ཕུལ་བྱུང་འཛིན་བདག་ཅིག་གི་མཐུན་རྐྱེན་བཅུ།

རྩོམ་པ་པོ།:འཇམ་དཔལ་གྱིས་བསྒྱུར།

འཛིན་བདག་ནི་དེང་རབས་སློབ་གྲྭའི་སྲིད་འཛིན་འཛིན་གྲྭའི་སློབ་ཁྲིད་ལམ་ལུགས་འོག་གི་“ལས་གནས”ཤིག་ཡིན་པ་དང་།ལྷག་པར་དུ་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་སློབ་གསོའི་སྒྲིག་སྲོལ་འོག་འཛིན་བདག་གི་ལས་གནས་དེ་བས་མངོན་གསལ་དོད་པོ་ཡིན། སློབ་གསོ་དང་དོ་དམ་གཉིས་ཀའི་འགན་ནུས་ཡོད།

ང་ཚོའི་རྒྱལ་ཁབ་ཀྱིས་འཛིན་བདག་འཛུགས་སྐྲུན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་པ་མ་ཟད། འཛིན་བདག་གི་ཆེད་ལས་ཞིབ་འཇུག་དང་གསོ་སྐྱོང་ཡང་རྒྱུན་མཐུད་ངང་དོ་ཁུར་དང་སྐུལ་འདེད་གཏོང་བཞིན་ཡོད། ཇི་ལྟར་ཕུལ་བྱུང་འཛིན་བདག་ཅིག་བྱེད་རྒྱུ་དང་། ཕུལ་བྱུང་འཛིན་བདག་ལ་ཐུན་མོང་གི་ཁྱད་ཆོས་གང་དག་ལྡན་པ་སོགས་ཀྱི་སྐོར་ནི་སློབ་གསོ་དོ་དམ་དང་། སློབ་གསོ་ཞིབ་འཇུག དགེ་རྒན་གསོ་སྐྱོང་དང་སློབ་གསོའི་གདེང་འཇོག་བཅས་ལ་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། རྩོམ་ཡིག་འདིས་ཕྱོགས་བཅུའི་ཐད་ནས་ཕུལ་བྱུང་འཛིན་བདག་ལ་ངོས་འཛིན་བྱས་ཡོད།
༡ སློབ་ཁྲིད་ལེགས་པོར་བྱེད་པ།

ཕུལ་བྱུང་འཛིན་བདག་གིས་དང་ཐོག་སློབ་ཚན་ཡག་པོ་འཁྲིད་དགོས་པ་དང་ཕུལ་བྱུང་འཛིན་བདག་གི་སློབ་ཚན་ཡག་པོ“སློབ་ཚན་རོལ་མྱོང་ཡག་པོ”ལ་བརྟེན་ནས་བརྗོད་ཆོག

“སློབ་ཚན་མྱོང་རོལ་ཡག་པོ”ཞེས་པ་ནི་དགེ་རྒན་གྱི་སློབ་ཚན་ཐོག་མྱོང་རོལ་ཡག་པོ་ཞིག་ཡོད་དགོས་པ་དེ་ཡིན། འདིར་བརྗོད་པའི“སྤུས་ཚད”ཅེས་པ་ནི་སློབ་ཚན་གྱི་“སྤུས་ཚད”དང་། རིག་ཚན་དང་སློབ་ཚན་གྱི་ཚད་གཞི། སློབ་གསོ་དང་སློབ་ཁྲིད་ཀྱི་ཚད་གཞི། དྲང་སྲུང་དང་གསར་གཏོད་ཀྱི་བླང་བྱ། སློབ་མའི་སློབ་སྦྱོང་གི་དགོས་མཁོ་སོགས་ལ་བརྗོད་པ་ཡིན།

འདིར་བརྗོད་པའི“བྲོ་བ”ཞེས་པ་ནི་སློབ་ཚན་གྱི“བྲོ་བ”ཟེར་ཞིང་། དེར་མི་ཆོས་ཀྱི་བྲོ་བ་ཟབ་མོ་ལྡན་པ་དང་། ཐེ་ཚོམ་གྱི་དྲི་མ་བྲོ་བ། ཉམས་ལེན་གྱི་བྲོ་བ་ལྷད་མེད་ལྡན་པ་སོགས་ཡིན།
       “སློབ་ཚན་རོལ་མྱོང་ཡག་པོ”ཞེས་པ་ནི་སློབ་མ་ཚོས་ཉན་རྒྱུར་དགའ་བའི་སློབ་ཚན་ལ་གོ སློབ་མ་ཚོས་ཉན་རྒྱུར་དགའ་བའི་སློབ་ཚན་ལ་ཐུན་མོང་རང་བཞིན་འདི་དག་ཡོད་དེ། སློབ་མས་གོ་ཐུབ་པ་དང་། ཁས་ལེན་ཐུབ་པ།འགྲེམས་སྟོན་ཐུབ་པ། བེད་སྤྱོད་ཐུབ་པ། བློ་སྒོ་འབྱེད་ཐུབ་པ་བཅས་རེད། དེ་ནི་དགེ་རྒན་ལ་སུན་སྣང་མེད་པ་དང་། བྲོ་བ་མེད་པ། མཐོང་ཆུང་མེད་པ། ཡིག་ཆ་སྒྲོག་སྦྱང་ཙམ་མི་བྱེད་པ། མགོ་བདེ་དྲན་འཕྲུལ་མི་བྱེད་པ་བཅས་རེད།

“སློབ་ཚན་རོལ་མྱོང་ཡག་པོ”ཞེས་པ་ནི་དགེ་རྒན་དེའི་སློབ་ཁྲིད་ཚན་ཁག་གི་སློབ་ཁྲིད་སྤུས་ཚད་ལེགས་པ་དེ་རེད། སློབ་ཁྲིད་ཀྱི་སྤུས་ཚད་ལེགས་ཉེས་དེ་ཕྱོགས་གསུམ་ནས་བསྡུར་ཞིབ་བྱེད་ཆོག་པ་སྟེ། ཕྱོགས་དང་པོ་ནི། ཚད་བརྒལ་ཡོང་བ་བྱེད་དགོས། སློབ་མའི“སློབ་སྦྱོང་ལ་ཚད་བརྒལ་ཡོང་བ”བྱེད་དགོས་པ་དང་། སློབ་མ་རེ་རེའི་རང་ཉིད་ཀྱི་ངོས་ནས་བརྗོད་ན་སློབ་གཉེར་ལེགས་སུ་གཏོང་བ་ལ་གོ ཕྱོགས་གཉིས་པ་ནི། ཡར་ཐོན་ཡོང་བ་བྱ་དགོས། བསྡུར་བ་བྱེད་སྐབས“སྦྱངས་འབྲས་ཡར་ཐོན”ཡོང་བ་བྱ་དགོས་པ་དང་། བསྡུར་བ་བྱེད་སྐབས“གྲུབ་འབྲས་ཡར་ཐོན”ཡོང་བ་བྱ་དགོས་པ་དེ་ནི་འཛིན་གྲྭ་དང་མི་སྒེར་གྱི་སྦྱངས་འབྲས་དང་ལྟོས་ཟླའི“ལྟོས་གཞིའི་དངོས་པོ”གཉིས་བསྡུར་བ་བྱས་ནས་ཡར་ཐོན་ཡོང་བ་བྱ་དགོས་པ་དེ་ཡིན། ཆེས་མཐའ་མཇུག་གི་ཕྱོགས་ནི། སྤྲོ་བ་ཡོད་དགོས། འདི་ནི་ཆེས་གལ་ཆེ་བའི་ཕྱོགས་ཀྱང་ཡིན་ཏེ། སློབ་མས“སློབ་སྦྱོང་ལ་སྤྲོ་བ་ཡོད་པ”དང་། དགེ་རྒན་གྱི་ཆེས་ཆེ་བའི་བྱས་རྗེས་ནི་སློབ་མ་རྣམས་ཁྲིད་པའི་རིག་ཚན་ལ་དགའ་བ་དང་། སློབ་སྦྱོང་ལ་དགའ་བར་འཇུག་པ་དེ་ཡིན།

