ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་བསྡུར་སྐབས་བརྒྱད་པ་རྐང་ཚ་རྫོང་དུ་མཇུག་སྒྲིལ་པ།

ཟླ7པའི་ཚེས3ཉིན།ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་བསྡུར་སྐབས་བརྒྱད་པ་རྐང་ཚ་རྫོང་དུ་མཇུག་སྒྲིལ་ལ། ཞིང་ཆེན་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཝུའེ་ཀྲང་། རྐང་ཚ་རྫོང་གི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་བཅས་མཛད་སྒོར་ཞུགས་ཤིང་། རྐང་ཚ་རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཅི་ཧྲི་ཝུའེ་ཡིས་མཇུག་སྒྲིལ་མཛད་སྒོ་གཙོ་སྐྱོང་གནང་།

སྐབས་འདིའི་འགྲན་བསྡུར་ལ་རྒྱལ་སྤྱིའི་མདའ་འཕེན་འགྲན་བསྡུར་གྱི་སྒྲིག་སྲོལ་གཞིར་བཟུང་ཐོག གཞུ་རིགས་བཞི་དང་རྣམ་གྲངས་ལྔ་བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་བསྡུར་དེ་ས་ཁོངས་དང་མི་རིགས། ཤ་མདོག་བཅས་ཀྱི་དབྱེ་བ་མེད་པར་རྒྱལ་ཁབ་དང་ས་ཁུལ24ཡི་རུ་ཁག52ལྷག་གི་མི900ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད། ཉིན་གསུམ་གྱི་འགྲན་བསྡུར་བརྒྱུད། རྒྱ་ཆེའི་རྩལ་ཁྲིད་པ་དང་ཤན་འབྱེད་པ། དང་བླངས་པ། ལས་སྒྲུབ་མི་སྣ་བཅས་ཀྱིས་ཚད་མཐོའི་ལས་བཀུར་སྙིང་སྟོབས་ལ་བརྟེན་ནས་འགྲན་བསྡུར་གྱི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་ནུས་ལྡན་བྱས་པ་དང་། སྨྱན་སྦྱོར་དང་གསར་འགྱུར་གསར་འགོད་པས་སྨྱུ་གུ་དང་གསོན་ཉམས་དོད་པའི་པར་རྩལ་ལ་བརྟེན་ནས་འགྲན་བསྡུར་གྱི་ངོ་མཚར་བའི་སྐད་ཅིག་མ་དེ་བརྒྱུད་སྤྲོད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྐང་ཚའི་མཛེས་ཉམས་མངོན་པར་བྱས་པས།  བོད་མཁར་རྐང་ཚའི་ཤུགས་རྐྱེན་ཐེབས་ནུས་དང་སྙན་པ་མཐོ་རུ་བཏང་། 

