མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་བརྗོད་དོན་མཚོན་རྟགས(LOGO)དངོས་སུ་ཡོངས་བསྒྲགས་བྱས་པ

ཟླ6པའི་ཚེས30ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་གིས་ཟི་ལིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བརྗོད་དོན་མཚོན་རྟགས་ཡོངས་བསྒྲགས་བྱས་པ།

ཡོངས་བསྒྲགས་ཚོགས་འདུའི་ཐོག མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའི་འབྲེལ་ཡོད་འགན་འཁུར་བས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་བརྗོད་དོན་མཚོན་རྟགས་བསྡུ་རུབ་དང་དཔྱད་འདེམས་ཀྱི་བརྒྱུད་རིམ་ངོ་སྤྲོད་བྱས་ཤིང་། བརྗོད་དོན་མཚོན་རྟགས་ཀྱི(LOGO)ཤུགས་བསྟན་གོ་དོན་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ་མཚོན་རྟགས་བེད་སྤྱོད་བྱེད་ཚུལ་ཐད་གསལ་བཤད་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བརྗོད་དོན་མཚོན་རྟགས(LOGO)ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་འབུར་དུ་ཐོན་པར་བྱས་ཡོད་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་རིག་གནས་དང་ས་ཁོངས་རིག་གནས་མངོན་རྒྱུ་ནི་ཇུས་འགོད་ཀྱི་གཙོ་གནད་དུ་བཟུང་སྟེ་བསམ་གཞིགས་ཐེངས་མང་དང་སྒྱུ་རྩལ་ལས་སྣོན་གང་མང་བརྒྱུད་ཇུས་འགོད་བྱས་པ་ནི་མིག་ལ་མཛེས་ཤིང་དཔལ་གྱིས་ཕྱུག་པའི་ཨང་ཀི70ཡིན་པ་རེད། དེའི་ནང་ཨང་ཀི7གྱིས་རི་ཚོགས་རྨང་གཞི་བྱས་ནས་ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་ཞིག་བཏེགས་ཡོད་ལ། དེས་མཚོ་བྱང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་ཡོད། དར་ཆའི་མཐིལ་གྱི་རི་ཡིས་མཚོ་བྱང་གི་མངའ་ཁོངས་སུ་གནས་པའི་བརྗིད་ཉམས་ཆེ་བའི་མདོ་ལ་རི་བོ་དང་། མི་རིགས་ཀྱི་བླ་སྲོག་གཏོད་པའི་སྨོན་ལམ་མཐོན་པོ། སྤྲིན་གྱི་ན་བཟའ་མནབ་པའི་ཨ་མྱེས་སྟོང་སོ་སོགས་རི་ཚོགས་མཚོན་གྱིན་ཡོད་ལ། དེས་མཚོ་བྱང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོར་རི་བོ་ལྟར་བློ་བརྟན་འགྱུར་མེད་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་གཤིས་རྒྱུད་མངའ་བ་མཚོན་གྱིན་ཡོད། དར་ཆའི་ནང་བྱ་འཕུར་བ་ལྟར་སྐྱོད་པའི་རྟ་མཆོག་གིས་མཚོ་སྔོན་གྱོ་རྒྱ་འཇུ་ལག་རྟ་མཆོག་མཚོན་གྱིན་ཡོད་ལ། དེས་ཏང་གི་དར་ཆའི་ཁྲིད་སྟོན་འོག་ལས་ལ་བརྩོན་ཞིང་བབ་ཆགས་པའི་མཚོ་བྱང་གི་བུ་དང་བུ་མོ་ཚོའི་རྟ་ཕོའི་རྨིག་སྒྲ་འཇགས་པ་མེད་པར་རྟ་མཆོག་སྟོང་གི་འགྲོས་བཟང་བཞིན་ལེ་བར་བརྒྱ་ཕྲག་ཡུད་ཀྱིས་བགྲོད་པའི་མདུན་བསྐྱོད་ཀྱི་སྙིང་སྟོབས་མཚོན་གྱིན་ཡོད། ཨང་ཀི0ནི་མཛེས་སྡུག་ལྷད་མེད་ཀྱི་མཚོ་སྔོན་པོ་དང་གསེར་ཉ་ལས་གྲུབ་ཡོད་ལ། དེའི་ཐོག་པར་རིས་ཁྲོད་ཀྱི་གསེར་ཉ་བཞི་བསྣན་ན་ཁྱོན་ཡོངས་ལ་གསོན་ཤུགས་ཀྱིས་ཁེངས་པ་དང་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་གྱིན་ཡོད། འཁྱུག་རྩལ་སྐྱེན་ལ་སྣང་བར་མཛེས་པའི་གསེར་ཉ་ཡིས་མཚོ་བྱང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོ་དཀའ་ངལ་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་སྙིང་སྟོབས་མཚོན་པ་དང་། འཁྱུག་རྩལ་ངོམ་པའི་གསེར་ཉ་དང་དལ་བར་གཡོ་བའི་མེ་ཏོག་གིས་མཚོ་བྱང་གི་རིགས་སོ་སོ་གཅིག་ལ་གཅིག་འདྲེས་ཀྱིས་མཉམ་དུ་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ཁྲོད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས་འབད་འབུངས་མདུན་སྐྱོད་དང་མ་འོངས་འབྱུང་འགྱུར་ཕྱོགས་ལ་བསྐྱོད་པར་མཚོན། ཨང་ཀི“1953-2023”དང་དེ་བཞིན་རི་མོའི་འོག་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བྲིས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པ་ཞེས་པ་དེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བར་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་འོད་སྟོང་འབར་བའི་ཏང་གི་མི་རིགས་སྲིད་ཇུས་འོག་བསྐྱོད་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དེ་མཚོན་ཡོད།

