མཚོ་བྱང་ཁུལ་གྱིས་ལས་དོན་འདི་ཞིང་ཆེན་ཡོངས་ཀྱི་སྔོན་ལ་འགྲུབ་འདུག
ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་དང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་བྱ་བའི་བླང་བྱ་ལག་བསྟར་ནན་ཏན་བྱས་པ་དང་། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་པ་དེ“དམངས་འཚོ་ལ་ཕན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས་ཤིང་། རྫོང་སོ་སོའི་མི་དམངས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་། ཡུལ་ཚོ་དང་སྡེ་བ(སྡེ་ཁུལ)རིམ་པ་གཉིས་ཀྱི་གཞོགས་འདེགས་ཧུར་ཐག་དང་དཀའ་སྤྱད་འབད་བརྩོན་འོག་སྤུས་ཚད་མཐོ་བའི་སྒོ་ནས2025ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལས་འགན་སྔོན་ལ་ལེགས་འགྲུབ་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་གྲོན་དངུལ་གཅིག་སྡུད་ཀྱིས་སྤྲོད་པའི་དུས་ཡུན་མཇུག་སྒྲིལ་བའི་བར། ཁུལ་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི268711(དེའི་ནང་ལས་བཟོ་བ34830དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི233881ཡོད)ཡོད་པ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ལས་འགན265084ཡི101.37%ལེགས་འགྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ནས་སྔོན་ལ2025ལོའི་འགན་བཅོལ་ནང་ཞུགས་པའི་ལས་འགན་ལེགས་འགྲུབ་བྱུང་།
ཚད་རིམ་མཐོ་ས་ནས་སྐུལ་འདེད་བཏང་སྟེ་ཁྱབ་རྒྱ་ཇེ་ཆེར་བཏང་། 2025ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི“ཉིན་བརྒྱའི་འགག་སྒྲོལ”འགུལ་སྐྱོད་གཏིང་ཟབ་སྤེལ་ཏེ། “དུས་ཚོད་རེའུ་མིག”དང“ལས་འགན་རི་མོ”ཁ་གསལ་བཟོས་ནས་བྱ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་། ཁུལ་སྲིད་གཞུང་གི་ཁག་བགོས་འགན་ཁུར་མགོ་ཁྲིད་ཀྱིས་སྣེ་ཁྲིད་དང་། སྡེ་ཁག་མཉམ་འགུལ། ས་ཁོངས་ཀྱིས་འགན་འཁུར་བའི་བྱ་བའི་ལམ་སྲོལ་བཙུགས་ཏེ། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་བཀོད་གཏོང་སྐུལ་འདེད་ཚོགས་འདུ། སྐད་འཕྲིན་ཚོགས་པའི་དུས་ཐོག་བཀོད་གཏོང་སོགས་བྱེད་ཐབས་བརྒྱུད་དེ་ཁྱབ་རྒྱ་སྐྱེད་པའི་བྱ་བར་སྐུལ་འདེད་བཏང་ཞིང་། བྱ་བའི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུར་འགན་ལེན་བྱས།
ས་ཁོངས་ཧྲིལ་བོ་སྐུལ་སློང་བྱས་ནས་ཁྱབ་རྒྱ་ཆེ་རུ་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་གྲོན་དངུལ་གཅིག་སྡུད་ཀྱིས་བསྡུ་མགོ་བརྩམ་ལ་ཉེ་སྐབས། ཁུལ་དང་རྫོང་གིས་སོ་སོར་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་པའི་སྲིད་ཇུས་གསོ་སྦྱོང་བྱས་པ་དང་། སྤྱིའི་དམིགས་ཚད་དང་ཞིབ་ཕྲའི་ལས་འགན། བསྡུ་ལེན་བརྒྱུད་རིམ་བཅས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འགན་བཅོལ་ལས་སྒྲུབ་མི་སྣའི་སྤྱིའི་ལས་སྒོའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་། “1+N”ཡི་སྐད་འཕྲིན་དུ་ལས་སྒོ་མཛུབ་སྟོན་བྱེད་པའི་བློ་གྲོས་ཞབས་