“སློབ་ཚན་རོལ་མྱོང་ཡག་པོ”ཞེས་པ་ནི་དགེ་སློབ་ཀྱི་ཁུར་པོ་ལྕི་པོ་མེད་པས་རེད། སློབ་སྦྱོང་ལ་ཁུར་པོ་ཏན་ཏན་ཡོད། དགེ་རྒན་ལ་ཁུར་པོ་ཡོད་ལ་སློབ་མར་ཡང་ཁུར་པོ་ཡོད། སློབ་སྦྱོང་ལ་ཁུར་པོ་མེད་ཚེ་སློབ་སྦྱོང་གི་ཕན་འབྲས་ཡག་པོ་ཡོད་མི་སྲིད། འོན་ཀྱང་སློབ་ཚན་ཡག་པོ་དངོས་ནི་སློབ་ཚན་ཐོག་རྨང་གཞིའི་རང་བཞིན་དང་།ཐུན་མོང་རང་བཞིན། གནད་དོན་མང་ཆེ་བ་བཅས་ཐག་གཅོད་བྱེད་ཐུབ། དེའི་དབང་གིས། རྒྱ་སྐྱེད་པ་དང་རང་གཤིས་སོགས་གནད་དོན་ཉུང་ཤས་རྣམས་སློབ་ཚན་ཕྱི་ནས་ཐག་གཅོད་བྱེད་དགོས། དེ་ལྟར་བྱས་ན་དགེ་སློབ་ཀྱི་ཁུར་པོ་ལྗིད་པོ་ཡོང་མི་སྲིད།

སློབ་ཁང་ནི་དགེ་རྒན་ལས་རིགས་ཀྱི་གལ་འགངས་ཆེ་བའི་ཆེད་ལས་གར་སྟེགས་ཤིག་ཡིན་ལ། དགེ་རྒན་གྱི་ཆེད་ལས་ནུས་པ་དང་། ལས་རིགས་ཀུན་སྤྱོད། ལས་ཀའི་རྣམ་པ། ཕྱོགས་བསྡུས་བྱང་ཚད་བཅས་ལ“ཞིབ་བཤེར་བྱེད་ཐབས་ཡག་ཤོས”ཤིག་ཀྱང་རེད། ཕུལ་བྱུང་འཛིན་བདག་ནི་ཕུལ་བྱུང་ཚན་ཁག་གི་དགེ་རྒན་ཡིན་པ་ཐག་ཆོད་ཡིན།
༢ འཛིན་གྲྭའི་རྣམ་པ་ཡག་པོ།

“འཛིན་གྲྭའི་རྣམ་པ་ཡག་པོ”དང་ཐོག་འཛིན་གྲྭ་བརྟན་པོ་ཡོད་དགོས། འཛིན་གྲྭ་བརྟན་པོ་ཡོད་པ་དེ་འཛིན་གྲྭའི་རྒྱུན་གཏན་གྱི་སློབ་ཁྲིད་དང་སློབ་སྦྱོང་གོ་རིམ་ལྡན་པ་དང་། འཛིན་གྲྭའི་བཅོས་སྐྱོང་ཚད་ལྡན། འཛིན་གྲྭའི་འཕེལ་རྒྱས་རྒྱུན་མཐུད། འཛིན་གྲྭའི་འབྲེལ་བ་འཆམ་མཐུན། འཛིན་གྲྭའི་བྱེད་སྒོ་ཕུན་སུམ་ཚོགས་པ་སོགས་ལ་ཕྱོགས་ཡོད།

དེ་ནས་དགེ་རྒན་གཞན་དག་དེའི་ནང་ཞུགས་དགོས། འཛིན་གྲྭ་ནི་དགེ་རྒན་དང་སློབ་མས་མཉམ་དུ་སློབ་སྦྱོང་དང་འཚར་ལོངས་ཡོང་བའི“དུས་དང་བར་སྟོང”ཡིན། ཕུལ་དུ་བྱུང་བའི་འཛིན་བདག་ཅིག་ཡིན་ཕྱིན་འཛིན་གྲྭའི་སློབ་ཁྲིད་དགེ་རྒན་གཞན་དག་ཚང་མར་འཛིན་གྲྭའི་ནང་གི་ཐུན་མོང་མ་ཡིན་པའི་འཇོན་ཐང་ལ་དགའ་རུ་བཅུག་ནས། ཁོ་ཚོས་རང་བཞིན་གྱིས་རང་ཉིད་འཛིན་བདག་ཏུ་བརྩི་བ་མ་ཟད། སེམས་གཏིང་ནས་མོས་མཐུན་བྱུང་བ་ཡིན།

མཇུག་མཐར་སློབ་མ་འཛིན་གྲྭར་དགའ་བར་བྱེད་དགོས། འཛིན་གྲྭ་གནས་པའི་རྒྱུ་མཚན་ཅི་ཡིན་ཞེས་ན། སློབ་མར་ཞབས་འདེགས་ཞུ་བ་དང་། སློབ་མར་རོགས་རམ་བྱེད་པ། སློབ་མར་གྲུབ་འབྲས་ཐོབ་པ་བཅས་ཀྱི“བྱ་ཡུལ”ཞིག་ཏུ་འགྱུར་བར་བྱེད་དགོས། ཕུལ་བྱུང་འཛིན་བདག་ཚང་མར“རྫུ་འཕྲུལ”ཡོད་པ་དང་། ཁོང་ཚོས་འཛིན་གྲྭ་དེ“ཁབ་ལེན་ར་བར”བསྒྱུར་ཐུབ་པ་དང་། སློབ་མ་ཚང་མའི་ཡིད་དབང་འགུག་ཐུབ། སློབ་མ་ཚང་མ་འཛིན་གྲྭར“ཞེན་ཆགས”པར་བྱེད་ཐུབ། སློབ་མ་ཚང་མས་འཛིན་གྲྭའི་ཆེད“ནུས་ཤུགས་ཡོད་རྒུ་འདོན”དུ་འཇུག་ཐུབ།

