སྐུ་ཞབས་ཆའན་ལི་ཆུན་གྱིས་སློབ་གསོ་དང་མི་ཚེ་གླེང་བ།
ལོ་གསུམ་གྱི་དུས་ཚོད་ནི་སྐད་ཅིག་ཉིད་དུ་ཕྱིན་སོང་། ད་ཐེངས་རྒན་ཆའན་ལགས་དང་ཡང་བསྐྱར་མཇལ་བས་ངའི་ཁོང་ལ་བཅངས་པའི་དྲན་གདུང་ཇེ་ཟབ་ཏུ་བཏང་། ངེད་གཉིས་ཀྱི་སྐབས་འགར་ཁ་པར་བརྒྱུད་ནས་ཕན་ཚུན་གྱི་གནས་ཚུལ་རྒྱུས་མངའ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་གོམ་ཁ་དེ་ཙམ་གྱི་བདེ་ལྕག་འཁྱུག་པོ་མི་འདུག་ཅེས་གསུངས་དུས། སེམས་ལ་མི་བཟོད་པའི་ཆུ་རིས་ཤིག་བར་མེད་དུ་ལྡིང་སོང་
ཐེངས་འདིའི་པེ་ཅིན་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ཁྱིམ་མི་འདུ་འཛོམས་ཡིན་ལ། དུས་ཚོད་ཀྱི་དབང་གིས་ཡུན་ཐུང་ངུའི་ནང་བྲལ་འཚུབ་ཀྱི་ལས་ཀ་མང་པོ་བྱས་པ་ཡིན། ཡིན་ན་ཡང་། རྒན་ལགས་ལ་མཇལ་བའི་ཆེད་དུ་ངས་ཉིན་ཕྱེད་ཀྱི་དུས་ཚོད་བཙལ་ནས་རྒན་ཆའན་ལགས་ལ་མཇལ་བར་ཕྱིན་པ་ཡིན།
མཇལ་བར་ཕེབས་དུས། རྒན་ལགས་ཀྱིས་ང་རང་ཡུན་རིང་པོར་མཇལ་རྒྱུ་མ་བྱུང་པའི་གྲོགས་པོ་རྙིང་པ་ཞིག་གི་ཚུལ་དུ་མགྱོགས་མྱུར་ངང་སྒོ་ཕྱེས་ནས་མདུན་བསུ་བྱས་སོང་། ངས་ཁོང་ལ་འཐམ་ནས་བདེ་ཐང་གི་གནས་ཚུལ་དྲིས་དུས། ཁོང་གིས་རྐང་ལག་དེ་ཙམ་མཁྱུག་པོ་མི་འདུག་ཅེས་པ་ལས་གླེང་མ་སོང་། ངས་ཁོང་ལ་འགྲོ་སྐྱོད་མང་པོ་བྱེད་དགོས་ཚུལ་ལབ་པ་དང་། ཡིན་ཡང་། ཁོང་གི་གོམ་སྟབས་དལ་ལ་བརྟན་པོ་ཡིན་པ་མཐོང་དུས། ངའི་སེམས་ཁྲལ་དེ་ཙམ་བྱེད་མི་དགོས་བའི་སྣང་བ་སྤྲད།
ཁ་བརྡའི་ཁྲོད་དུ། རྒན་ཆའན་ལགས་ཀྱིས་ངས་ཀའེ་ཀྲུའུ་ཞིང་ཆེན་དུ་སློབ་གྲྭ་བཙུགས་པའི་དོན་དག་ལ་སྤྲོ་སྣང་ཆེན་པོ་ཡོད་པའི་སྣང་ཚུལ་བསྟན། ངས་དེ་མ་ཐག་ཏུ་རྒན་ལགས་ལ་དེའི་སྐོར་ནས་སྙན་སེང་ཞུས་པ་ཡིན་ལ། ངས་སྙན་ཞུ་ཕུལ་ཚར་རྗེས། ཁོང་གིས་ཕྱོགས་སྡོམ་གཏམ་བཤད་ཀྱི་ཚུལ་དུ་ཉམས་མྱོང་ཕྱོགས་སྡོམ་བྱས་སོང་། གཏན་ཚིགས་དང་ལྡན་པའི་བསྡོམས་ཚིག་རེ་རེ་ནི་ཁོང་གི་མི་ཚེའི་ཉམས་མྱོང་གི་དཔང་ཚིག་ཡིན་འདུག