ཁ་དོག་གི་ཆ་ནས་གཙོ་བོ་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ། དཀར་པོ་བཅས་རིགས5བདམས་ཡོད་ཅིང་དེས་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ལ་མཚོ་བྱང་གི་རྣམ་པར་བཀྲ་བའི་མི་རིགས་རིག་གནས་མཚོན་པ་དང་ཆབས་ཅིག་གསེར་མདོག་གིས་འཇུ་ལག་དང་ལྗང་མདོག་གིས་མདོ་ལ། སྔོན་པོ་ཡིས་རྐང་ཚ། དམར་པོས་མདའ་བཞི་བཅས་ཀྱི་ཁྱད་ཆོས་མངོན་ཡོད། དེའི་ཁྲོད་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད་པའི་མཚོན་རྟགས་དམར་པོས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་མཚོན་ཡོད། དྲོ་སྐྱིད་ལྡན་པའི་སེར་པོས་རིགས་སོ་སོའི་བུ་དང་བུ་མོ་ཚོའི་འཚོ་བ་ནི་མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་དང་འདྲ་བར་མཛེས་སྡུག་དང་བདེ་སྐྱིད། ཁམས་བདེ་བཅས་མཚོན་པར་མ་ཟད། མཚོ་བྱང་གི་མ་འོངས་པ་སྔར་ལས་འོད་སྟོང་འཕྲོ་བའི་མཚོན་ཚུལ་ཞིག་ཀྱང་ཡིན། ཁ་དོག་དཀར་པོ་དང་སྔོན་པོ། ལྗང་ཁུ་བཅས་ནི་མཚོ་བྱང་གི་དྭངས་གཙང་གི་གངས་རི་དང་གཡའ་དག་པའི་ནམ་མཁའ། ལྗང་མདོག་གི་རྩྭ་ཐང་བཅས་ཀྱི་བསྡུས་རིས་ཡིན་པ་དང་། དེས་མཚོ་བྱང་འདི་ཉིད་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་སྐྱེ་ཁམས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་མཚོ་བྱང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་བརྟན་པོ་བཟུང་ནས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་དང་མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ། ཤིན་ཧྭ་དྲ་བའི་མཚོ་སྔོན་འཕྲིན་ལམ། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་གསར་འགོད་པའི་ས་ཚིགས་སོགས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གསར་འགྱུར་སྡེ་ཁག་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་། ནུབ་མཚོ་ཚོང་ཁྲོམ་ཚགས་པར། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་ཡིག་ཚགས་པར། ཉིན་རེའི་གངས་ལྗོངས། ཟི་ལིང་དགོང་དྲོ་ཚགས་པར་ཁང་། ཟི་ལིང་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་དང་དེ་བཞིན་འཇུ་ལག་དང་མདོ་ལ། རྐང་ཚ། མདའ་བཞི་རྫོང་སྨྱན་སྦྱོར་ལྟེ་གནས་སོགས་སྨྱན་སྦྱོར30ལྷག་ཙམ་གྱི་གསར་འགོད་པ30ཙམ་གདན་ཞུས་ལྟར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཞུགས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号