འཛིན་གྲྭའི་མཁའ་དབུགས་འཛིན་གྲྭའི་ལམ་ལུགས་དང་བསྡུར་ན་ཧ་ཅང་གལ་ཆེ། འཛིན་གྲྭའི་མཁའ་དབུགས་ལ་མི་ཚུད་པའི་ཆ་རྐྱེན་མང་པོ་ཞིག་གིས་སྐུལ་འདེད་བྱེད་དགོས། དེའི་ནང་འཛིན་བདག་ནི་ཆེས་གཙོ་བོ་དང་ཆེས་གལ་ཆེ་བའི་ཆ་རྐྱེན་ཡིན།
༣ དགེ་སློབ་བར་གྱི་འབྲེལ་བ་བཟང་པོ།

“དགེ་སློབ་བར་གྱི་འབྲེལ་བ་བཟང་པོ”ཞེས་པ་ནི་དགེ་རྒན་གྱིས་སློབ་མར་ཁས་ལེན་པ་དང་སློབ་མས་དགེ་རྒན་གྱིས་ཁས་ལེན་པ་གཟི་བརྗིད་དུ་བརྩི་བ། དགེ་རྒན་གྱིས་སློབ་མར་ཁས་ལེན་བྱ་རྒྱུ་ནི་དཀའ་མོ་ཞིག་མིན། འོན་ཀྱང་དགེ་རྒན་གྱིས་དུས་ཚོད་མང་ཆེ་བའི་ནང་སློབ་མ་རེ་རེར་ཁས་ལེན་དང་སློབ་མའི་བྱ་སྤྱོད་ཁས་ལེན་བྱ་རྒྱུ་ནི་དངོས་གནས་ཧ་ཅང་དཀའ་བའི་བྱ་བ་ཞིག་རེད། རྒྱུ་མཚན་ནི་དགེ་རྒན་ལ་རང་ཉིད་ཀྱི་སེམས་ནང་གི“སློབ་མ་བཟང་པོའི་རྣམ་པ”ཞིག་ཡོད། ཡིན་ནའང་སློབ་མ་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་སེམས་ནང་གི“སློབ་མ་བཟང་པོར”གྱུར་མི་ཐུབ། དགེ་རྒན་གྱིས་སློབ་མར་ཁས་ལེན་བྱེད་པར་དགེ་རྒན་གྱིས་འཚར་ལོངས་དང་།གཞན་ལ་རོགས་རམ། རང་ལ་རོགས་རམ་བཅས་བྱེད་པའི་ལངས་ཕྱོགས་སྟེང་ནས་སློབ་མར་ལྟ་བ་དང་དགེ་སློབ་བར་གྱི་འབྲེལ་བར་ལྟ་དགོས། སློབ་མས་དགེ་རྒན་གྱིས་ཁས་ལེན་པ་ནི་གཟི་བརྗིད་ཅིག་ཡིན་པ་དང་། དེ་ནི“བདེན་དོན་འགྱུར་མེད”ཀྱི་བྱ་བ་ཞིག་ཡིན་པར་ངོས་འཛིན། དངོས་ཡོད་འཚོ་བའི་ཁྲོད་དུ། དགེ་རྒན་གྱི་ཁས་ལེན་ཐོབ་པ་ནི་སློབ་མ་ཚང་མས་གཟི་བརྗིད་ཅིག་ཏུ་བརྩི་བ་མིན།

ཕྱོགས་གཞན་ཞིག་ནི་སློབ་མ་དགེ་རྒན་ལ་དགའ་བ་དང་། དགེ་རྒན་གྱིས་དགའ་བ་དེ་ཉིད་གཟི་བརྗིད་ཅིག་ཏུ་བསྒོམ་རྒྱུ་དེ་ཡིན། སློབ་མ་དགེ་རྒན་ལ་དགའ་བ་ནི་“ཆ་རྐྱེན་ཡོད་པ”ཡིན་པ་ལས“རང་གཤིས”མིན། རིག་གནས་ཀྱི་ནུས་པས་སློབ་མ་དགེ་རྒན་ལ་ཡིད་རྟོན་རུང་བར་འཇུག་ཐུབ་མོད། འོན་ཀྱང་། དེས་སློབ་མ་ཡོད་ཚད་ལ་བརྡར་ཤ་གཅོད་པའི་ནུས་པ་ཤོར་བ་མི་མཚོན་ལ། རྨོངས་ཚོད་ཀྱིས་གནོན་ཤུགས་འདི་རིགས་ལ་བརྩི་བཀུར་བྱེད་པ་མིན། ཕུལ་བྱུང་གི་འཛིན་བདག་ཚང་མར་ཁོང་དང་ཁོང་ཚོའི་འཛིན་གྲྭའི་སློབ་ཁྲིད་དགེ་རྒན་ལ་དགའ་པོ་བྱེད་པའི“ཐབས་མཆོག”ཡོད་པ་དང་། ཐབས་མཆོག་དེ་ནི་འབྲེལ་བའི་ངོས་འཛིན་དང་། འབྲེལ་བའི་དབྱེ་མཚམས། འབྲེལ་བ་འཛུགས་པ། འབྲེལ་བའི་ནུས་པ་སོགས་ཀྱི་ཐད་ནས་དགེ་མཚན་ལྡན་ལ་ནུས་ལྡན་གྱི་རོགས་རམ་བྱ་རྒྱུ་དེ་རེད།

སློབ་གསོ་ཡག་པོར་འབྲེལ་བ་ཡག་པོ་དགོས། འབྲེལ་བ་ཡག་པོས་སློབ་གསོ་ཡག་པོ་བསྐྲུན་ཐུབ། སློབ་གསོ་རིག་པ་ནི་ཐོག་མར་འབྲེལ་བ་རིག་པ་ཡིན། ལྷག་པར་དུ་དགེ་སློབ་འབྲེལ་བ་རིག་པ་ཡིན། 
༤ ཁྱིམ་བདག་གི་མྱོང་ཚོར་ཡག་པོ།

