ཤ་བོ་སྐྱབས་ཀྱིས་དུས་སྟོན་བྱེད་སྒོ་གལ་ཆེན་གྱི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་ནས་སྐུལ་འདེད་བཏང་།

ཟླ6པའི་ཚེས24ཉིན་ནས་ཚེས25ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ལྟ་ཞིབ་དང་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་། 2023ལོའི་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་བཅས་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ནས་སྐུལ་འདེད་བཏང་བ་དང་། གོམ་སྟབས་རྗེས་མའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།    

ཚེས24ཉིན། མཚོ་སྔོན་པོའི་ཁེ་རམ་ཐང་དུ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། ཤ་བོ་སྐྱབས་ཀྱིས2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་གྱི་གྲ་སྒྲིག་བྱ་བ་སོ་སོའི་འཕེལ་རིམ་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས། མཚོ་སྔོན་པོའི་ཁེ་རམ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་གནང་ཡུལ་ཞིག་ཡིན་ལ། མཚོ་སྔོན་པོའི་སྙན་ངག་དུས་ཆེན(རྐང་ཚའི་ས་ཚིགས)གྱི་བྱེད་སྒོ་ཡག་པོར་གཉེར་རྒྱུ་ནི་ཕྱི་ཕྱོགས་སུ་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་དྲིལ་སྒྲོག་དང“ཉ་དང་བྱ་ཡི་ཞིང་ཁམས·བོད་མཁར་རྐང་ཚའི”ཤུགས་རྐྱེན་ཆེ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། གྲ་སྒྲིག་བྱ་བ་སོ་སོ་དམ་འཛིན་ཏན་ཏིག་བྱས་ནས་འགན་ཁུར་དོན་འཁྱོལ་དང་ལག་བསྟར་གནད་འཁེལ་ཐུབ་པ་བྱས་ཏེ་བྱེད་སྒོའི་གོ་རིམ་སོ་སོའི་བྱ་བ་འབྲེལ་མཐུད་གང་ལེགས་ཡོང་བ་བྱེད་དགོས་ཤིང་། གཅན་ཚ་རྫོང་གི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་གྱི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་སྡུར་སྐབས་བརྒྱད་པ་ལེགས་པོར་གཉེར་ནས་རྐང་ཚའི་སྙན་པ་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན། 

ཚེས25ཉིན་གཙོ་སྐྱོང་གནང་ནས་འཚོགས་པའི2023ལོའི་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་བའི་སྐུལ་འདེད་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་འབྲེལ་ཡོད་ལས་ཁུངས་ཀྱི་བྱ་བའི་སྙན་ཞུར་གསན་རྗེས་བསྟན་དོན2023ལོའི་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་ནི་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པའི་ནང་ཚད་གཞི་མཐོ་བ་དང་ཤུགས་རྐྱེན་ཆེ་བའི་དུས་སྟོན་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་།  ཆུ་ཚད་མཐོ་བའི་སྒོ་ནས་ཁྱད་ལྡན་རིག་གནས་ཆས་རྟགས་གཏོད་པ། མཚོ་བྱང་གི་ཤུགས་རྐྱེན་ཐེབས་ཤུགས་དང་སྙན་པ་སྔར་བས་ཆེ་རུ་གཏོང་བ། “མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པར་མི་ཆོས་ཁོར་ཡུག་དང་ཕྱི་རོལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དགོས་གཏུག་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ“ཁུལ་ཡོངས་མིག་མངས་འགྲིག་སྐོར་གཅིག”གི་ངོས་འཛིན་དང་བྱ་སྤྱོད་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོ་ཐུན་མོང་ཐོག་དམ་འཛིན་ཡག་པོ་བྱེད་དགོས་ཟེར

