འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་ཚོགས་ཆེན་ཚོགས་པ།

འབད་འཐབ་མདུན་སྐྱོད་ཀྱི་ལོ་ངོ་བདུན་ཅུ། གསེར་མདོག་འཇུ་ལག་གི་ལེའུ་གསར་པ ཟླ7པའི་ཚེས3ཉིན། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་ཚོགས་ཆེན་འཇུ་ལག་གནའ་གྲོང་དུ་ཚོགས་ཤིང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཧྲན་ཏུང་ཞིང་ཆེན་ཝུའེ་ཧའེ་གྲོང་ཁྱེར། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ཀྱིས་རྟེན་འབྲེལ་གློག་འཕྲིན་བཏང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཉིའུ་ཞོ་ཧྥིན་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། མཚོ་བྱང་ཁུལ་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བཅས་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞུག་ཙུང་གིས་ཤིས་ཚིག་ཕུལ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཉིའུ་ཞོ་ཧྥིན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།

ཉིའུ་ཞོ་ཧྥིན་གྱིས་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཚབ་ཞུས་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས། ལས་རིགས་སོ་སོའི་མི་སྣ་དང་རྫོང་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་མ་ཟད། འཇུ་ལག་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་བློ་མཐུན་དང་གྲོགས་པོ་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཉིའུ་ཞོ་ཧྥིན་གྱིས་ལོ་འཁོར70ཡི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་གཟི་དཔལ་གྱི་དྲིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག སྐབས་རིམ་བྱུང་གི་འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འབད་བརྩོན་དཀའ་སྤྱད་བྱས་ཏེ། སྒོ་གཏན་ནས་སྒོ་འབྱེད་དང་། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་སྐྱོད་པའི་མཛེས་སྡུག་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་བརྩམས་ཡོད་ལ། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཇུ་ལག་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་པས་བྱ་གཞག་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་རིགས་སོ་སོའི་མི་དམངས་ཀྱི་སྐྱིད་ཐོབ་བདེ་གསུམ་གྱི་སྣང་བ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་ལོ་འཁོར70རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རྒྱལ་ཁའི་ལག་ལེན་དེ་མངོན་ཡོད། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། འཇུ་ལག་གི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་ལ་འབྱུང་འགྱུར་སྔར་ལས་འོད་སྟོང་འཕྲོ་བར་འབད་པ་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་རེ་བ་བཏོན།

མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།

དབྱང་ཀྲི་ཝུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་བཅས་ཀྱི་ཚབ་བྱས་ཏེ། ཀྲུང་དབྱང་རྟེན་འབྲེལ་ཚོགས་པའི་མགོ་ཁྲིད་དང་བློ་མཐུན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ལ། འཇུ་ལག་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་བ། བཅའ་སྡོད་དམག་དཔུང་། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་འཚམས་འདྲི་གནང་བར་མ་ཟད། འཇུ་ལག་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་། འཇུ་ལག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་སོ་སོ། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་དབང་ཁེ་ལས། སྨྱན་སྦྱོར་སྡེ་ཁག དེ་བཞིན་ལས་རིགས་སོ་སོའི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། དབྱང་ཀྲི་ཝུན་གྱིས་འཇུ་ལག་ནི་རྒྱལ་ཡོངས་སུ་ཆེས་སྔོན་ལ་བཙུགས་པའི་ཧུའེ་རིགས་རང་སྐྱོང་རྫོང་གི་གྲས་ཤིག་ཡིན་ལ་རང་ཞིང་གི་རྫོང་རིམ་པའི་མི་རིགས་རང་སྐྱོང་ས་ཁུལ་ཐོག་མ་དེའང་ཡིན། ལོ་འཁོར70རིང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་འཇུ་ལག་གི་སྐབས་རིམ་བྱུང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱ་གཞག་ནང་ཧུར་ཐག་གིས་ཞུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་བསྐྱོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཇུ་ལག་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆེས་ཆེ་བ་གསུམ”དང“ཆེས་གལ་ཆེ་བ་གསུམ”། “ཏན་ཏན་ཏིག་ཏིག་བཞི”སོགས་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཡོངས་ཀྱི“ལེགས་པ་གཅིག་དང་མཐོ་བ་གཉིས”། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རང་འགུལ་ངང་ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་མི་རིགས་མཐུན་སྒྲིལ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བའི་བརྗིད་ཉམས་ཆེ་བའི་ལེའུ་བརྩམས་ཡོད། འཇུ་ལག་རྫོང་གིས་ལོ་འཁོར70ལོན་པའི་རྫོང་སྟོན་ནི་མགོ་འཛུགས་ས་གསར་པ་ཞིག་ཏུ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་དཔའ་ངར་ཆེར་བསྐྱེད་ཀྱི་བློ་སྟོབས་དང་བྱ་བའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཏེ་དཔལ་འབྱོར་དང་། འཇུ་ལག་དེང་རབས་ཅན་འཛུགས་སྐྲུན་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་ཁྲོད་འཇུ་ལག་གིས་ལེགས་སྐྱེས་དེ་ལས་ཆེ་བ་དབུལ་རྒྱུའི་རེ་བ་ཡོད་ཟེར།