“ཁྱིམ་བདག་གི་མྱོང་ཚོར་ཡག་པོ”ནི་ཕྱོགས་གཅིག་ནས་ཁྱིམ་བདག་གིས་འཛིན་གྲྭ་དང་འཛིན་བདག་ལ་ཡིད་ཆེས་དང་ཁས་ལེན་བྱེད་པ་དེ་ཡིན། ཁྱིམ་ཚང་དང་སློབ་གྲྭའི་མཉམ་ལས། ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་དེ་དག་གཙོ་བོ་འཛིན་གྲྭ་དང་འཛིན་བདག སློབ་ཁྲིད་དགེ་རྒན་བཅས་ཀྱི་སྟེང་ནས་མངོན་འགྱུར་ཡོང་བ་ཡིན། ཁྱིམ་ཚང་དང་སློབ་གྲྭའི་མཉམ་ལས་མི་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་ནི་ཁྱིམ་ཚང་དང་སློབ་གྲྭའི་བར་ཕན་ཚུན་ཡིད་ཆེས་དང་ཁས་ལེན་བྱེད་དགོས། ཁྱིམ་བདག་གི་མྱོང་ཚོར་བཟང་པོའི་འོག་ཏུ་ཁྱིམ་བདག་གིས་འཛིན་གྲྭ་དང་འཛིན་བདག་ལ་ཡིད་ཆེས་དང་ཁས་ལེན་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་ལ། དེ་ནི་ཆེས་ཐད་ཀར་གྱི་མྱོང་ཚོར་ཞིག་ཀྱང་ཡིན།

ཕྱོགས་གཞན་ཞིག་ནི་ཁྱིམ་བདག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཁྱེད་གྱི་འཛིན་གྲྭར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁྱིམ་བདག་གིས་རྐང་པར་བརྟེན་ནས་འདེམས་ཤོག་འཕེན་པ་ནི་ཁྱིམ་བདག་ཚོས་འཛིན་གྲྭ་དང་འཛིན་བདག་ལ་མྱོང་ཚོར་བྱེད་པའི“དོན་དངོས་མཚོན་པ”ཞིག་རེད། ས་ཆ་སོ་སོ་དང་སློབ་གྲྭ་སོ་སོ་ཚང་མར་ཁྱིམ་བདག་གིས་སློབ་གྲྭ་དང་འཛིན་གྲྭ་འདེམས་པའི་རེ་བ་དང་བླང་བྱ་ཡོད། དེ་ནི་ཁྱིམ་བདག་གིས་སྤུས་ལེགས་སློབ་གསོར་བཏོན་པའི་རེ་བ་ཡིན་ལ། སྤུས་ལེགས་སློབ་གྲྭའི་དགོས་མཁོ་དང་། འཛིན་གྲྭ་ཡག་པོ། འཛིན་བདག་ཡག་པོ། དགེ་རྒན་ཡག་པོ་བཅས་ལ་བཏོན་པའི་རེ་བ་ཡང་ཡིན། ཁྱིམ་བདག་གི་མྱོང་ཚོར་ཟབ་མོ“ཐད་ཀར་བརྗོད་པ”ཞིག་ཀྱང་རེད།

འཛིན་གྲྭ་བཟང་བོ་ཞིག་ལ་འཛིན་བདག་བཟང་བོ་ཞིག་ཡོད་པ་དང་། འཛིན་བདག་བཟང་པོ་ནི་ཁྱིམ་བདག་ཚོའི“བརྩོན་ལེན”བྱེད་པའི་དམིགས་ཚད་དུ་འགྱུར་ངེས།
༥ ལས་གྲོགས་ཀྱི་བསྔགས་བརྗོད་ཐོབ་པ།

ལས་གྲོགས་མང་ཆེ་བས་གནས་ཚུལ་མང་ཆེ་བའི་འོག ཁྱེད་རང་རྫུན་མ་དང་ཟོལ་རྫུ། ཁེ་བཟང་རག་པར་དགའ་བ། ཁོག་རྒྱ་དོག་པ། སྙན་གྲགས་གཡོ་གཉེར་བྱེད་པར་འདོད་མི་སྲིད། ལས་རོགས་ཚོས“ཕུལ་བྱུང་འཛིན་བདག”གི“སྙན་ངག་དང་རྒྱང་རིང”མཐོང་ཐུབ་པ་མ་ཟད། “ཕུལ་བྱུང་འཛིན་བདག”གི“གནས་སྐབས་དང་མིག་སྔར”ཡང་མཐོང་ཐུབ་པས། ཕུལ་བྱུང་ནི“སྙན་ངག་དང་རྒྱང་རིང”གི་ཕུལ་བྱུང་ཡིན་པ་མ་ཟད། “གནས་སྐབས་དང་མིག་སྔར”གྱི་ཕུལ་བྱུང་ཡང་ཡིན། འདི་ལྟར་ད་གཟོད་ཕུལ་བྱུང་འཛིན་བདག་དངོས་ཡིན།

ལས་རོགས་ཀྱིས་ཁྱེད་རང་གི་བདེན་པ་དང་། ཁྱེད་རང་གི་རོགས་རམ། ཁྱེད་རང་གི་ཧུར་བསྐྱེད། ཁྱེད་རང་གི་ནུས་པ། ཁྱེད་རང་གི་བརྩོན་འགྲུས། ཁྱེད་རང་གི་དགེ་མཚན་སོགས་ཚོར་ཐུབ། རྒྱང་རིང་དང་བར་མཚམས་རང་བཞིན་གྱི་རྒྱང་ལྟ་བྱེད་སྐབས་འཚར་ལོངས་བྱུང་རྗེས་ཀྱི་“བྱས་རྗེས”དང“གཏམ་རྒྱུད”ལས་མཐོང་རྒྱུ་མེད། བར་ཐག་ཉེ་བ་དང་རྒྱུན་གཏན་གྱི་མྱོང་ཚོར་ལས་ཁྲོམ་རའི“ཐོན་རྫས”དང“ཐུམ་སྒྲིལ”ནང་ཞུགས་པའི་གྲུབ་འབྲས་མཐོང་ཐུབ་པ་མ་ཟད། ཇུས་འགོད་དང་། ཞིབ་འཇུག་གསར་སྤེལ། བཟོ་བཅོས། སྙོམས་སྒྲིག་ཚོད་ལྟ། ཐོན་སྐྱེད་བཅས་ཀྱི“བྲེལ་བརྩོན”དང“ཟང་ཟིང”གི་བརྒྱུད་རིམ་ཡང་མཐོང་ཐུབ།

ཕྱི་མི་དང་ཕྱི་རོལ་ཁས་ལེན་པའི“ཕུལ་བྱུང”ནི་བར་ཐག་དང་ཆ་འཕྲིན་གྱི་རྐྱེན་གྱིས་ཡིན། “ཕུལ་བྱུང་བ”ཁོ་ན་མཐོང་བ་ལས་མི་རྣམས་ཀྱིས“ཟུར་ངོས”ཡག་པོ་མཐོང་འདོད་བྱེད་ཀྱི་ཡོད། ཉེ་འགྲམ་གྱི་མི་དང་ནང་ཁུལ་གྱི་“ཕུལ་བྱུང”ནི“ཕུལ་བྱུང་བ”མཐོང་བའི་རྨང་གཞི“ཡོངས་རྫོགས”ཀྱི་ཐོག་ཁྱོན་ཡོངས་དང་སྤྱི་ཡོངས་ཀྱི་གདེང་འཇོག་བྱེད་དགོས། རྒྱང་ལྟ་བའི་ཁས་ལེན་ཐོབ་པའི“མཛེས་ལྗོངས”ནི་དཀའ་གནད་ཅིག་རེད། སྙིང་ཉེ་བའི“མཛེས་ལྗོངས”སུ་གྱུར་པ་ནི་དེ་བས་ཀྱང་དཀའ་བ་ཞིག་རེད། “ཕུལ་བྱུང”ངོ་མ་དེ“མཛེས་ལྗོངས”དང“མཛེས་ལྗོངས”སུ་འགྱུར་བར་བྱེད་དགོས། དེ་ལྟར་མ་བྱས་ན“ཕུལ་བྱུང”ངོ་མ་མིན།
༦ འགོ་ཁྲིད་ཀྱི་ཚོར་སྣང་ཡག་པོ།