དང་པོ། སློབ་གསོའི་ཕུགས་བསམ་བརྟན་སྲུང་།
རྒན་ཆའན་ལགས་ཀྱིས་གཞོན་ནུ་དག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་མོར་བསུ་བར་ལྟ་གོན་ལེགས་པོ་བྱེད་དགོས་བྱེད་དགོས་པ་དང་། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དུས་རབས་སུ་ལྟ་ཞིབ་དང་རེ་སྒུག་བྱེད་ཐུབ་པ་ཞིག་ཡོང་དགོས་ཞེས་གསུངས། ཁོང་གིས་ཐའན་ཙི་ཀེའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཤིང་རྒྱུན་འཁྱོངས་བྱེད་དགོས་པའི་སྐུལ་མ་གནངས། ཁོང་གིས་ད་དུང་ང་ལ་ཁྱེད་ཚོས་བརྩོན་ལེན་བྱེད་པའི་སློབ་གསོ་ནི་མི་གཤིས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་སློབ་གསོ་ཞིག་དང་། འབྱུང་འགྱུར་དང་མཐུན་པའི་ཁ་ཕྱོགས་རེད་ཅེས་སློབ་གསོའི་ཕུགས་བསམ་བརྟན་སྲུང་བྱེད་དགོས་པ་མ་ཟད་ཡིད་ཆེས་བརྟན་པོ་བཅངས་དགོས་པའི་སྐུལ་ལྕག་གནངས།
ངས་བརྟན་སྲུང་བྱེད་དཀའ་མོ་ཡིན་ཚུལ་ཞུས་མོད། རྒན་ཆའན་ལགས་ཀྱིས་ཐབས་དང་བློ་གྲོས་དགག་ལན་སློག་པ་མ་ཟད་དེའི་སྐོར་ནས་ང་ཚོར་ལས་དེ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཞིང་། དགེ་རྒན་གྱི་སྐྱེད་སྲིང་དེ་མི་སྐྱེད་སྲིང་གི་མཐོ་ཚད་ལ་སླེབས་སུ་འཇུག་རྒྱུ་ཡིན་པ་དང་། མི་རྩ་བར་འཛིན་པའི་མཐོ་ཚད་དུ་སླེབས་ཡོད་ཚུལ་གསུངས། ད་དུང་ཁོང་གིས་ང་ལ་དགེ་རྒན་ཞིག་ལ་ཤུགས་རྐྱེན་ཐེབས་ན་སློབ་མ་སྐོར་ཞིག་ལ་ཤུགས་རྐྱེན་ཐེབས་ཐུབ་པ་དེ་ཤེས་དགོས་ཞེས་གསུངས།
ངས་རྒན་ལགས་ལ་རང་གི་མཐོང་སྣང་དུ་གྱུར་ཟིན་པའི་སློབ་གསོའི་སྐོར་གྱི་དཀའ་ངལ་དང་གནད་དོན་དེ་དེང་གི་མི་རྣམས་ཀྱི་སེམས་སུ་སེམས་ཁྲལ་ཆེ་བ་དང་འབྱུང་འགྱུར་ལ་མགོ་འཐོམ་པ། ལས་ཀ་བྱེད་འདོད་དང་བྱེད་ཤུགས་མེད་པ་བཅས་ཀྱི་སྣང་ཚུལ་ཁག་