2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་སྟོན་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་ཚོགས།
ཟླ་དྲུག་པའི་མཚོ་སྔོན་པོར་དྭངས་གཙང་གི་རླབས་ཕྲེང་ལང་ལོང་གཡོ་ཞིང་། རྩྭ་ཐང་གཡུ་ཡི་མདངས་ལས་མཛེས་པའི་དུས་ཚིགས་འདིར། 2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་སྟོན་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང“ཉ་དང་བྱ་ཡི་ཞིང་ཁམས། བོད་མཁར་རྐང་ཚ”རུ་ཚོགས། རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་སྙན་ངག་པ་གྲགས་ཅན་དང་སྐུ་མགྲོན70ལྷག་ཙམ་མཚོ་སྔོན་པོའི་བྱང་ངོགས་ཀྱི་རྐང་ཚ་རྫོང་དུ་འཛོམས་ནས་དབྱངས་ཅན་ངག་གི་མགྲིན་པ་ལས་སྙན་པའི་ཚིག་གི་བདུད་བརྩི་བསྩལ་ཞིང་། མཚོ་ཁ་ནས་འཛོམས་ཏེ་སྙན་ངག་གླེང་ཞོར། བོད་མཁར་རྐང་ཚའི་གཡའ་དྭགས་པའི་ནམ་མཁའ་དང་ཁོད་ཡངས་པའི་ས་གཞི་བཅས་ཀྱི་རྣམ་པ་མྱོང་རོལ་བྱས་ལ། སྙན་ངག་གི་རྣམ་པའི་ཐོག་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་བརྗེ་རེས་ཀྱི་སྟོན་མོ་མཉམ་དུ་ལོངས་སྤྱོད་གནང་སྟེ། ཁེ་རམ་ཐང་དུ་སྙན་ངག་གི་གཏམ་རྒྱུད་བྲིས། ཚེས28ཉིན་གྱི་སྔ་དྲོར། 2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་སྟོན་བོད་མཁར་འཁྲབ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་མགོ་བརྩམས། སྙན་ངག་པའམ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སྙན་ངག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། མཚོ་སྔོན་པོའི་སྙན་ངག་དུས་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིས་ཏི་མ་ཅས་ཤིས་ཚིག་ཕུལ་པ་དང་འབྲེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་གོ་དང་ཀྲུང་གོ་སྙན་ངག་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པའམ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས《སྙན་ངག་དུས་དེབ》ཁང་གི་གཙོ་སྒྲིག་ལས་རོགས་པ་ཅིན་ཧྲི་ཁའེ། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། ལུའུ་ཀྲུའུ་ལོ་ཅའོ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་ཁེ་ལས་རིག་གནས་ལྟེ་གནས་ཀྱི་སྤྱི་གཉེར་བ་ལི་པེན། ཀྲུང་གུང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲེང་ཆིང་བཅས་ཀྱིས་ཤིས་ཚིག་ཕུལ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲོན་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་། རྩོམ་པ་པོའམ་ཀྲུང་གོ་སྙན་ངག་སློབ་ཚོགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི། རྒྱུན་ལས་