“འགོ་ཁྲིད་ཀྱི་ཚོར་སྣང་ཡག་པོ”བྱུང་ནས་འགོ་ཁྲིད་ལ“གྲུབ་འབྲས”ཐོབ་ཡོད། འཛིན་བདག་ནི་མི་སྒེར་གྱི་འཐུས་ཚབ་ཡིན་ལ་འཛིན་གྲྭའི་འཐུས་ཚབ་ཀྱང་ཡིན། ཡང་ན་འཐུས་ཚབ་ལས་ཁུངས་སམ་སྡེ་ཁག་ཡིན། འགོ་ཁྲིད་ནི་ལས་ཁུངས་སམ་སྡེ་ཁག་གི་འཐུས་ཚབ་ཀྱང་ཡིན། འཛིན་བདག་ཕུལ་བྱུང་ཅན་ལ་རང་ཉིད་ཀྱི“སྦྱངས་འབྲས”ཡོད་ལ། འཛིན་གྲྭའི“སྦྱངས་འབྲས”ཀྱང་ཡོད། ད་དུང་ལས་ཁུངས་སམ་སྡེ་ཁག་གི“སྦྱངས་འབྲས”ཀྱང་ཡོད་པས། འགོ་ཁྲིད་ལ“སྦྱངས་འབྲས”ཡོད་དུ་འཇུག་དགོས་པ་སྨོས་མེད་རེད།

“འགོ་ཁྲིད་ཀྱི་ཚོར་སྣང་ཡག་པོ”ཡོད་པས་འགོ་ཁྲིད་ཀྱིས“ཡིད་སྨོན”བྱེད་ཀྱི་ཡོད། ལས་བྱེད་མི་སྣ་སུ་ཞིག་ལས་གནས་གང་ཞིག་ཏུ་ཡོད་ཀྱང་ཚང་མ་ཁས་ལེན་དགོས། ཕུལ་བྱུང་འཛིན་བདག་ནི་སློབ་གྲྭ་དང་སློབ་གསོའི་ཁོངས་གཏོགས་ཀྱི་ཁོངས་མི་ཞིག་ཡིན་པས“ཕུལ་བྱུང”ཞིག་ཏུ་འགྱུར་བར་མི་རྣམས་བློ་མོས་ཡིད་ཆེས་བྱེད་པའི་ནུས་པ་དང་། སྙིང་སྟོབས། རྣམ་འགྱུར། གྲུབ་འབྲས་སོགས་ཡོད་ངེས་རེད། དེའི་ནང་འགོ་ཁྲིད་ཀྱི“ཡིད་སྨོན”ལས་ཕུལ་བྱུང་བའི“ཕུལ་བྱུང”ལ་གདེང་འཇོག་དེ་བས་མང་བ་ཐོབ་པ་མ་ཟད། ཕུལ་བྱུང་བའི“ཕུལ་བྱུང”ལ་ཐོན་ཁུངས་དང་རྒྱབ་སྐྱོར་དེ་བས་མང་བ་ཐོབ་ཡོད།

“འགོ་ཁྲིད་ཀྱི་ཚོར་སྣང་ཡག་པོ”ཡོད་པས་འགོ་ཁྲིད་བྱེད་ཁག་པོ་མེད། དངོས་ཡོད་འཚོ་བའི་ཁྲོད་དུ་སྣང་ཚུལ་ཞིག་ཡོད་པ་ནི། མི་ལ་ལའི་ཕུལ་བྱུང་གི་འདུ་ཤེས་དང་བག་ལ་ཞ་བའི་འདུ་ཤེས་སམ་ཡང་ན་འདུ་ཤེས་མེད་པའི་སྒོ་ནས་འགོ་ཁྲིད“བཟོད་དཀའ་བ”ཞིག་རེད། གལ་ཏེ་འདུ་ཤེས་མེད་ན་མཐོང་ཆེན་བྱེད་དགོས། གལ་ཏེ་བག་ལ་ཞ་བའི་འདུ་ཤེས་ཡིན་ན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས། གལ་ཏེ་འདུ་ཤེས་ཡོད་ན། “བསམ་ཞིབ”བྱ་དགོས་པ་མ་ཟད་དུས་ཐོག་ཏུ་དག་བཅོས་ཀྱང་བྱ་དགོས། འགོ་ཁྲིད་བྱེད་ཁག་པོ་ཡོད་ཚེ། སྤྱིར་ན་ཕུལ་བྱུང་བའི“ཕུལ་བྱུང”ལ་ཕན་པ་མེད་ལ། ཕུལ་བྱུང་བའི“ཕུལ་བྱུང”འཕེལ་རྒྱས་ལ་དེ་བས་ཕན་པ་མེད།

འགོ་ཁྲིད་ནི་ལས་ཁུངས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན་ལ།ལས་ཁུངས་ཀྱི་ཁོངས་མི་གལ་ཆེན་ཞིག་ཀྱང་ཡིན་པས།ལྟ་ཕྱོགས་གང་གི་ཐད་ནས་ཀྱང་ཕྱོགས་རིས་མེད་པར་བྱེད་དགོས་པ་མ་ཟད།ཁོ་ཚོའི་ཁས་ལེན་ཡང་འཐོབ་དགོས།གཏན་ནས་མི་རུང་བ་དང་སྨོས་མ་དགོས་པ་སོགས་ནི།མི་སུ་ཞིག་གི་འཚར་ལོངས་དང་བྱ་བ་འཕེལ་རྒྱས་ལ་ཕན་པ་མེད།
༧ ལས་རིགས་གཅིག་པས་ཡིད་སྨོན་ཆེན་པོ་བྱེད་པ།

“ལས་རིགས་གཅིག་པས་ཡིད་སྨོན་ཆེན་པོ་བྱེད་པ”དང་། བརྩེ་སེམས་དང་གྲུབ་འབྲས་ལ་ལས་རིགས་གཅིག་པས་བརྩི་བཀུར་དང་དད་གུས་ཆེན་པོ་བྱེད་ཀྱིན་ཡོད། ལས་གནས་གང་ཞིག་ཡིན་རུང་ཚང་མར་རང་རང་གི་ཁྱད་ཆོས་ཡོད་ལ་མཐུན་སའང་ཡོད། དེ་ནི་ལས་ཀའི་འགན་འཁྲི་དང་དགའ་ཞེན། ལས་ཀའི་གྲུབ་འབྲས་དང་ཕན་འབྲས་ཡིན། གནས་ལུགས་འདི་ཤེས་པའི་མི་ཧ་ཅང་མང་མོད། འོན་ཀྱང་འབད་བརྩོན་ལྷོད་མེད་ཀྱིས་རྒྱུན་འཁྱོངས་བྱེད་ཐུབ་ཅིང་། གྲུབ་འབྲས་ལེགས་པོ་ཐོབ་པའི་མི་མང་པོ་མེད། དེ་གཉིས་ཀ་ཡོད་ན་ད་གཟོད་ལས་རིགས་གཅིག་པའི་བརྩི་བཀུར་དང་གུས་བཀུར་ཐོབ་ཐུབ།

“ལས་རིགས་གཅིག་པས་ཡིད་སྨོན་ཆེན་པོ་བྱེད་པ”དང་། འདུ་ཤེས་དང་བྱེད་སྟངས་ལ་ལས་རིགས་གཅིག་པས་མིག་དཔེ་དང་སློབ་སྦྱོང་བྱེད་ས་ཡིན། སློབ་གསོའི་འདུ་ཤེས་ཀྱིས་མི་སྐྱོང་རིན་ཐང་རྨང་གཞིར་བྱས་ཡོད་ལ། མི་སྣ་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་ཀྱང་ཐག་གཅོད་བྱས་ཡོད་པས། སློབ་གསོའི་ལས་ཀ་བྱེད་མཁན་ཕུལ་བྱུང་ཅན་སུ་ཞིག་ཡིན་རུང་ཚང་མར་ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་ཡོད་དགོས། དེ་ལྟར་མིན་ཚེ་སློབ་གསོའི་ལས་རིགས་སུ་རྐང་པ་འཛུགས་དཀའ་བ་རེད། འཛིན་བདག་ནི་སློབ་གསོ་ལག་ལེན་བྱེད་མཁན་ཞིག་ཡིན་པ་དང་། སློབ་གསོའི་བློ་གྲོས་ཀྱིས་ཁེངས་པ། སློབ་གསོ་སློབ་ཁྲིད་དང་། འཛིན་གྲྭ་བཅོས་སྐྱོང་། དགེ་སློབ་ཀྱི་འབྲེལ་བ། སློབ་མའི་གདེང་འཇོག་སོགས་གང་ཐད་ནས་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་མ་ཟད། རྒྱ་ཆེའི་འཛིན་བདག་ལ་ལད་མོ་དང་སློབ་སྦྱོང་ཡང་བྱས་པ་རེད།

“ལས་རིགས་གཅིག་པར་ཡིད་སྨོན་ཆེན་པོ་བྱེད་པ”དང་། བྱས་རྗེས་དང་གཏམ་རྒྱུད་རྒྱ་ཁྱབ་ངང་ལས་རིགས་གཅིག་པར་བརྒྱུད་བསྒྲགས་དང་ཁྱབ་གདལ་གཏོང་བ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུ་པ་ནས་བཟུང་། དགེ་རྒན་ཝུའེ་ཧྲུའུ་ཧྲེང་གི་འཛིན་གྲྭའི་དོ་དམ་ལས་དོན་དེ་ཚང་མས་རྒྱ་ཁྱབ་ངང་སྤེལ་ནས་ཁྱབ་
གདལ་བཏང་། དགེ་རྒན་ཝུའེ་ཧྲུའུ་ཧྲེང་གི་དུས་མཚུངས་དང་སླད་ཕྱིན་ལ། འཛིན་བདག་གི་བྱས་རྗེས་དང་གཏམ་རྒྱུད་དེ་བས་མང་བ་ཞིག་གིས་རྒྱ་ཆེའི་ལས་རོགས་ཚོར་ཤུགས་རྐྱེན་ཐེབས་པ། དཔེར་ན། དགེ་རྒན་རིན་ཞའོ་ཨའེ་ཡི་འཛིན་གྲྭའི་དོ་དམ་དེ་དགེ་རྒན་ཝུའེ་ཧྲུའུ་ཧྲེང་དང་མི་འདྲ་ན་ཡང་། ཁོང་གི་བྱས་རྗེས་དང་གཏམ་རྒྱུད་དེ་རྒྱ་ཆེའི་ལས་རིགས་གཅིག་པའི་ཁྲོད་བརྒྱུད་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་མེད།

མི་གཅིག་དང་དོན་དག་གཅིག་གིས་མི་གཞན་ལ་ནང་སེམས་ནས་ཡིད་སྨོན་སྐྱེས་སུ་འཇུག་ཐུབ་ཚེ། མི་དེ་དང་དོན་དག་འདིས་དངོས་ནས་མི་གཞན་ལ་སེམས་འགུལ་ཐེབས་སུ་འཇུག་ཐུབ། 

༨ ལས་རིགས་ཀྱི་ཤུགས་རྐྱེན་བཟང་པོ།

“ལས་རིགས་ཀྱི་ཤུགས་རྐྱེན་བཟང་པོས”མི་ཁག་གཅིག་ལ་ཤུགས་རྐྱེན་ཐེབས་ཐུབ།ཕུལ་བྱུང་ཅན་ངོ་མ་སུ་ཞིག་ཡིན་རུང་ཚང་མས་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་གང་ཐད་ནས“ཡིད་དབང་འཕྲོག་པའི་འོད་ཟེར”མངོན་ཐུབ་པ་དང་། དེས་སློབ་སྦྱོང་བྱེད་མཁན་ཁ་ཤས་འགུག་སྲིད། ཕུལ་དུ་བྱུང་བའི་འཛིན་བདག་ཀྱང་དེ་ལྟར་ཡིན་ཏེ། ཁོ་ཚོའི་ཆེད་ལས་དང་བྱང་ཚད། གྲུབ་འབྲས། གཏམ་རྒྱུད་སོགས་ཀྱིས་མི་སྐོར་ཞིག་ལ་ཤུགས་རྐྱེན་ཐེབས་པ་དང་། དེའི་འཕྲོད་དུ་ཉེ་འགྲམ་གྱི་མི་དང་ཐག་མི་རིང་བའི་མི། ངོ་མི་ཤེས་པའི་མི་བཅས་ཡོད།