ཞུའི་ནུས་པ་འདོན་སྤེལ་བྱས་ཤིང། སྐད་འཕྲིན་ལས་སྒོའི་འབྲེལ་གཏུག་མཛུབ་ཁྲིད་ཚོགས་པའི་ནང་སྨན་བཅོས་འགན་བཅོལ་དང་ཁྲལ་དོན། ཡུལ་ཚོ་དང་གྲོང་རྡལ། སྡེ་བ(སྡེ་ཁུལ)སོགས་ཀྱི་ཁག་བགོས་འགན་འཁུར་མགོ་ཁྲིད་ཚུད་ཡོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་དྲ་ཐོག་ནས་ཞབས་ཞུ་སྒྲུབ་སྟེ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་ཚད་ཉིན་རེར་འཕར་སྣོན་ཡོང་བའི་འགན་ལེན་བྱས།
མགྱོགས་ཚད་ལ་ལྟ་རྟོག་དམ་ཟབ་བྱས་ཏེ། ཁྱབ་རྒྱ་ཇེ་ཆེར་གཏོང་ཚད་སྔོག་འདོན་གཏིང་ཟབ་བྱས། 2024ལོའི་ཟླ10པ་ནས་བཟུང་། ཁུལ་དང་རྫོང་གི་སྨན་བཅོས་འགན་སྲུང་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་མཐུན་སྦྱོར་བྱེད་པའི“བཀོད་གཏོང་ཉིན”གྱི་རྗེས་འདེད་ཕན་འབྲས་འདྲི་རྩད་ཀྱི་ལམ་སྲོལ་བཙུགས་ནས་དུས་ཐོག་ཏུ་མྱུར་ཚད་ལ་འགུལ་རྣམ་ལྟ་ཞིབ་བྱས། དྲིལ་སྒྲོག་སྐུལ་སློང་གི་འགན་འཁྲི་ནན་དཀྲི་བྱས་ཏེ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཆེད་མངགས་མི་སྣ་ཐེངས་མང་སྒྲིག་འཛུགས་བྱས་ནས་འགན་བཅོལ་ནང་ཞུགས་པའི་གཞི་གྲངས་བསྡུར་བ་དང་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲད་པའི་ཆ་འཕྲིན་གསེད་བཀྲོལ་བྱས་པར་མ་ཟད། “གནས་ནས་གནས”ཡུལ་ཚོ་དང་སྡེ་བ(སྡེ་ཁུལ)རིམ་པ་གཉིས་ལ་གནས་ཚུལ་ངོ་སྤྲོད་བྱས། དེ་དང་ཆབས་ཅིག གཞི་རིམ་ཞབས་ཞུའི་ནུས་ཕྱོད་སྔར་བས་སྐུལ་སློང་བྱས་ཏེ་གཅིག་སྡུད་ཐོག་གྲོན་དངུལ་སྤྲོད་པའི་དུས་ཡུན་མཇུག་སྒྲིལ་བའི་དུས་མཚམས་སུ་ཡུལ་ཚོ་དང་སྡེ་བ(སྡེ་ཁུལ)རིམ་པ་གཉིས་ཀྱི“དྲ་མིག་དོ་དམ”གྱི་ཞབས་ཞུའི་ལེགས་ཆར་བརྟེན་ནས། གཞི་རིམ་གྱི་ཚབ་སྒྲུབ་པ་དང་དྲ་མིག་མི་སྣ་སྒྲིག་འཛུགས་བྱས་ནས་འགན་བཅོལ་ནང་ཞུགས་མེད་པའི་མི་སྣའི་མིང་ཐོ་ལྟར། “སྒོ་ཁར་སྐུལ་སློང་བྱེད་པ”ཡི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། “མི་རེ་རེར་ཁ་པར་ལམ་ནས་སྲིད་ཇུས་བཤད་པ་དང་། གནས་ནས་གནས་ལ་ཁྱིམ་ཚང་རེ་རེར་སོང་ནས་སྐུལ་སློང་བྱེད་པ། ངོ་ཐུག་ནས་མཛུབ་ཁྲིད་དང་རོགས་རམ་བྱེད་པ”བཅས་བྱས་ཏེ། མང་ཚོགས་ཀྱིས་ཡུལ་དངོས་ནས་འགན་བཅོལ་གྲོན་དངུལ་སྤྲོད་པར་རོགས་རམ་བྱས་ཤིང་། སྤྲོད་དགོས་པ་ཚང་མས་སྤྲོད་པར་སྐུལ་འདེད་བཏང་།
གོམ་སྟབས་རྗེས་མར། ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་མུ་མཐུད་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་། “མི་གཅིག་ལ་ཡིག་ཚགས་གཅིག”གི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། གྲངས་ཀའི་ནུས་པ་འདོན་སྤེལ་བྱས་ཏེ་གོང་འོག་མཐུན་སྦྱོར་རྒྱུན་འཁྱོངས་ཀྱིས་གཅིག་སྡུད་མིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་གྲོན་དངུལ་སྤྲོད་པའི་བྱ་བར་རྒྱུན་རྣམ་ཅན་དུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་བྱ་བར་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ་གོམ་སྟབས་གསར་བ་སྤོ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注