ཤ་བོ་སྐྱབས་ཀྱིས་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་ལོག་དཀར་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་རྩོམ་མཛད་སྒོའི་ཐོག་ཕུལ་བའི་ཤིས་ཚིག

ནས་ཀྱི་སྙེ་མ་ལྡེམ་ལྡེམ་གཡོ་ཞིང་ལོག་དཀར་མེ་ཏོག་གི་དྲི་ཞིམ་འཐུལ་བའི་མདོ་ལ་རི་འདབས་དང་འཇུ་ལག་ཆུ་བོའི་འགྲམ་དུ་ང་ཚོ་སྤྲོ་དགའི་ཀློང་ནས་མཉམ་གཅིག་ཏུ་འཛོམས་ཏེ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པ་ཡིན་ཞིང་། འདིར་ངས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་ཡིན་ལ། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་ཚོགས་པ། ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པ་བཅས་ཕེབས་ནས་མཛུབ་སྟོན་གནང་བར་སྙིང་ཐག་པ་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།  

“ལོག་དཀར་མེ་ཏོག་གི་རྒྱ་མཚོ”ཞེས་པའི་མཚན་སྙན་ལྡན་པའི་འཇུ་ལག་ལ་ནས་དང་ལོག་དཀར། ནོར་གནག བོད་ལུག་བཅས་ཡོད་པ་དང་།  འཇུ་ལག་གནའ་གྲོང་དང་གངས་ལུང་བྲག་ཕུག་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་གིས་གནས་འདི་ལ་གསོན་ཤུགས་གསར་བ་ཞིག་བསྩལ་ཡོད།  ལོ་ངོ70ཡི་རིང་འཇུ་ལག་རྫོང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོས་ཞུམ་མེད་ཀྱི་སྙིང་རུས་དང་སྤྱིར་བཏང་མིན་པའི་བློ་གྲོས། དཀའ་སྤྱད་ཀྱི་རྔུལ་ཆུ་བཅས་སྤྱད་དེ་ཕུགས་བསམ་ཡིད་ལ་བརྟན་པོར་བཅངས་ནས་མུ་མཐུད་འབད་འཐབ་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཇུ་ལག་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་ཅིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་བཏང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ལ། མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་། ཚགས་འཛུགས་བྱང་སྒྲིག་གི་དབུལ་པོ་ཚང་མ་དབུལ་ཐར་བྱུང་ཡོད། གངས་དཀར་རི་བོ་དང་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་། འཇུ་ལག་རྟ་མཆོག་སོགས་ཀྱི་སྙན་པ་གང་སར་ཁྱབ་ཅིང་། སྔ་རྗེས་སུ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་ཀྱི་བདེ་འཇགས་འཛུགས་སྐྲུན་སྔོན་ཐོན་རྫོང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཁག་ཅིག་ཐོབ་པ་དང་། གསེར་མདོག་འཇུ་ལག་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་བོ་རྒྱུན་ཆད་མེད་པར་ཆགས་ནས་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཐུབ་ཡོད། དེ་དག་ཚང་མ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་། ཧྲན་ཏུང་ཞིང་ཆེན་དང་ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ལས་བྱུང་བ་ང་ཚོས་གསལ་པོར་ཤེས་ཡོད་ལ། བཀའ་དྲིན་འདི་དག་ང་ཚོས་ནམ་ཡང་བརྗེད་མི་སྲིད།    

མགོ་རྩོམ་ས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་བ། ནམ་ཡང་སྒྱིད་ལུག་མི་བྱེད་པ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་དེ་བས་འོད་སྟོང་འཕྲོ་བའི་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号