ཞུས་པ་ཡིན་ལ། དེ་ནས་ངེད་གཉིས་ཀྱིས་དོན་དངོས་མེད་པ། ངོས་འཛིན་གཅིག་མཐུན་བྱེད་མི་ཐུབ་པ་དང་གཏན་འཁེལ་བྱེད་མི་ཐུབ་པ་ཞེས་པའི་དུས་རབས་ཀྱི་གནས་ཚུལ་དེ་འདྲ་ཐོན་དགོས་པའི་རྒྱུ་དང་རྐྱེན་ལ་དོགས་ཞིབ་བྱས་པ་ཡིན་ལ། རྒན་ལགས་ཀྱིས་ན་གཞོན་རྣམས་ལ་ངར་ཤུགས་དང་བློ་གྲོས་ལྡན་དགོས་ཤིང་། ལས་སླ་མོར་བློས་གཏོང་མི་རུང་ལ། དུས་བབ་དང་བསྟུན་ནས་བྱ་བ་ལེགས་པོ་སྒྲུབ་ཤེས་པ་ཞིག་དགོས་གསུངས། ཁོང་གིས་ངས་ལས་ཀ་བྱས་པ་ཡག་པོ་ཡོད་ཚུལ་གསུངས་པ་དང་། ང་ལ་ལྟ་ཞིབ་མང་པོ་དང་བསམ་བློ་མང་པོ་བཏང་ནས་ལས་ཀ་སྒྲུབ་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་ཁ་རོག་ཏུ་བསྡད་ཆོག་མོད། འོན་ཀྱང་གཞུང་སེམས་དང་འགལ་བའི་སྐད་ཆ་བཤད་མི་རུང་། བྱས་རྗེས་ཆེན་པོ་འཇོག་མི་ཐུབ་ན་འབྲིང་ཙམ་ཞོག འབྲིམ་ཙམ་འཇོག་མི་ཐུབ་ན་ཆུང་ཙམ་ཞོག གང་ལྟར་བྱས་རྗེས་འཇོག་ཅི་ཐུབ་བྱེད་དགོས་ཞེས་གསུངས། དེ་ནས་མུ་མཐུད་དུ་ཁྱོད་ཚོའི་གསོ་སྦྱོང་ནི་བྱས་རྗེས་ཤིག་རེད། གསོ་སྦྱོང་གིས་དགེ་རྒན་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་ལ། མི་ཚེའི་མྱོང་རོལ་ནས་བསམ་གཞིག་དང་ཐབས་ཤེས་གང་ཅིའི་ཐད་ནས་ཤུགས་རྐྱེན་ཐེབས་ངེས་ཡིན། དོན་སྙིང་གལ་ཆེན་དང་ལྡན་པ་ཞིག་རེད། གསོ་སྦྱོང་ལ་དེ་མ་ཐག་འབྲས་བུ་མ་མངོན་ནའང་སྐྱོན་མེད། དེ་ས་བོན་བཏབ་པའི་ཚུལ་དུ་རྩིས་དང་། ནམ་ཞིག་འབྲས་བུ་སྨིན་ངེས་ཡིན་ཞེས་གསུངས་སོང་།གཉིས་པ། གྲོང་གསེབ་དགེ་རྒན་གྱིས་དཔེ་ཆ་མང་པོ་ཀློག་པ་དང་མིག་རྒྱ་ཇེ་ཆེར་གཏོང་དགོས།
གྲོང་གསེབ་དགེ་རྒན་གྱི་མདུན་དུ་ལྷགས་པའི་དཀའ་ངལ་དང་ཚད་བཀག་གླེང་དུས། རྒན་ལགས་ཀྱིས་དེའི་གནད་དོན་མཐོང་རྒྱ་དང་ཁེ་ཕན་ལ་རག་ལས་ཡོད་ཚུལ་དབྱེ་ཞིབ་ཀྱི་ཚུལ་དུ་གསུངས། ཁོང་གིས་གྲོང་གསེབ་དགེ་རྒན་གྱི་ཁོར་ཡུག་ལྟོས་བཅས་ཀྱིས་བཀག་རྒྱ་ཐེབས་ཡོད་པ། མཐོང་སྣང་དུ་གྱུར་པའི་འཇིག་རྟེན་རྒྱ་ཆུང་ལ། འདུ་ཤེས་དང་བསམ་བློའི་བར་ཐག་རིང་བས། ཁོ་ཚོས་མིག་མདུན་གྱི་དོན་དག་གཙོ་བོར་བཟུང་བ་ཡིན་ཞེས་གསུངས། དེ་ནས་ཁོང་གིས་དགེ་རྒན་དག་གིས་དཔེ་ཀློག་མང་པོ་བྱེད་དགོས་པ་དང་ཕྱི་རོལ་ཏུ་མང་ཙམ་འགྲོ་དགོས་པའི་སྐུལ་མ་གཏོང་དགོས་ཚུལ་གསུངས། ཁོང་གིས་མཐོང་རྒྱ་བསྐྱེད་རྒྱུ་དེ་གལ་ཆེ་ལ། མཐོང་རྒྱ་ཆེར་བསྐྱེད་ན་འདུ་ཤེས་དང་ལེན་བྱེད་རྒྱུར་ཕན་པ་ཡོད་པ་གསུངས། ངས་རྒན་ལགས་ལ་འཇིག་རྟེན་ལྟ་བ་ཞེས་པ་ནི་འཇིག་རྟེན་ལ་བལྟས་ནས་གྲུབ་པ་རེད་འདུག་གོ་ཞེས་བཤད་དུས་རྒན་དེར་མོས་མཐུན་ཡོད་པའི་ཚུལ་བསྟན།
གསུམ་པ། རྩེད་མི་ཤེས་པའི་བྱིས་པས་སློབ་སྦྱོང་བྱེད་མི་ཤེས།
རྒན་ཆའན་ལགས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་ལག་སྐྱེས་ཞིག་ང་ལ་སྤྲད་བྱུང་། དེ་ནི་རྒན་ཅིན་ཐའོ་ལགས་ཀྱིས་བརྩམས་ཤིང་ཁོང་གིས་དཔྱད་བརྗོད་གནངས་པའི«འབུ་སྲིན་གྱི་བག་ཆགས»ཞེས་པའི་དེབ་དེ་རེད། དེབ་དེའི་སྟེང་དུ་ངའི་མིང་དང་ཁོང་གི་མཚན་བཀོད་འདུག་ལ། ཤོག་ངོས་ཁ་ཤོས་ཀྱི་སྟེང་དུ་ཁོང་གིས་དེབ་དེ་ཀློག་དུས་གཙོ་གནད་ལ་བརྒྱབ་པའི་རྟགས་དང་མཆན་འགྲེལ་ཁ་ཤས་ཀྱང་འདུག ཁོང་གིས་ཁོང་ད་ལྟར་བྱིས་པའི་སློབ་གསོ་དང་ཕ་བུའི་སློབ་གསོའི་ལས་ལ་གཞོལ་གྱི་ཡོད་ཅེས་གསུངས། དེ་ནི་གཙོ་བོ་ཁོང་གིས་རྩེད་མོ་རྩེ་བ་དེས་བྱིས་པའི་འཆར་སྣང་དང་བསམ་པའི་བཀོད་ཤུགས་གསོ་སྐྱོང་བྱེད་རྒྱུར་ནུས་པ་གལ་ཆེན་འདོན་ཐུབ་པ་ཧ་གོ་བས་ཡིན་གསུངས། ངེད་གཉིས་ཀྱིས་དེང་གི་བྱིས་པར་རྩེད་མོ་རྩེ་བའི་དུས་ཚོད་དཀོན་པ་མ་ཟད་རྩེད་མི་ཤེས་ཚུལ་གླེང་དུས། ཁོང་གིས་ཁོང་རང་ཉིད་ནས་སྒྲུབ་ཐུབ་པའི་ལས་ཀ་མང་པོ་མེད་པས་ཅི་ཙམ་སྒྲུབ་ན་དེ་ཙམ་ཡིན་ཞེས་གསུངས། ཁོང་གིས་བསམ་པར་ཁྱིམ་བདག་རྣམས་ཀྱིས་རྩེད་མོ་མེད་ན་སློབ་སྦྱོང་མེད་པ་དང་། བྱིས་པ་དག་རང་བྱུང་ཁམས་ཆེན་མོ་དང་བྲལ་བ་ཡིན་ན་ཚེ་སྲོག་གི་འཇིག་ཉེན་དང་འཕྲད་འོངས་ཞེས་གསུངས། ངས་རྒན་ལགས་ཀྱི་དགོངས་པར་མོས་མཐུན་ཡོད་ཚུལ་ཞུས་པ་དང་ཆབས་ཅིག