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ་ཝང་ཧྲན། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དབྱི་ཧན་དབྱི། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ལི་ཧུང་ཞུའེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་བྱ་བའི་ཨུ་ལྷན་གྱི་ཁོངས་མིའམ་མཚོ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ཧྥུན་ཆིང་ཡུ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་སུང་ཅང་ཐའོ། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཀྲུང་གུང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ་སོགས་མགོ་ཁྲིད་དང་སྐུ་མགྲོན་དག་མགོ་རྩོམ་མཛད་སྒོར་ཞུགས།
ཐེངས་འདིའི་སྙན་ངག་དུས་ཆེན་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི《སྙན་ངག་དུས་དེབ》ཁང་། ཀྲུང་གོའི་སྙན་ངག་སློབ་ཚོགས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གུང་མཚོ་བྱང་ཁུལ་ཨུ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་གོའི་སྙན་ངག་དྲ་བ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ། ཀྲུང་གུང་རྐང་ཚ་རྫོང་ཨུ། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། རྒྱལ་སྤྱིའི་སྙན་ངག་དང་ཆང་རིག་གནས་ཚོགས་ཆེན་བཅས་ཀྱིས་འགན་སྒྲུབ་གནང་བ་ཞིག་ཡིན།
མགོ་རྩོམ་མཛད་སྒོའི་སྟེང་སྐུ་མགྲོན་རྣམས་ཀྱིས་རྐང་ཚ་རྫོང་རིག་གནས་ཁང་རྩྭ་ཐང་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ལ་རོལ་མྱོང་བྱས།
མཚོ་སྔོན་གྱི་མི་རིགས་སོ་སོའི་སྲོལ་རྒྱུན་སྙན་ངག་སྟེ། དཔའ་བོའི་ལོ་རྒྱུས་སྙན་ངག་གེ་སར་རྒྱལ་བོའི་སྒྲུང་དང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་སོགས་ཀྱིས་ཐེངས་འདིའི་སྙན་ངག་དུས་སྟོན་ལ“གོ་ལ་ཧྲིལ་པོའི་སྐྱེ་ཁམས་བརྗོད་དོན་ཁྲོད་ཀྱི་སྙན་ངག་རྩོམ་འབྲི་དང་སྙན་ངག་པའི་རིན་ཐང་གི་ལངས་ཕྱོགས”ཞེས་པའི་བརྗོད་དོན་འགྲེལ་བཤད་ལ་རྣམ་པ་དང་གཞི་རྟེན་ཡག་ཤོས་མཁོ་འདོན་དང་། བར་སྟོང་ཁོར་ཡུག་དང་ལག་ལེན་གྱི་མ་དཔེ་ཧ་ཅང་ཆེན་པོ་འདོན་སྤྲོད་བྱས་ཡོད། 2007ལོ་ནས་བཟུང་བཙུགས་པའི་མཚོ་སྔོན་པོའི་སྙན་ངག་དུས་སྟོན་གྱིས་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པར་བརྗེ་རེས་ཀྱི་ལས་སྟེགས་བསྐྲུན་པ་མ་ཟད། མཚོ་སྔོན་པོའི་མཐའ་འཁོར་གྱི་ས་ཁུལ་དང་ལྷག་པར་དུ་རྐང་ཚ་རྫོང་ལ་འཛམ་གླིང་རང་བཞིན་གྱི་སྐར་ཁུང་ཞིག་བཏོད་ཡོད།
བརྗོད་དོན་རྩོམ་རིག་འཚོལ་བསྡུ་བྱས་ནས་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་།
