2023ལོའི་ཙོང་ཆུའི་མགོ་ཁུངས་གསེར་མཚེའུ་རུ་གསེར་ཉ་ཁྲི10ཡི་གསོ་སྤེལ་བྱེད་སྒོ་སྤེལ།

ཟླ་དྲུག་པའི་གསེར་དངུལ་རྩྭ་ཐང་གི་ཕྱོགས་བཞིའི་ཁོར་ཡུག་སྔོ་ཞིང་ལྗང་ལ་སྐྱེ་དངོས་ཐམས་ཅད་ལ་སྐྱེ་སྟོབས་ཀྱི་དཔལ་འབར། ཟླ་དྲུག་པའི་གསེར་མཚེའུ་ཁ་རུ་ཉི་འོད་ཀྱི་བཀྲག་མདངས་རྣམ་པར་འཚེར་ཞིང་ཡུལ་ལྗོངས་ལྟ་ན་སྡུག ཟླ6པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མཚོ་བྱང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་དང་མཚོ་སྔོན་ཞིང་ཆེན་ཉ་ལས་ཁྱབ་གདལ་ལྟེ་གནས། མཚོ་བྱང་ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུས། མདའ་བཞི་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་བཅས་ཀྱིས་འགན་སྒྲུབ་གནང་བའི“ཆུ་སྐྱེས་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་མཚོ་བྱང་སྐྲུན”ཞེས་པ་བརྗོད་དོན་ཡིན་པའི2023ལོའི་ཙོང་ཆུའི་མགོ་ཁུངས་གསེར་མཚེའུ་རུ་གསེར་ཉ་ཁྲི10ཡི་གསོ་སྤེལ་བྱེད་སྒོ་ནུབ་མཚོ་གྲོང་རྡལ་དུ་སྤེལ།    


ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱི་ཐིན་ཀྲང་གཞོན་པའམ་རིམ་པ་དང་པོའི་སྐོར་ཞིབ་པ་ཀུང་ཨའེ་ཆི། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་། ཀརྨ་ཚེ་རིང་། ཧན་ཧྲི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཀྲེང་ཆིང་། ཁུལ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མ་ཝུན་ཆོན། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཁེ་ཞོ་ཆིན་བཅས་མཛད་སྒོར་ཞུགས་ཤིང་། ཀརྨ་ཚེ་རིང་གིས་གཙོ་སྐྱོང་གནང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཡུང་ཞིན་གཞུང་དཔང་ཁྲུའི་ལས་སྒྲུབ་མི་སྣས་གཞུང་གི་དཔང་ཚིག་ཕུལ།    

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་སྐབས། མཚོ་བྱང་ཁུལ་ནི་ཙོང་ཆུ་དང་བར་དམ་ཆུ། མུ་རིའི་ཆུ་བཅས་ཀྱི་མགོ་ཁུངས་དུ་གནས་པ་དང་ས་ཁོངས་སུ་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྐར་ཆ0.5ལས་མཐོ་བའི་ཆུ་རྒྱུན60ལྷག་ཙམ་བཞུར་གྱིན་ཡོད་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོ་གལ་ཆེན་དང་མཚོ་སྔོན་པོའི་ཆུ་ཁུངས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་དང་ཁོངས་གཏོགས་ཀྱི་མུ་རིའི་ཆུ་དང་བར་དམ་ཆུ་གཉིས་ནི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཁུལ་ཡིན་པས་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཡིན། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་སྐོར་ལ་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རི་ཆུ་ནགས་མཚེའུ་རྩྭ་བྱེ་མ་འཁྱག་ཀླུང་གཞི་གཅིག་ཅན་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གཙང་པོ་དང་མཚེའུ་ཡི་ཆུ་ཁོངས་སྐྱེ་ཁམས་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་སྐྱེ་ཁམས་མ་ལག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་སྐྱེ་ཁམས་རིན་ཐང་ཡང་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། ཐེངས་འདིའི་ཙོང་ཆུའི་མགོ་ཁུངས་གསེར་མཚེའུ་རུ་གསེར་ཉ་གསོ་སྤེལ་བྱེད་སྒོ་སྤེལ་བ་ནི་མཚོ་བྱང་དུ་རྒྱལ་ཡོངས་ཀྱི་ཁག་གཉིས་པའི་ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཞིབ་ཕྲའི་ལག་ལེན་དང་། ཁུལ་སྲིད་གཞུང་གནས་སའི་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཚོད་ལྟ་ནུས་ལྡན་ཞིག་རེད། མཚོ་བྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་བསྟུན་ནས“ཆེས་ཆེ་བ་གསུམ”དང“ནུབ་རྒྱུད་ཆུ་མཛོད”བཅས་ས་ཁོངས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། མཚོ་སྔོན་གྱི་ཉ་ལས་ཐོན་ཁུངས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་འགུལ་སྐྱོད་ནང་རང་རྟོགས་ངང་མཉམ་འདྲེས་བྱས་ཏེ། སྐྱེ་འཕེལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྐྱེ་འཕེལ་བྱ་བ་ཚད་ལྡན་དུ་གཏོང་བ། གཙང་པོ་དང་མཚེའུ་ཡི་སྐྱེ་དངོས་སྐྱེ་ཁམས་ཀྱི་ཁྱུ་ཚོགས་ཇེ་ལེགས་སུ་བཏང་ནས་ཆུ་བོ་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་ཆུའི་སྐྱེ་ཁམས་ཁོར་ཡུག་གཏོད་དགོས་ཟེར།

 བྱེད་སྒོ་སྤེལ་ཡུལ་དུ་ད་དུང་གསེར་ཉའམ་ལི་ཉ་རྗེན་པ་ཆུ་ནང་དུ་གཏོང་བའི་གསོ་སྤེལ་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་གསེར་ཉ་ཁྲི10གསེར་མཚེའུ་རུ་བཏང་པ་བརྒྱུད། ཙོང་ཆུའི་གསེར་མཚེའུ་ཡི་སྐྱེ་དངོས་ཁྱུ་ཚོགས་ཀྱི་གྲུབ་ཆ་སྔར་བས་ཇེ་ལེགས་དང་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་ཇེ་རྒྱས་སུ་འགྲོ་རྒྱུ་ཡིན་པ་རེད། 

ཁུལ་ཐད་གཏོགས་ལས་ཁུངས་སམ་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་། ནུབ་མཚོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱི་ཁོངས་གཏོགས་ལས་ཁུངས་དང་། མདའ་བཞི་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་ལས་བྱེད་ལས་བཟོ་པ་ཡོངས། མང་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་བྱེད་སྒོར་ཞུགས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号