ཁོང་གིས་ང་ལ་གང་ལྟར་བྱས་རྗེས་འཇོག་དགོས་ཞེས་པའི་སྐད་ཆའི་ནང་དོན་ཧ་གོ་སོང་། དེའི་ནང་དོན་ནི་ནུས་པ་ཡོད་རྒུས་སྤྱི་ཚོགས་ལ་བྱས་རྗེས་འཇོག་རྒྱུ་དེ་ཡིན་ལ། ནམ་ཡང་ཞུམ་པ་བྱེད་མི་རུང་བའི་དོན་ཡིན་འདུ།
ངས་དེང་རབས་ཚན་རྩལ་འཕེལ་རྒྱས་དང་མིའི་རིགས་འཕེལ་རྒྱས་བར་གྱི་མཉམ་འགུལ་ལ་འཛིན་པའི་ལྟ་ཚུལ་རགས་ཙམ་གླེང་བ་ན། ཁོང་གིས་འགྲོ་བ་མིའི་རིགས་ལ་མཚར་སྣང་གི་བསམ་པ་དང་། བསམ་པའི་བཀོད་ཤུགས། གསར་གཏོད་ཀྱི་ནུས་པ་བཅས་ཤོར་བ་ཡིན་ན། AIདང་སྡུར་ཐབས་བྲལ་བ་ཡིན་ལ། བྱིས་དུས་ཀྱི་མཚར་སྣང་གི་བསམ་པ་དང་། བསམ་པའི་བཀོད་ཤུགས། གསར་གཏོད་ཀྱི་ནུས་པ་བཅས་གསོ་སྐྱོང་བྱེད་རྒྱུ་དེ་ཁྱིམ་བདག་གི་འགན་འཁྲི་གཙོ་བོར་བྱེད་དགོས་ཞེས་གསུངས། དེ་ནས་རྒན་ལགས་ཀྱིས་རང་ཉིད་བྱིས་དུས་རྩེད་མྱོང་བའི་འགྱིག་མདའ་སོགས་གླེང་ནས་དགའ་མགུ་སྤྲོ་བའི་རྣམ་པ་བསྟན་ལ། ངས་རྩེད་མོའི་ཚུལ་དུ་རྒན་ལགས་ཡང་བྱིས་པ་དང་གཅིག་མཚུངས་རེད་ཅེས་བསམ་མེད་དུ་བཤད་དུས། རྒན་ལགས་ཀྱིས་ཁོང་རང་སྙིང་རྗེ་པོར་ཆགས་ཀྱི་འདུག་གམ་ཞེས་ང་ལ་ལྟ་བཞིན་གསུངས།བཞི་པ། འཆི་བ་འདུས་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་པ།
རྒས་འཆིའི་ཆོས་ཉིད་སྐོར་ལའང་ངེད་གཉིས་ཀྱིས་གླེང་མོལ་བྱས་པ་ཡིན། ངས་རང་གི་སྒྱུག་པོ་དང་སྒྱུག་མོ་རྒས་ཚུལ་བཤད་པ་ཡིན་ལ། རྒན་ལགས་ཀྱིས་ཁོང་ཐེངས་ཤིག་ཐང་ལ་འགྱེལ་རྗེས་རང་ཉིད་རྒས་པའི་རྣམ་པར་བསམ་བློ་བཏང་ཚུལ་གསུངས། ཁོང་གིས་ང་ཚོས་དོན་དངོས་གཉིས་ངེས་པར་དུ་དང་ལེན་བྱེད་དགོས་པ་དང་། དེ་གཉིས་ནི་མིའི་ཚེ་སྲོག་ལ་ཚད་ཡོད་པ་དང་། སྨན་བཅོས་ཀྱི་ཕན་འབྲས་ལ་ཚད་ཡོད་པ་དེ་ཡིན་ཞེས་གསུངས། དེ་ནས་རྒན་ལགས་ཀྱིས་ཚེ་མཇུག་དུས་རིམ་གསུམ་དུ་ཕྱོགས་བསྡུས་བྱས་སོང་།
