2023ལོའི་མཚོ་བྱང་ཁུལ་གྱི་གཞི་རིམ་སྐད་གཉིས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་མགོ་བརྩམས་པ།


   《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་ཐབས》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྔར་ལས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ་དང་། མཚོ་བྱང་ས་ཁུལ་གྱི་བོད་རྒྱ་སྐད་གཉིས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་སྒོས་སྤྱོད་རྒྱུར་སྔར་ལས་ཤུགས་སྣོན་པ། གཞི་རིམ་སྐད་གཉིས་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ནུས་པ། ཞབས་ཞུའི་ནུས་བ་བཅས་སྔར་ལས་ཆེ་རུ་གཏོང་ཆེད། ཟླ5པའི་ཚེས18ཉིན། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་སོགས་གདན་ཞུ་བྱས་ཏེ་གཞི་རིམ་སྐད་གཉིས་ལས་བྱེད་པའི་ལས་སྒོའི་བྱང་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འཚོགས་མགོ་བརྩམས། 

   ཁུལ་གྱི་སྨྱན་སྦྱོར་ལས་ཁུངས་དང་། མདའ་བཞི་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་བཅས་ཀྱི་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་། རྫོང་སོ་སོའི་ཁྲིམས་འཛིན་ལས་ཁུངས། དེ་བཞིན་སློབ་གསོ་དང་རིག་གནས་སྡེ་ཁག་བཅས་ཀྱི་ལས་བྱེད་མི་སྣ་དང་། བརྡ་ཁྱབ་ཚོང་ཁང་གི་འགན་འཁུར་བ་སོགས་མི40ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད།

   ཐེངས་འདིའི་གསོ་སྦྱོང་ཁྲོད། བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་བླང་བྱ་བརྒྱུད་སྒྲོག་དང་ཆེད་མཁས་པ་གདན་དྲངས་ནས་སྲིད་ཇུས་ཀྱི་དགོངས་དོན་ཀློག་འགྲེལ་དང་། བོད་ཀྱི་བརྡ་སྤྲོད་རིག་པ་དང་ལོ་ཙཱའི་ལག་ལེན་སྐོར་ནས་འཆད་ཁྲིད་བྱས་ཤིང་། སྤྱི་ཚོགས་སྤྱོད་ཡིག་ཡིག་སྒྱུར་དང་བེད་སྤྱོད་ཐད་ཀྱི་ཉམས་མྱོང་ལ་དམིགས་ནས་ཡུལ་དངོས་སུ་བསམ་ཚུལ་བརྗེ་རེས་བཅས་བྱས་ཏེ། སློབ་མ་རྣམས་ཀྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་དོན་སྙིང་དང་བླང་བྱའི་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་ཕྱིན་པ་དང་ལོ་ཙཱའི་རྩལ་ནུས་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།

   ཐེངས་འདིའི་གསོ་སྦྱོང་སྤེལ་བ་བརྒྱུད། རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་སོ་སོའི་བྱ་བའི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན་ཡོད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དང་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号