ས་བབ་མཐོ་ཚད་སྨི3300ཡིན་པའི་མཛེས་སྡུག་གི་རྐང་ཚ་རྩྭ་ཐང་དུ། སྙན་ངག་དང་མཛེས་ལྗོངས་ཀྱིས་ཐུན་མོང་ཐོག་འབོད་སྐུལ་བྱས་པར་བརྟེན། སྙན་ངག་པ་རྣམས་རྒྱལ་ཁབ་ཕྱི་ནང་ནས་སྙན་ངག་གི་འདུ་ཚོགས་དེར་ཞུགས་པར་ཡོང་བ་རེད། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན་དུ་སྤེལ་བའི་རྩོམ་རིག་ཉམས་འགྱུར་བྱེད་སྒོའི་ཁྲོད་སྙན་ངག་པ་རྣམས་སྙན་ངག་རིག་གནས་དགའ་ཚལ་དུ་འཆམ་ཞིང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཉམས་སུ་མྱངས་བ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས། གསེར་ཉའི་ཁྱིམ་གཞིས་སུ་སྙན་ངག་པ་རྣམས་ཀྱིས་ཉ་དང་བྱ། རི་དང་མཚོ། རྩྭ་ལྗང་བཅས་དང་བག་ཕེབས་ཀྱི་སྤྲོ་སྣང་དང་སྙན་ངག་གི་ཉམས་འགྱུར་མཉམ་སྤྱོད་བྱས་ཤིང་། རྩོམ་རིག་གི་ཟུར་ཚད་ཐོག་ནས་ཐུན་མོང་མ་ཡིན་པའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཉམས་སུ་མྱངས་བ་དང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིག་གནས་ལ་ཉམས་ལེན་བྱས།
ཁེ་རམ་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྟེན་གཞིའི་སྒར་ཁ་རུ། སྙན་ངག་པ་ཚོས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཀྱི་བརྗོད་དོན་ཁྲོད་སྙན་ངག་རྩོམ་འབྲི་དང་སྙན་ངག་པའི་རིན་ཐང་ལངས་ཕྱོགས་ཞེས་པ་བརྗོད་དོན་དུ་བཟུང་ནས། ཟུར་ཚད་མི་འདྲ་བའི་ཐོག་ནས་གང་བསམ་ལྷུག་གླེང་བྱས་ཏེ། ལོ་རིམ་བྱུང་གི་མཚོ་སྔོན་པོའི་སྙན་ངག་དུས་སྟོན་གྱི་གྲུབ་འབྲས་ཕྱོགས་སྡོམ་བྱས་ཤིང་། རང་བྱུང་དང་ཁོར་ཡུག སྐྱེ་ཁམས། མིའི་རིགས་ཀྱི་བསམ་པའི་སྙན་ངག་ཁྲོད་གསར་གཏོད་དང་གསར་རྩོམ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་མ་ཟད། འཛམ་གླིང་ལ་མཚོ་སྔོན་ཞིང་ཆེན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཕན་འབྲས་གསར་པ་མངོན་པར་བྱས་ཏེ། སའི་གོ་ལའི་སྣེ་གསུམ་པའི་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ས་གནས་ཀྱི་རིག་གནས་ལ་ལྟད་མོ་ལྟ་བ་དང་། “ཉ་དང་བྱ་ཡི་ཞིང་ཁམས། བོད་མཁར་རྐང་ཚར”བསྔགས་བརྗོད་བྱས། བརྗོད་དོན་བགྲོ་གླེང་ཚོགས་འདུ་དེ་སྙན་ངག་པ་དང་སྐུ་མགྲོན་ཚོས་ལག་ཏུ་དར་དམར་ཆུང་ཆུང་གཡུགས་ནས《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་གཞས་ཁྲོད་མཇུག་སྒྲིལ།
རྩོམ་རིག་འཆད་ཁྲིད་ཀྱིས་རྩོམ་རིག་གི་མཛེས་པ་རྟོགས་པར་བྱས།
“སྙན་ངག་གི་བློ་འབྱེད”ཅེས་པའི་ཕེང་མིན་གྱི་ཆེད་དོན་རྩོམ་རིག་འཆད་ཁྲིད་ཁྲོད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི《སྙན་ངག་དུས་དེབ》ཁང་གི་རྩོམ་སྒྲིག་པུའི་ཀྲུའུ་རིན་གཞོན་པའམ་ཀྲུང་གོའི་སྙན་ངག་ཚོགས་ཆེན་སྐབས་ལྔ་པའི་སྟེང་ཨང་དང་པོ་ཐོབ་མཁན་ཕེང་མིན་གྱིས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་རྐང་ཚ་རྫོང་བཅའ་སྡོད་མི་རིགས་སློབ་འབྲིང་གི་སློབ་གྲོགས་དང་དེ་བཞིན་རྩོམ་རིག་ལ་མོས་པ་ཡོད་མཁན་ཚོར་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་སྙན་ངག་སློབ་ཚན་ཞིག་ཁྲིད་པ་དང་། རྐང་ཚ་ས་གནས་ཀྱི་སློབ་མ་དང་སྙན་ངག་པ་དང་མཉམ་དུ་སྙན་ངག་གི་མི་ཚེའི་དོན་སྙིང་འཚོལ་ཞིབ་དང་སྙན་ངག་གི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ཏེ་སློབ་མ་དེ་བས་མང་བ་སྙན་ངག་ལ་དགའ་བ་སྐུལ་ལྕག་བྱས་ཤིང་རྩོམ་རིག་གི་དགའ་ཕྱོགས་བསྐྱེད་བསྲིངས་བྱས་པ་རེད།
སྙན་ངག་གྱེར་འདོན་གྱིས་སྐྱེ་ཁམས་ཀྱི་འགྲུལ་བཞུད་ལ་སེམས་པ་གླན།
སྙན་ངག་གྱེར་འདོན་འདུ་ཚོགས་ཐོག སྙན་ངག་པས་ཡུལ་དངོས་ནས་མི་སྒེར་གྱི་བརྩམས་ཆོས་གྱེར་ཏེ་ཡི་གེ་དང་སྐད་གདངས་ཀྱི་སྟོབས་ཤུགས་ཀྱིས་སྐྱེ་ཁམས་དང་ཁོར་ཡུག་ལས་བྱུང་བའི་སྙན་ངག་གི་སྣང་བ་གླེང་ཞིང་། སྙན་ངག་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་དུས་རབས་ལ་གུས་འདུད་ཞུས་ཤིང་། མཚོ་སྔོན་གྱི་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་ལེགས་སྐྱེས་ཕུལ་ཏེ། མཚོ་སྔོན་གྱི་རིག་གནས་དར་རྒྱས་གོང་འཕེལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དཔུང་བ་མཉམ་གཤིབ་བྱེད་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱས་པ།
ཁྱད་ལྡན་འགྲེམས་སྟོན་ལས“མགྲོན་བརྩི་རྐང་ཚའི”མི་རིགས་ཀྱི་ཉམས་འགྱུར་མངོན་པ།
བོད་མཁར་རྐང་ཚ་རུ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་བབ་ཆགས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཡོད་པར་མ་ཟད། ད་དུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས་དང་མི་རྣམས་ལ་བརྗེད་པར་དཀའ་བའི་ཁྱད་ལྡན་ཞིམ་ཟས་ཀྱང་ཡོད་པ་རེད། སྣམ་བུའི་འཚེམ་དྲུབ་དང་། སི་སྐུད་ཐང་ག རུས་བརྐོས་མ། ནོར་ཁུལ་ཐོན་རྫས་སོགས་ལག་ཤེས་བཟོ་རྩལ་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་གསར་གཏོད་འགྲེམས་སྟོན་གྱིས་སྐུ་མགྲོན་ཚོར“གཟུགས་འདས་ཤུལ་བཞག་རིག་གནས”ཀྱི་སྟོན་མོ་རྒྱ་ཆེན་ཞིག་བཤམས་ཡོད།
མཚོ་སྔོན་དུ་ཐོག་མར་སླེབས་པའི་ཀྲེ་ཅང་གི་སྙན་ངག་པ་ལུའུ་ཝས་ཨན་གྱིས་བཤད་རྒྱུར། ཐེངས་དང་པོར་མཐོ་སྒང་དུ་ཡོང་ནས་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་པར་མྱོང་རོལ་བྱེད་དུས། འདི་ནི་ངེས་པ་དོན་གྱི་སྙན་ངག་དང་རྒྱང་རིང་ཞེས་པ་དེ་ཡིན་པས། ང་ལ་སྙན་ངག་འབྲི་བའི་ཐད་འཆར་སྣང་དེ་བས་མང་པོ་བྱུང་ཡོད་ལ། གང་ལྟར་སྙན་ངག་འབྲི་བའམ་ཡང་ན་སྙན་ངག་འབྲི་སྐབས་ཀྱང་གནས་འདི་ནས་བློ་སྒོ་དེ་བས་མང་བ་ཞིག་འབྱེད་ཐུབ་ངེས་རེད་ཟེར།