དུས་རིམ་དང་པོ་ནི་གཟུགས་པོ་རྒས་པའི་དུས་རིམ་ཡིན། དུས་རིམ་དེར་གཙོ་བོ་ཀླད་པ་དྭངས་རུང་རྐང་པ་འཁྲུག་པོ་མེད།
དུས་རུམ་གཉིས་པ་ནི་ཀླད་པ་རྒས་འགོ་བརྩམས་པའི་དུས་རིམ་ཡིན། སྐབས་འདིའི་མིས་མེ་ལོང་ལ་བལྟ་མི་འདོད།རྒྱུ་མཚན་ནི་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པ་རེད། ང་སུ་ཡིན་ནམ་ཞེས་པའི་དྲི་བ་ཐོན་འོངས།
དུས་རིམ་གསུམ་པ་ནི་ཆེས་འཇིགས་སུ་རུང་བའི་དུས་རིམ་ཡིན། མི་ད་དུང་ཤི་མེད་མོད་སྤྱི་ཚོགས་ཀྱིས་ཁྱོད་རང་འདོར་ངེས་བ་རེད།དེའི་རྒྱུ་མཚན་ནི་ཁྱོད་ལ་རིན་ཐང་མེད་པས་རེད།
ངའི་སྔོན་ཆད་རང་ཉིད་འཆི་བར་འཇིགས་སྣང་སྐྱེས་སྲིད་སྙམ་མོད། ད་ལྟ་བལྟས་ཡོང་ན་ང་རང་རྒས་པ་ལ་འཇིགས་སྣང་ཡོད་པ་རེད། དུས་རིམ་གསུམ་པོ་དེར་གདོང་གཏོད་རྒྱུ་དཀའ་བའི་ཚུལ་རེད། མཚམས་ལར་ངས་ཀྱང་རང་ཉིད་ཀྱི་ལོ་མང་པོའི་རིང་ལ་རང་སྲོག་བློས་གཏོང་བྱས་ནས་སྤྱི་ཕན་སྒྲུབ་པའི་རྒྱུ་རྐྱེན་གཅིག་ནི་ཚེ་མཇུག་ལ་དགེ་སྒྲུབ་ཀྱི་སེམས་དང་སྤྱོད་པ་དེས་རང་ཉིད་ལ་ཤི་ཐབས་ཡག་པོ་ཞིག་སྟེ། སྡུག་བསྔལ་མེད་པ་དང་། གཞན་ལ་དཀའ་ལས་མི་གཏོད་པར་བག་ཕེབས་པའི་ངང་དགའ་མགུ་དང་བཅས་མི་ཡུལ་དང་ཁ་བྲལ་བའི་ཆེད་དུ་ཡིན། དེ་ནས་ངེད་གཉིས་ཀྱིས་ཚེ་ཐུང་ནད་མེད་ཀྱི་ལྟ་སྟངས་ལ་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་ཡིན། རྒན་ལགས་འོད་ཁྲ་ཤིག་ཤིག་ཏུ་འཕྲོས་པའི་སྒེའུ་ཁུང་གི་འགྲམ་དུ་བསྡད་དེ་ང་དང་མཉམ་དུ་འཚོ་བ་དང་མི་ཚེའི་གནས་ལུགས་གླེང་མོལ་བྱས། ཁོང་གིས་ང་རང་འབྱུང་འགྱུར་ལ་མཚར་སྣང་དང་འཆར་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་ངའི་ཤི་ཐབས་ལ་ཡ་མཚན་ཆེན་པོ་འདུག་ཅེས་བག་མེད་དང་ཐ་ན་ཁ་མཚར་གྱི་ཚུལ་དུ་གསུངས།