ཤ་བོ་སྐྱབས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་བྱེད་སྒོའི་སྤྱིའི་ཇུས་གཞི་སྔར་བས་ཇེ་ལེགས་སུ་བཏང་ནས་གྲ་སྒྲིག་བྱ་བ་སོ་སོ་སྤྱི་ཡོངས་མཉམ་འགུལ་དང་མ་ལག་ཁ་གསལ། སྒྲིག་འཛུགས་གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། དྲིལ་སྒྲོག་འཕྲིན་སྤེལ་བྱ་བ་ཡག་པོར་བསྒྲུབ་ནས་དྲིལ་སྒྲོག་ཇུས་གཞི་ཞིབ་ཚགས་བཟོས་ཏེ་ཁྱད་ལྡན་བཀྲག་མདངས་འཚེར་ས་ཕྱོགས་སྡོམ་ནན་ཏན་དང་གདམ་གསེས་བྱས་ཏེ་ཟུར་ཚད་མང་པོ་དང་ཕྱོགས་ཡོངས། ཚགས་དམ་པ་བཅས་ཀྱི་སྒོ་ནས་དྲིལ་སྒྲོག་འཕྲིན་སྤེལ་བྱ་བ་སྒྲིག་འཛུགས་ཡག་པོ་བྱེད་དགོས། “སྤྲོ་སེམས་དང་དགའ་སྤྲོ། དངོས་སྒྲུབ། བབ་ཆགས”བཅས་ཀྱི་རྩ་དོན་གཞིར་བཟུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ། ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། འཚོ་བ་བབ་ཆགས་སྐྱེལ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ནོར་དཔལ་གྱི་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ། འགྲོ་གྲོན་སྔོན་རྩིས་ཚོད་འཛིན་ནན་མོ་བྱེད་པ། གྲོན་ཆུང་ངང་བྱེད་སྒོ་གཉེར་བ་བཅས་བྱེད་དགོས། ཁུལ་འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་སྡེ་ཁག་གིས་སྨོན་ལམ་མཐོན་པོའི་ལྗོངས་གཟིགས་སྟེགས་བུ་དང་། ལྟ་སྐོར་ཤིང་ལམ། སྒར་འདེབས་རྟེན་གཞི་བཅས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་གློག་ཤུགས་སྡེ་ཁག་དང་མཉམ་དུ་སྒར་འདེབས་རྟེན་གཞིའི་བགྲོད་ལམ་ལྷོ་ངོས་ཀྱི་གློག་སྐུད་དང་གློག་སྡོང་མེད་པར་བཟོ་བའམ་ལམ་ཐིག་སྒྱུར་ནས་གློག་སྐུད་ས་འོག་ཏུ་འཐེན་པའི་བྱ་བ་གང་མགྱོགས་སྒོས་ལེགས་འགྲུབ་བྱེད་དགོས་ཤིང་། ཁུལ་གློག་ཤུགས་སྡེ་ཁག་གིས“ལམ་ཐིག་ལེགས་སྒྱུར་དང་མ་རྩ་གྲོན་ཆུང”རྩ་དོན་གཞིར་བཟུང་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་ཇུས་འགོད་ལུགས་མཐུན་བྱས་ནས་ཞིང་ཆེན་ལ་སྨོན་ལམ་མཐོན་པོའི་ཆན་ཧྥུའུ10ཡི་གློག་དྲའི་ལས་གཞི་འཛུགས་པའི་བཟོ་སྐྲུན་ལག་བསྟར་བྱ་རྒྱུར་མཐུན་སྦྱོར་བྱས་ཏེ་སྨོན་ལམ་མཐོན་པོའི་གནམ་དཔྱད་ལྟ་ཞིབ་ས་ཚིགས་དང་ཁོར་ཡུག་ལྟ་ཞིབ་ས་ཚིགས། ནགས་རྩྭའི་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་ས་ཚིགས་བཅས་དང་དེ་བཞིན་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་རྒྱུར་གློག་ཤུགས་ཀྱི་འགན་ལེན་བྱེད་དགོས། ཁུལ་བཟོ་འཕྲིན་སྡེ་ཁག་དང་ཁུལ་ལྕགས་སྒྲོམ་སྤྱི་གཉེར་ཁང་གིས་འོད་ཤུགས་གློག་ནུས་བཀོད་སྒྲིག་བྱས་པ་བརྒྱུད་འཕྲིན་གཏོང་ལྕགས་སྒྲོམ་བརྡ་རྟགས་ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱེད་དགོས་པར་མ་ཟད། གློག་འཕྲིན་དང་སྤོ་སྒུལ། འབྲེལ་འཕྲིན་སྤྱི་གཉེར་ཁང་བཅས་དང་མཉམ་དུ་སྨོན་ལམ་མཐོན་པོ་འཕྲིན་གཏོང་འགན་ལེན་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་དྲ་རྒྱའི་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས། མདའ་བཞི་རྫོང་དང་ཁུལ་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་སྨོན་ལམ་མཐོན་པོ་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ་དང་ས་ཤུན་མེད་པའི་ས་ཆའི་ཕྱོགས་བསྡུས་སླར་གསོ་དང་རྩྭ་ཐང་ཉམས་ཞན་བཅོས་སྐྱོང་ལེགས་སྒྱུར་ནུས་ཤུགས་ཡོད་རྒུས་ལག་བསྟར་ཡག་པོ་བྱེད་པ། ལྕགས་ར་ལེན་པ་དང་རྩྭ་འདེབས་ལྗང་སྒྱུར་གྱི་བྱ་བ་ཡག་པོ་སྒྲུབ་པ། སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞིའི་ཉེ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་ལ་མུ་མཐུད་དམ་འཛིན་ཡག་པོ་བཅས་བྱས་ཏེ་ལྗོངས་ཁུལ་གྱི་ཉེ་འཁོར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།  མདའ་བཞི་རྫོང་དང་ཁུལ་རྒྱལ་ཁབ་མ་འཇོག་པུའུ། འགྲིམ་འགྲུལ་སྡེ་ཁག་བཅས་ཀྱིས་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞིའི་མཐའ་འཁོར་དང་དེ་བཞིན་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་གནས་སྐབས་བཀོལ་སྤྱོད་ཀྱི་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས་པར་མ་ཟད། གར་སྟེགས་སྐྲུན་པའི་ཐད་དེང་རབས་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་ཁ་ཕྱོགས་པའི་བསམ་ཕྱོགས་ཐོག་ནས་མི་སེར་གྱི་གར་སྟེགས་ཆེན་མོ་དང་དགུན་དུས་ཀྱི་ཡུལ་སྐོར་བྱེད་སྒོ་སོགས་དང་ཟུང་འབྲེལ་བྱས་ཏེ་ཇུས་འགོད་བྱེད་དགོས། སྣེ་ཁྲིད་མགོ་ཁྲིད་སོ་སོས་འགན་འཁྲི་ཏན་ཏིག་འཁུར་བ་དང་ཞིབ་ཕྲའི་བྱ་བར་ཞིབ་འཇུག་དང་ཁྲིད་སྟོན། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་འབྲེལ་ཡོད་སྡེ་ཁག་གིས་དམིགས་ཚད་བླང་བྱར་དམ་པོར་དམིགས་པ་དང་། གྲ་སྒྲིག་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པ་ཁག་ཐེག་བྱས་ཏེ་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་ཏེ་སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་ནན་གྱིས་བསྟན།

གཡུ་སྒྲོན་མཚོ་དང་། མ་རུའུ་ཞང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། རྐང་ཚ་རྫོང་། མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་སོ་སོར་ཚོགས་འདུར་ཞུགས་པ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཕེབས་རོགས་གནང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号