སྙན་ངག་པ་ལིའུ་ཏ་ཝུའེ་ཡིས་བཤད་རྒྱུར། རྐང་ཚ་ནི་མཛེས་སྡུག་ལྡན་པའི་རྫོང་མཁར་ཞིག་རེད། སྔོན་ཆད་ང་ཐེངས་མང་སླེབས་མྱོང་ཡོད། དགུང་སྔོན་སྤྲིན་དཀར་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་ལ། ད་ཐེངས་ཡོང་དུས་ཀྱང་ཚོར་སྣང་མི་འདྲ་བ་ཞིག་བྱིན་འདུག ཁྲོམ་གཞུང་ཧ་ཅང་གཙང་ཞིང་གྲལ་དག་ལ། རྐང་ཚའི་གྲོགས་པོ་ཚང་མ་མགྲོན་བརྩི་ཆེ་ཞིང་ང་ཚོས་མཛེས་སྡུག་ལྡན་པའི་རྐང་ཚ་རུ་བློ་སྐྱེད་གསར་པ་ཐོབ་པའི་ཡིད་ཆེས་ཡོད་ཟེར།
ང་མཚོ་སྔོན་ལ་ཧ་ཅང་བརྩེ་བ་ཡོད། རྐང་ཚའི་རི་ཆུས་ང་ལ་བྱིན་པའི་ཚོར་བ་སྔར་ལས་སྔོ་ཞིང་གཙང་ལ། མཛེས་ཤིང་སྡུག ཡུལ་ལྗོངས་འདི་འདྲ་ནི་ལྷ་ཡུལ་མ་གཏོགས་མེད་ཅེས་སྙན་ངག་པ་ཝང་ཅན་ཀྲའོ་ཡིས་བཤད།
མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་སྟོན་སྐབས་ཁ་ཤས་ནང་ཞུགས་མྱོང་བའི་མཚོ་སྔོན་གྱི་སྙན་ངག་པ་ཨ་ཅ་ཡིས་མཚོ་སྔོན་པོའི་སྙན་ངག་དུས་སྟོན་ནི་མཚོ་སྔོན་དང་ཕྱི་ཕྱོགས་དབར་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་པ་དང་མཚོ་སྔོན་རིག་གནས་འོས་སྦྱོར་བྱེད་པའི་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ནམ་རྒྱུན་རྐང་ཚ་ཡོང་ཐེངས་རེར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པར་སྙམ་ལ། མཁར་གྲོང་གི་རྣམ་པ་གསར་པ་གསར་རྐྱང་ཞིག་མཐོང་རྒྱུ་འདུག མཐར་མཚོ་སྔོན་པོའི་སྙན་ངག་དུས་སྟོན་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་མཚོ་སྔོན་འཕེལ་རྒྱས་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཟེར།
མཚོ་སྔོན་པོའི་སྙན་ངག་དུས་སྟོན་ནི་མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་ཐོག་བཏོད་པའི་རིག་གནས་ཆས་རྟགས་ཤིག་ཡིན་ཞིང་། 2007ལོར་བཙུགས་པ་དང་ད་ལྟའི་བར་སྐབས་མང་པོ་ཞིག་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། རིམ་རྩིས་བྱས་ན་རྒྱལ་ཁབ160ལྷག་ཙམ་གྱི་སྙན་ངག་པ1400ལྷག་ཙམ་མཚོ་སྔོན་དུ་སྙན་ངག་དུས་སྟོན་ལ་ཞུགས་ཤིང་། བརྗིད་ཉམས་ལྡན་པའི“མཚོ་སྔོན་པོའི་སྙན་ངག་བསྒྲགས་གཏམ”བྱུང་བ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི“མཚོ་སྔོན་པོའི་སྙན་ངག་ཐང་ཆེན”བསྐྲུན་ལ། “གཙོད་རྟགས་མའི1573གྱི་སྙན་ངག་བྱ་དགའ”བཙུགས་པ་རེད། མིག་སྔར་མཚོ་སྔོན་པོའི་སྙན་ངག་དུས་སྟོན་དེ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་སྙན་ངག་དུས་སྟོན་གྱི་གྲས་ཤིག་ཏུ་གྱུར་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注