སྒེའུ་ཁུང་ནས་འཕྲོས་ཡོང་པའི་འོད་ཐིག་གི་འོག་ཏུ། རྒན་ལགས་ཀྱི་བཞིན་རས་ནི་དེ་བས་གསོན་ཤུགས་ལྡན་པ་ཞིག་ཏུ་སྣང་ལ། ལོ་ཟླའི་ཞབས་རྗེས་ཡིས་ཁོང་ལ་གསོན་ཤུགས་གསར་པ་ཞིག་སྤྲད་པ་དང་ཡེ་ནས་འདྲ། དེ་སྔོན་ལོ་ཟླའི་ཆུ་རིས་བརྐོས་པའི་གཉེར་རིས་དག་ད་ལྟའི་དུས་ལ་འཇམ་ཞིང་འཇམ་ལ། མིག་གུང་ཆུང་རུ་ཕྱིན་རུང་འོད་སྣང་འཇམ་པོ་ཞིག་འཕྲོ་བཞིན་གདའ། ངས་ཁོང་གི་སེམས་ཁམས་དང་ཉམས་འགྱུར་བཅས་ཕྱི་ནང་ཐམས་ཅད་ནས་འགྱུར་བ་ཕྱིན་པ་མཐོང་སོང་ལ། ཁོང་ཉིད་སྔར་ལས་གཅེས་སུ་འོངས་པ་དང་རང་དབང་ལྡན་པའི་མི་ཞིག་དང་བྱིས་བློ་མ་ཉམས་པའི་རྒན་པ་ཞིག་ཏུ་གྱུར་འདུག ངས་རྒན་ལགས་ལ་ཁྱེད་ཀྱི་བཞིན་རས་དངོས་ནས་བྱིས་པ་ཞིག་དང་དབྱེར་མེད་དུ་ཆགས་འདུག་ཅེས་བཤད་དུས། རྒན་ལགས་ཀྱིས་འདི་ནི་བགྲེས་པོ་བྱིས་པ་ཞིག་ཏུ་གྱུར་པའི་སྤྲོ་སྣང་རེད་ཅེས་གསུངས་སོང་།
ཚུ་ཚོད་གཉིས་ཀྱི་མཉམ་འཛོམས་ནི་སྤྲིན་པ་ལྷོ་ལ་བཞུར་བ་བཞིན་དུ་ཡལ་སོང་། རྒན་ལགས་ཀྱིས་ང་རང་གནམ་གྲུའི་རྗེས་ཟིན་པར་མི་འདུག་བསམས་ནས་སེམས་འཁུར་གང་མང་བྱས་སོང་མོད། ངས་ད་རེས་མཉམ་འཛོམས་ཀྱི་གོ་སྐབས་འདི་ནི་རིན་ཆེན་གསེར་ལས་དཀོན་པ་སྔ་མོ་ནས་ཧ་གོ་ཡོད། དེ་ནས་ང་ཚོས་རྗེས་དྲན་བྱེད་ཆེད་རང་པར་བསྐྱོན་ནས་དྲན་རྟགས་བཞག་པ་ཡིན། བྲལ་ཁར། ངས་ཐེངས་རྗེས་མར་པེ་ཅིན་ལ་ཡོང་དུས་ཡང་བསྐྱར་མཇལ་བར་་ཁས་བླངས་པ་ཡིན་ལ། དྲོ་སྐྱིད་ལྡན་པའི་འཚམས་འདྲི་དེ་མཇུག་བསྒྲིལ་རྗེས། ང་ཕྱིར་ལོག་གི་རྒྱང་བཞུད་ལ་ཞུགས་པ་དང་། ངའི་ལམ་བྲོར་རྒན་ལགས་ཀྱི་བློ་ཁོག་དང་བློ་གྲོས། བསྟན་བཤིག་ཚ་པོའི་ཉམས་སྣང་། དེ་མིན་ཚེ་སྲོག་ལ་བཅངས་པའི་ཐུན་མིན་ལྟ་སྟངས་བཅས་དང་། རྒན་ལགས་ལ་བཅངས་པའི་བཀའ་དྲིན་བཅས་བསྣམས་ནས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注