“ལས་རིགས་ཀྱི་ཤུགས་རྐྱེན་བཟང་པོའི”ཁྱབ་ཁོངས་དེར། ཐུན་མོང་མ་ཡིན་པ་དང་སྐུལ་འདེད་ཀྱི་ནུས་པའི་ཤུགས་རྐྱེན་ཡོད། ཕུལ་བྱུང་འཛིན་བདག་ནི་སློབ་གསོ་ལག་ལེན་བྱེད་མཁན་ཡིན་པས། ཉམས་མྱོང་མང་པོ་ཡོད་ལ། དཔེ་མཚོན་མང་པོ་ཡོད། སློབ་གསོའི་བློ་གྲོས་མང་པོ་ཡོད། ཁོང་ཚོའི་“མི་སྒེར་གྱི་གྱོད་གཞི”དེ་དག་“ཡོངས་ཁྱབ”ཀྱི་སློབ་གསོའི་འདུ་ཤེས་སུ་བསྒྱུར་ནས་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་། ཁྱབ་གདལ། བེད་སྤྱོད། ཕན་འབྲས་བཅས་ལྡན་པའི“ལག་ལེན་གྱི་བློ་གྲོས”དང་། “ལག་ལེན་གྱི་དཔེ་མཚོན” “བློ་སྒོ་འབྱེད་པ” “དཔེ་མཚོན་སློབ་ཚན”སོགས་ཀྱི་སློབ་གསོའི་གྲུབ་འབྲས་ཆགས་པ་བྱེད་དགོས།

༩ ཁྱིམ་མིར་དྲོ་སྐྱིད་ལྡན་པ།

“ཁྱིམ་མིར་དྲོ་སྐྱིད་ལྡན་པ”ནས་ནང་མི་དང་མཉམ་དུ་བདེ་ཐང་གི་འཚོ་བ་རོལ་ཞིང་། འཛིན་བདག་ཕུལ་བྱུང་ཅན་ནི་ད་དུང་ཁྱིམ་ཚང་བདེ་ཐང་དང་དྲོ་སྐྱིད་ལྡན་པ། སྤྱིར་བཏང་གི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འདྲ་བར། ཁྱོ་ཤུག་གི་བརྩེ་དུང་དང་། བུ་ཕྲུག་གི་བདེ་ཐང་། འཚོ་བ་ཕྱུག་པོ་བཅས་ཡིན། རང་སྲོག་བློས་གཏོང་བ་དང་ཁྱིམ་ཚང་སྡུག་བསྔལ་ཅན་དུ་འགྱུར་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་པའི་ཕུལ་བྱུང་གང་ཞིག་ཡིན་རུང་། ཚང་མར་སྐྱོན་ཆ་ཡོད་པ་དང་ཕུལ་བྱུང་འཛིན་བདག་ཀྱང་དེ་ལྟར་ཡིན།

“ཁྱིམ་མིར་དྲོ་སྐྱིད་ལྡན་པ”ནས་ཁྱིམ་ཚང་གི་འགན་འཁྲི་འཁུར་བ། འཛིན་བདག་ཕུལ་བྱུང་ཅན་ནི་ཁྱིམ་ཚང་གི་འགན་འཁྲི་འཁུར་ཐུབ་པ་དང་། ཁྱོ་ག་བྱེད་མཁན་གྱིས་ཁྱོ་གའི་འགན་འཁྲི་འཁུར་ཐབ་དགོས། ཆུང་མ་བྱེད་མཁན་གྱིས་ཆུང་མའི་འགན་འཁྲི་འཁུར་ཐུབ་དགོས། ཕ་མ་བྱེད་མཁན་གྱིས་ཕ་མའི་འགན་འཁྲི་འཁུར་ཐུབ་དགོས། བུ་ཕྲུག་བྱེད་མཁན་གྱིས་བུ་ཕྲུག་གི་འགན་འཁྲི་འཁུར་ཐུབ་དགོས། གཅེན་གཅུང་མིང་སྲིང་གིས་རང་གི་འགན་འཁྲི་འཁུར་ཐུབ་པ་སོགས། ཁྱིམ་ཚང་གི་འགན་འཁྲི་འཁུར་མི་ཐུབ་པའི་མི་ཞིག་གིས“ཕུལ་བྱུང”ངོ་མ་བཤད་ན་ཡང་ཆ་ཚང་བ་ཞིག་མིན།

“ཁྱིམ་མི་དྲོ་སྐྱིད་ལྡན་པ”དང་། ཁྱིམ་མིས་ཁྱེད་རང་གཟི་བརྗིད་དུ་བརྩི་བ། ཕུལ་བྱུང་འཛིན་བདག་ཕུལ་དུ་བྱུང་བ་ཡིན་པས་ལས་གྲོགས་དང་། ལས་ཁུངས། གྲོགས་པོ་བཅས་ཀྱི་ཁས་ལེན་ཐོབ་པ། ཕུལ་བྱུང་འཛིན་བདག་གིས་ད་དུང་ཁྱིམ་མིར་ཁྱེད་རང་གཟི་བརྗིད་དུ་བརྩི་རུ་འཇུག་དགོས། དེ་ནི་ཕུལ་བྱུང་འཛིན་བདག་གི་སྤྱི་ཚོགས་རིན་ཐང་ཙམ་མ་ཟད། ད་དུང་ཕུལ་བྱུང་འཛིན་བདག་གི་མི་ཆོས་རིན་ཐང་དང་ཁྱིམ་ཚང་གི་རིན་ཐང་སོགས་ཀྱང་ཡོད། ཕུལ་བྱུང་འཛིན་བདག་གིས་ཁྱིམ་མིར་རང་ཉིད་ཀྱི་ལས་ཀའི་རིན་ཐང་དང་། ལས་ཀའི་དོན་གཉེར། མཚན་སྙན། ལས་ཀའི་གྲུབ་འབྲས་སོགས་ཤེས་རྟོགས་དང་། ཐེ་ཞུགས། ཤེས་ཚོར། ཉམས་ལེན་བཅས་བྱེད་དུ་འཇུག་དགོས།
༡༠ རང་ཉིད་ཀྱི་རྣམ་པ་བཟང་པོ།

“རང་ཉིད་ཀྱི་རྣམ་པ་བཟང་པོ”ཞེས་པ་ནི་རང་ཉིད་ལ་དཀའ་ངལ་མི་བཟོ་བ་དང་། ཚུལ་འཆོས་མི་བྱེད་པ། འགན་འཁུར་བ། འགོག་གནོན་མི་བྱེད་པ། ཟེར་སྒྲོས་ཀྱི་རྗེས་སུ་མི་འབྲང་བ་བཅས་ལ་ཟེར། མི་རེ་རེའི་གནས་ཚུལ་ཅི་འདྲ་ཡིན་རུང་། རང་ཉིད་ནི་སྔོན་འགྲོའི་ཆ་རྐྱེན་དང་། ནང་གི་འདེད་ཤུགས། ཤེས་རྟོགས།གདམ་ག་བཅས་ཡིན།རང་ཉིད་ཀྱི“བཟང་པོ”མེད་ན། “བཟང་པོ”གཞན་དག་ཚང་མ“རྫུན་མ”ཡིན་སྲིད་པ་དང་། “རྒྱུན་འཁྱོངས་བྱེད་དཀའ་བ”དང་། “སྡུག་བསྔལ་དང་ཡིད་སྐྱོ་བ”ཡིན་སྲིད།