མཚོ་བྱང་ཁུལ་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བཞིན་པ།

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་དམག་ཁུལ་བཅས་ཀྱི་ཚབ་བྱས་ནས་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ལ། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་ཚོགས་པ། ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་མགོ་ཁྲིད་དང་། སྐུ་མགྲོན། གྲོགས་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་བླ་ན་མེད་པའི་གུས་འདུད་ཞུས། ཤ་བོ་སྐྱབས་ཀྱིས་ལོ་འཁོར70ཡི་ལོ་ཟླའི་ནང་འཇུ་ལག་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞུམ་མེད་ཀྱི་སྙིང་རུས་དང་། ཐུན་མོང་མ་ཡིན་པའི་བློ་གྲོས། དཀའ་སྤྱད་ཀྱི་རྔུལ་ཆུ་བཅས་ལ་བརྟེན་ནས་ཕུགས་འདུན་འཆང་བ་དང་མུ་མཐུད་འབད་འཐབ་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འཇུ་ལག་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཀྱི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་འབད་འབུངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད། མྱུར་བགྲོད་ལྕགས་ལམ་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་ཚགས་འཛུགས་བྱང་སྒྲིག་གི་དབུལ་བོ་ཚང་མ་དབུལ་སྒྲོལ་ཐུབ་པ། གངས་དཀར་རི་བོ་དང་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ། འཇུ་ལག་རྟ་སོགས་སྐད་གྲགས་ཆོད་པས་སྔ་རྗེས་སུ་ཀྲུང་གོའི་གྲོང་གསེབ་མཛེས་ཤོས་བཅུ་དང་། རྒྱལ་ཡོངས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་། རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་སྔོན་ཐོན་རྫོང་སོགས་གཟི་བརྗིད་མཚན་སྙན་ཁག་གཅིག་ཐོབ་པ་དང་། གསེར་མདོག་འཇུ་ལག་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་ཆགས་ནས་བདེ་སྡོད་ལས་བརྩོན་གྱི་ཕུགས་འདུན་བཟང་པོ་མངོན་འགྱུར་བྱུང་ཡོད། འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་བ། ནམ་ཡང་ལྷོད་གཡེང་མི་བྱེད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་སྔར་བས་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་གཏོད་དགོས་པའི་རེ་བ་ཡོད་པར་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞུག་ཙུང་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ་བཞིན་པ།

སུན་ཞུག་ཙུང་གིས་ལོ་འཁོར70རིང་གི་དཀའ་སྡུག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཐུགས་ཁུར་ནི་འཇུ་ལག་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་འགན་ལེན་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འབར་བའི་གཟི་དཔལ་ནི་འཇུ་ལག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་རྩ་བའི་འགན་སྲུང་ཡིན། འཇུ་ལག་གི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཁྲོད་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་ལ་སྔར་བས་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཤིང་། འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས་ཐོག་མཐའ་བར་གསུམ་དུ་དྲིན་ཚོར་གྱི་བསམ་པ་འཆང་བ་དང་། ཡིད་ཆེས་བརྟན་དུ་གཏོང་བ། ལག་གདང་སྦྲེལ་ནས་བློ་སེམས་གཅིག་སྒྲིལ་བཅས་བྱས་ཏེ་སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་ལ་བརྟེན་ནས་འཇུ་ལག་ལ་འོད་སྟོང་གསར་པ་གཏོད་དགོས་པར་བསྟན།

ཚོགས་ཐོག་ཏུ་ད་དུང་མི་རིགས་རིག་རྩལ་འཁྲབ་སྟོན་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་བྱིན་འོག འཇུ་ལག་གི་རིགས་སོ་སོའི་མང་ཚོགས་ཀྱི་སྤུན་ཟླའི་མཛའ་མཐུན་དང་ཕན་ཚུན་རོགས་རེས་བྱེད་པ། སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་མདུན་སྐྱོད་ཀྱི་སྙིང་སྟོབས་མངོན་པར་བྱས་ནས་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་སྤྱི་ཚོགས་ལས་རིགས་སོ་སོར་དྲིན་ལན་འཇལ་བའི་བརྩེ་སེམས་མཚོན་པར་བྱས་ཡོད། 

རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་མཁན་ད་དུང་རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ། ཁུལ་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ། ཁོངས་མི། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད། ཧྲན་ཏུང་ཞིང་ཆེན་ཝེ་ཧའེ་གྲོང་ཁྱེར་དང་། ཧོན་ཚུའེ་ཆུས། ཝུན་ཏེང་ཆུས། རུང་ཁྲེང་གྲོང་ཁྱེར། རོའུ་ཧྲན་གྲོང་ཁྱེར་བཅས་དང་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད། འཇུ་ལག་གི་དེ་སྔའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི། འཇུ་ལག་གི་དེ་སྔའི་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ། སྤུན་ཟླ་རྫོང་དང་ཆུས་ཀྱི་འབྲེལ་ཡོད་མགོ་ཁྲིད། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་འབྲེལ་ཡོད་གསར་འགྱུར་སྨྱན་སྦྱོར་གྱི་མགོ་ཁྲིད་དང་གསར་འགོད་པ། རྫོང་དུ་བཅའ་སྡོད་བྱས་པའི་དམག་མི་དང་ཉེན་རྟོག་དམག་དཔུང་གི་མགོ་ཁྲིད། ཁུལ་དང་རྫོང་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་མགོ་ཁྲིད། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ། དཔེ་བཟང་མི་སྣའི་འཐུས་མི། ཏང་གི་འཐུས་མི། དམངས་ཆེན་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ངལ་རྩོལ་དཔེ་བཟང་མི་སྣ། ཀུན་སྤྱོད་དཔེ་བཟང་མི་སྣ། སྔོན་ཐོན་ཚན་རྩལ་ལས་སྒྲུབ་པའི་འཐུས་མི། གྲོང་གསེབ(སྡེ་ཁུལ)ཀྱི་ལས་བྱེད་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་འཐུས་མི། ཁེ་ལས་ཀྱི་འཐུས་མི་སོགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号