ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས། 

ཤ་བོ་སྐྱབས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།


ཟླ6པའི་ཚེས30ཉིན། ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཞིབ་བཤེར་ཚན་ཆུང་གིས་ལྡོག་ལན་བསློགས་པའི་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ལས་ཁུངས་རེ་ཞུའི་དོན་དག་ལ་ཞིབ་འཇུག་བྱས། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གོམ་སྟབས་རྗེས་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བྱ་བ་སོ་སོ་བཀོད་སྒྲིག་བྱས།

ཤ་བོ་སྐྱབས་ཀྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལོ་གལ་ཆེན་ཞིག་དང་། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ལོ་ཞིག་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་ཏན་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། མི་རིགས་སོ་སོའི་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མི་རིགས་བྱ་བ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་གསར་སྐྲུན་གྱི་བསམ་ཕྱོགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་གསར་སྐྲུན་གྱི་བྱ་ཐབས་གསར་གཏོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་བརྟེན་ནས་ཁུལ་ཡོངས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཞིབ་ཕྲའི་ལག་ལེན་ལ་མཛུབ་ཁྲིད་ཏན་ཏིག་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གསར་སྐྲུན་བྱ་བའི“རྩ་བ”དང“བླ་སྲོག”ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནང་དོན་སྔར་བས་ཟབ་སྤེལ་དང་རྣམ་པ་ཕུན་སུམ་ཚོགས་པ། བྱེད་ཐབས་གསར་གཏོད་བཅས་བྱེད་དགོས། དྲིལ་སྒྲོག་སློབ་གསོ་དང་གསར་གཏོད་མཉམ་འདྲེས། རིག་གནས་ཀྱི་བླ་སྲོག་གཏོད་པ། ཁྲིམས་ལྟར་བཅོས་སྐྱོང་བཅས་ཀྱི་ཐད་ཚད་ཤིང་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པར་བརྩོན་ལེན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ་དང་། མཚོ་བྱང་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། “243”འཕེལ་རྒྱས་ཀྱི་བཀོད་པ་སྔར་བས་ཇེ་ལེགས་སུ་བཏང་སྟེ་འགྲིམ་འགྲུལ་དང་སློབ་གསོ། སྨན་བཅོས། འཕྲོད་བསྟེན་སོགས་དམངས་འཚོའི་ཞན་ཆ་ཟམ་མི་ཆད་པར་གསབ་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུར་སྤྱི་འདོམས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ། “མགོ་ཁྲིད་དང་པོའི”འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འཇུག་པ་གཉིས”ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ། ཚད་གཞི་དང་རེའུ་མིག་ལྟར་གསར་སྐྲུན་ཚད་ལེན་ཚོད་ལྟ་བྱེད་དགོས། དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་དོན་འཁྱོལ་ཡག་པོ་བྱས་ཏེ། གསར་སྐྲུན་བྱ་བའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིབ་བཤེར་ལྟ་སྐུལ་བྱ་རྒྱུ་སྒུལ་ཤུགས་སུ་བཟུང་ནས། མིག་མཐོང་ལག་ཟིན་གྱི་ཕན་འཕྲས་ཐོན་རྒྱུར་དམིགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེསསྲ་བརྟན་དུ་གཏོང་བའི་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་བྱ་བ་སོ་སོ་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ་མི་རིགས་ཆོས་ལུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་སྐབས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚིགས་གནས་སྔར་ལས་མཐོ་རུ་བཏང་སྟེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་སྔོན་ལ་གཏོད་པའི་ཐབས་ཇུས་བཀོད་སྒྲིག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག“རིམ་སྤོར་པར་མ”ལ་དམ་པོར་དམིགས་ཏེ། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་སོ་སོའི་དབར་འགྲོ་འོང་བརྗེ་རེས་བྱེད་པའི“འགུལ་སྐྱོད་བཅུ”ཏན་ཏིག་སྒྲུབ་པ། “སེ་འབྲུའི་ཁྱིམ་གཞིས”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མི་རིགས་སོ་སོ་ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་དགོས། “སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་རྒྱུའི”རྩ་དོན་ལྟར་མི་རིགས་དང་ཆོས་ལུགས་བྱ་བའི་ཆབ་སྲིད་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། གོང་འོག་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ། མཉམ་འཛིན་སྤྱི་སྒྲུབ། མཉམ་ཤུགས་སྐུལ་སྤེལ་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན། 

ཧྲི་ཧུང་ཀྲན་དང་གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཨ་ཁྱུང་། ཝང་ཅིན། ཝན་བཀྲ་ཤིས་དོན་འགྲུབ། ལི་ཞང་ཏུང་བཅས་དང་། ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཚན་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号