ཕུལ་བྱུང་འཛིན་བདག་གི་ལས་གནས་གཏན་འཁེལ་དང་། ལས་རིགས་ཀྱི་རེ་སྒུག  ལས་ཀའི་གནས་ཚུལ། བརྩེ་དུང་གི་རྣམ་འགྱུར་སོགས། ཚང་མ་རང་ཉིད་ཀྱི“དཀའ་ལས་མི་གཏོད་པ”ལས་བྱུང་། རང་ཉིད་ལ་དཀའ་ངལ་བཟོ་བ་ནི། སེམས་གཏིང་ནས་ཁས་ལེན་དང་རྗེས་སུ་འབྲངས་པ་ཞིག་མིན། “ཚུལ་འཆོས་མི་བྱེད་པ”ནི་རང་ཉིད་ངོ་མ་ཡིན་ན་གཞི་ནས་འོད་སྟོང་འབར་བའི་རང་ཉིད་ཡིན་པ་དང་། གཞི་ནས་ཡོད་ཚད་ལ་ཁ་གཏད་འཇལ་ཕོད་པའི་རང་ཉིད་ཡིན། “ཁུར་པོ་ཚད་ལས་མི་བརྒལ་བ”ནི་མི་ལ་ཚད་ཡོད་པ་དང་། མི་རེར་ཚད་མི་འདྲ་བ་ཡོད་མོད། འོན་ཀྱང་མི་སུ་ཞིག་གིས་ཀྱང་ཡུན་རིང་པོར་ཁུར་པོ་ལྗིད་པོ་ཁུར་ནས་མདུན་དུ་སྐྱོད་མི་རུང་། དེ་ལྟར་བྱས་ན་“ཁུར་པོ་ལྗིད་པོ”འཁུར་མི་ཐུབ། “འགོག་གནོན་མི་བྱེད་པ”ནི་རང་དབང་ཡོད་ན་གཞི་ནས་སྒུལ་ཤུགས་ཡོད་པ་དང་། གཞི་ནས་གསོན་ཤུགས་ཡོད་པ།གཞི་ནས་རྒྱུན་མཐུད་དང་རང་མོས་ངང་མཐའ་འཁྱོངས་དང་བརྟན་སྲུང་བྱེད་ཐུབ། “ཧོལ་རྒྱུག་མི་བྱེད་པ”དང་། གཞན་དབང་དུ་གྱུར་པ། བསམ་ཤེས་མི་བྱེད་པ་བཅས་ཚང་མར་རང་འགུལ་གྱི་བསམ་པ་མེད་པ་དང་། གསར་སྐྲུན་བྱེད་ནུས་མེད་པ་སོགས་ཚང་མ་གནས་སྐབས་ཙམ་ཡིན།

“རང་ཉིད་ཀྱི་རྣམ་པ་བཟང་པོ”སྟེ། རང་ཉིད་ཀྱི་ལས་གནས་ལ་དགའ་བ་དང་། ལས་རིགས་ལ་དགའ་བ། མིག་སྔའི་གནས་བབ་ལ་དགའ་བ། ལས་ཁུངས་ལ་དགའ་བ། རྣམ་པར་དགའ་བ་བཅས་ཡོད། ཕུལ་བྱུང་འཛིན་བདག་བཟང་པོའི་ནང་ད་དུང་ཕྲུ་གུ་ཚོར་དགའ་པོ་བྱེད་པ་དང་། ཕྲུ་གུར་སྤྲོ་སྣང་ལྡན་ལ་བརྟན་ལྷིང་གི་སློབ་སྦྱོང་ཁོར་ཡུག་གཏོད་པ། “ཕྲུ་གུ”དང“ཕྲུ་གུར་མཁོ་བའི”རྣམ་པར་དགའ་པོ་བྱེད་པ་བཅས་ཚུད་ཡོད།

དེང་སྐབས་འཛིན་བདག་བྱེད་འདོད་པའི་དགེ་རྒན་ཅིའི་ཕྱིར་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་རེད། དེ་ནི་དགེ་རྒན་རང་ཉིད་ཀྱི་རྒྱུ་རྐྱེན་ལས་གཞན། འཛིན་བདག་གི་བྱ་བ་ནི“སྤྲོ་སྣང་མེད་པ”ཞིག་ཡིན་པའི་སྟབས་རེད། རྒྱུ་མཚན་ནི་རེ་བ་བཏོན་པ་མང་བ་དང་། གཞན་དབང་གི་བྱ་བ་མང་བ། གནོན་ཤུགས་ཆེ་བ། མི་མངོན་པའི་ཉེན་ཁ་ཆེ་བ། སློབ་གསོ་མིན་པའི་འགན་འཁྲི་འཁུར་བ། བྱ་བ་སྒྲུབ་པ་མང་བ་བཅས་རེད།

ཕུལ་བྱུང་འཛིན་བདག“ཕུལ་བྱུང”ཡིན་པའི་རྒྱུ་མཚན་ནི་ཁོང་ཚོ་རང་ངོས་ཀྱི“དགའ་བ”མང་པོ་ཡོད་པ་ཕུད། ད་དུང་ཕྱི་རོལ་གྱི་ཁོར་ཡུག་དང་སློབ་གྲྭའི་སྣོད་བཅུད་ཀྱང་ཡོད། དེར་བརྟེན“བྱིས་པའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་པ”ཞེས་པའི་སྐད་ཆ་གཡར་ནས་ད་ལྟ་འཛིན་བདག(དགེ་རྒན་དང་། སློབ་གྲྭ། སློབ་གསོ།)གི་མཛའ་མཐུན་ཅན་གྱི་སྐྱེ་ཁམས་འཛུགས་སྐྱོང་བྱེད་དགོས། དེ་ལས་ལྡོག་ཚེ་སློབ་གསོའི་གནད་དོན་རྫོགས་མཐའ་མེད་པར་སྤྱི་ཚོགས་ཀྱི་གནད་དོན་དུ་འགྱུར་སྲིད།

ཕུལ་དུ་བྱུང་བའི་འཛིན་བདག་གི་ཕུལ་བྱུང་བྱ་བ་མང་པོ་ཡོད་ལ། རིགས་ཀྱང་མང་པོ་ཡོད། རྩོམ་ཡིག་འདི་ནི་རྩོམ་པ་པོ་རང་ཉིད་ཀྱི་ངོས་ཐད་ནས་ཕུལ་དུ་བྱུང་བའི་འཛིན་བདག་གི“བཟང་བོ”བཅུ་གླེང་བ་དང་། ཕུལ་དུ་བྱུང་བའི་འཛིན་བདག་རྣམས་ལ་སློབ་སྦྱོང་དང་གུས་འདུད་ཞུ་བ་ཡིན་ནོ། ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号