སྐབས་འདིའི་འགྲན་བསྡུར་ནང་གཞོང་ཐང་རྫོང་རུ་ཁག་དང་ཧྲེན་ཀྲེན་རུ་ཁག  དམར་གཙང་ཆུས་རུ་ཁག མཚོ་བྱང་ཁུལ་རུ་ཁག  གུང་ཧོ་རྫོང་རུ་ཁག་བཅས་ལ་སོ་སོར་དེང་རབས་སྲོལ་རྒྱུན་གཞུའི་སྐྱེས་མའི་མི10ཡི་ཚོགས་ཆུང་དང་དེང་རབས་སྲོལ་རྒྱུན་གཞུའི་མི5ཡི་ཚོགས་ཆུང་། རྭ་གཞུའི་སྐྱེས་པའི་མི10ཡི་ཚོགས་ཆུང་། གཞུ་ལེབ་ཀྱི་སྐྱེས་པའི་མི10ཡི་ཚོགས་ཆུང་། ལྕགས་གཞུ་འཁོར་ལོ་མའི་སྐྱེས་པའི་མི10ཡི་ཚོགས་ཆུང་བཅས་ཀྱི་ཨང་དང་པོ་ཐོབ་པ་དང་། མདའ་བཞི་རྫོང་རུ་ཁག་དང་སི་ཁྲོན་ཞིང་ཆེན་རུ་ཁག རེབ་གོང་གྲོང་ཁྱེར་རུ་ཁག ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་རུ་ཁག མཚོ་ལྷོ་ཁུལ་རུ་ཁག་བཅས་ལ་སོ་སོར་དེང་རབས་སྲོལ་རྒྱུན་གཞུའི་སྐྱེས་མའི་མི10ཡི་ཚོགས་ཆུང་དང་དེང་རབས་སྲོལ་རྒྱུན་གཞུའི་མི5ཡི་ཚོགས་ཆུང་། རྭ་གཞུའི་སྐྱེས་པའི་མི10ཡི་ཚོགས་ཆུང་། གཞུ་ལེབ་ཀྱི་སྐྱེས་པའི་མི10ཡི་ཚོགས་ཆུང་། ལྕགས་གཞུ་འཁོར་ལོ་མའི་སྐྱེས་པའི་མི10ཡི་ཚོགས་ཆུང་བཅས་ཀྱི་ཨང་གཉིས་པ་ཐོབ། གྲོ་ཚང་ཆུས་རུ་ཁག་དང་ནང་སོག་ཧུ་ཧོ་ཧོ་ཐུ་རུ་ཁག གཞོང་ཐང་རྫོང་རུ་ཁག དཔའ་ལུང་རྫོང་རུ་ཁག  མཚོ་ནུབ་ཁུལ་རུ་ཁག་བཅས་ལ་སོ་སོར་དེང་རབས་སྲོལ་རྒྱུན་གཞུའི་སྐྱེས་མའི་མི10ཡི་ཚོགས་ཆུང་དང་དེང་རབས་སྲོལ་རྒྱུན་གཞུའི་མི5ཡི་ཚོགས་ཆུང་། རྭ་གཞུའི་སྐྱེས་པའི་མི10ཡི་ཚོགས་ཆུང་། གཞུ་ལེབ་ཀྱི་སྐྱེས་པའི་མི10ཡི་ཚོགས་ཆུང་། ལྕགས་གཞུ་འཁོར་ལོ་མའི་སྐྱེས་པའི་མི10ཡི་ཚོགས་ཆུང་བཅས་ཀྱི་ཨང་གསུམ་པ་ཐོབ། དེང་རབས་སྲོལ་རྒྱུན་གཞུའི་མི་སྒེར་གྱི་རྣམ་གྲངས་ཀྱི་འགྲན་བསྡུར་ཁྲོད་སི་ཁྲོན་ཞིང་ཆེན་རུ་ཁག་གི་ཝང་ཧུང་ཧའོ་དང་ཐེན་ཅིན་གྲོང་ཁྱེར་རུ་ཁག་གི་ལིའུ་ཀྲིན་ཚོན། ཧྥུའུ་ཅན་ཞིང་ཆེན་རུ་ཁག་གི་ཁྲིན་ཡན་ཆིང་བཅས་ལ་སོ་སོར་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ།

ཐེངས་འདིའི་འགྲན་བསྡུར་བདེ་བླག་ངང་སྤེལ་བ་དེས་རྐང་ཚ་རྫོང་གི་རིག་གནས་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ལ། རྐང་ཚ་རྫོང་གིས་དུ་དུང་མུ་མཐུད་དུ་གོམ་མདུན་སྤོས་སྒོས་སྤུས་ཚད་མཐོ་བའི་ལུས་རྩལ་འགྲན་བསྡུར་མང་བ་གཉེར་ནས་མང་ཚོགས་དང་ཡུལ་སྐོར་བར་ལུས་རྩལ་དང་སྔར་ལས་ཕུན་སུམ་ཚོགས་པའི་ལུས་རྩལ་རིག་གནས་ཉམས་ལེན་བྱེད་དུ་འཇུག་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号