2023ལོའི་ཀྲུང་གོ·མདོ་ལའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་ཚོགས་མགོ་བརྩམས་པ།


ཟླ་བདུན་པའི་རྩྭ་ཐང་གི་མཛེས་སྡུག་རྣམ་པར་བཀྲ་ཞིང་དབྱར་དུས་ཀྱི་མདོ་ལར་སྤྲོ་དགའི་ཡོ་ལང་རྣམ་པར་རྒྱས། ཟླ7པའི་ཚེས5ཉིན། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་མདོ་ལའི་རིགས་སོ་སོའི་མང་ཚོགས་ཁྲི5ལྷག་མཉམ་དུ་མདོ་ལ་རི་འདབས་སུ་འཛོམས་ནས2023ལོའི་ཀྲུང་གོ·མདོ་ལའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་དང་རྐང་བགྲོད་འགྲན་བསྡུར། སྒར་འདེབས་ཚོགས་ཆེན་བཅས་གཟབ་རྒྱས་ངང་ཚོགས་མགོ་བརྩམས་ཏེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་བསུ་བ་ཞུས་པ།   ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མགོ་རྩོམ་མཛད་སྒོར་ཕེབས་ཤིང་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཞིང་ཆེན་ལུས་རྩལ་ཐོན་ལས་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རིན་ཕན་ཅན་ཀྲུང་དང་། དེ་བཞིན་སྤུན་ཟླའི་གྲོང་ཁྱེར་དང་རྫོང་ཆུས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན། འབྲེལ་ཡོད་སྡེ་ཁག་གི་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་མགོ་རྩོམ་མཛད་སྒོར་ཞུགས་ལ། མདོ་ལ་རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རྫོང་གི་ཚན་ཁག་ཆེན་མོ་བཞི་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི5ལྷག་གི་ཚབ་བྱས་ནས་ཚོགས་ཞུགས་མགོ་ཁྲིད་དང་སྐུ་མགྲོན། གྲོགས་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།

undefined

ད་ལོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་དང་མདོ་ལ་རྫོང་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་ཡིན་ལ། 2023ལོའི་ཀྲུང་གོ·མདོ་ལའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མུ་འབྲེལ་བྱེད་སྒོ་སྤེལ་བ་དེ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་བསུ་བ་ཞུ་ཆེད་ཡིན་ཞིང་། མདོ་ལ་རྫོང་བཙུགས་ནས་ལོ70འཁོར་བའི་རིང་གི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོའི་འཛུགས་སྐྲུན་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་དང་རྣམ་པ་གསར་བ་ཞིག་ཀྱང་ཡིན་པས་ཚང་མས་ལས་ཀྱི་མདོ་ལར་འཕྲད་པ་དང་མདོ་ལ་སེམས་ལ་དྲན་པ། མདོ་ལ་ཡིད་དུ་བཟུང་ཡོད། མདོ་ལ་ནི་རི་མིང་ལས་ཐོགས་པ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ནུས་པའི་སྲུང་སྐྱོབ་ཁུལ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་བྱས་པའི“བཙན་ས”སྐྲུན་པ་དང“གནས་བཞིའི”བརྗིད་ཆེའི་ཇུས་གཞི་གཞིར་བཟུང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”མཚན་སྙན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི“243”འཕེལ་རྒྱས་བཀོད་སྒྲིག་དང་། “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་བླང་བྱ་དང“ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”དམིགས་ཚད་དུ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་པར་བྱས་ནས་ཁུལ་ཡོངས་ཀྱི5Aརིམ་པའི་ལྗོངས་ཁུལ་དང་པོ་དེ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། མདོ་ལའི་མཚན་སྙན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། “ལྷ་ཡུལ་མདོ་ལའི”ཆས་རྟགས་སྔར་བས་གྲགས་ཆེ་ལ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མདོ་ལ་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།

undefined

ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་ཧྲན་ཏན་རྫོང་དང་། སུའུ་ནན་རྫོང་། མིང་ལེ་རྫོང་། ཀན་ཀྲོའུ་ཆུས། ལིན་ཙེ་རྫོང་བཅས་ནས་ཡོང་བའི་མགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་དང་། མཁར་བྱང་ཆུས། རྟ་ཐང་རྫོང་། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་དང་ཕིན་ཨན་ཆུས། མཚོ་ནུབ་ཁུལ་ཝུའུ་ལམ་རྫོང་དང་དུར་ལམ་རྫོང་། ཐེམ་ཆེན་རྫོང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་། རྨ་ལྷོ་ཁུལ་གཅན་ཚ་རྫོང་། མགོ་ལོག་ཁུལ་རྨ་ཆེན་རྫོང་། པད་མ་རྫོང་། གཅིག་སྒྲིལ་རྫོང་། རྨ་སྟོད་རྫོང་། མཚོ་བྱང་ཁུལ་འཇུ་ལག་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་། མཚོ་སྔོན་པོའི་ཞིང་ར་སོགས་ཏང་སྲིད་སྡེ་ཁག་དང་ལས་ཁུངས་ཀྱིས2023ལོའི་ཀྲུང་གོ·མདོ་ལའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

undefined

མི་དམངས་དྲ་བ་དང་ཞིན་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་དྲ་བ། ཀྲུང་གོའི་གསར་འགྱུར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སོགས་གསར་འགྱུར་སྨྱན་སྦྱོར་ལས་རིགས་ཀྱི་གསར་འགོད་པ་དང་། མདོ་ལ་རྫོང་གི་འཐབ་ཕྱོགས་སོ་སོའི་ཆེད་མངགས་གདན་ཞུས་འཐུས་མི་དང་དེ་བཞིན་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་རིག་རྩལ་འཁྲབ་སྟོན་ལ་གཟིགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号