའི་སློབ་གསོའི་རྨང་གཞི་ཡིན་པར་མ་ཟད། འབྱུང་འགྱུར་གྱི་མི་ཚེའི་ཁྲོད་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ་བཅས་ཀྱི་སྲོག་ཤིང་ཡང་ཡིན། ཁྱིམ་ཚང་སློབ་གསོ་ནི་ཕ་མའི་སློབ་གསོ་ཡིན་ལ་ཕ་མའི་སློབ་གསོ་ནི་ཁྱིམ་ཚང་སློབ་གསོའི་གཞི་རྟེན་ཡང་ཡིན། དེར་བརྟེན། ཁྱིམ་བདག་ཚོས་འཚོ་བ་དངོས་ནང་གོང་གསལ་གྱི་སློབ་གསོའི་བྱེད་ཐབས་ཁག་ལ་བསམ་གཞིག་དང་བྱ་ཐབས་གསར་པ་མུ་མཐུད་དུ་བཙལ་ན། ད་གཟོད་ཕྲུ་གུ་རྣམས་ལ་འཚར་ལོངས་འབྱུང་སའི་ཁོར་ཡུག་བཟང་པོ་ཞིག་དང་རྨང་གཞི་བཟང་པོ་ཞིག་འདིང་ཐུབ་པ་ཡིན་ནོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注