ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་ལུས་རྩལ་ར་བ་དང་མཚོ་བྱང་མགྲོན་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་གླིང་སྒྱུར་བཀོད་རིམ་སྤོར་བྱ་བར་བརྟག་ཞིབ་གནང་།


    ཟླ4བའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ནུབ་མཚོ་གྲོང་རྡལ་དུ་བསྐྱོད་དེ་ནུབ་མཚོ་ལུས་རྩལ་ར་བ་དང་མཚོ་བྱང་མགྲོན་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་གླིང་སྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་གྱི་བྱ་བར་བརྟག་ཞིབ་གནང་ལ།  ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་སྡོད་ཁང་འཛུགས་སྐྲུན།  ཁུལ་རིག་གནས་ཡུལ་སྐོར། ཁུལ་ནགས་ལས་རྩྭ་ཐང་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མཉམ་དུ་བརྟག་ཞིབ་ལ་ཕེབས་རོགས་གནང་།

   ནུབ་མཚོ་ལུས་རྩལ་ར་བར་ཀྲང་ཧྲིང་ཡོན་འཁོར་དང་བཅས་པས་ཡུལ་དངོས་ནས་རླངས་འཁོར་འཇོག་ས་དང་ལྟད་མོ་བ་འདུག་སའི་སྒྲིག་བཀོད། འབྲེལ་ཡོད་བཟོ་སྐྲུན་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ལུས་རྩལ་ར་བ་རིམ་སྤོར་སྒྱུར་བཀོད་བཟོ་སྐྲུན་གྱི་སྤུས་ཚད་དང་མྱུར་ཚད། འཕྲད་པའི་ཞིབ་ཕྲའི་གནད་དོན་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་དུས་མཇུག་གི་བྱ་བར་བླང་བྱ་བཏོན། ཁོང་གིས་ལུས་རྩལ་ར་བ་རིམ་སྤོར་སྒྱུར་བཀོད་བྱེད་པ་ནི་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་གནད་ལས་གཞི་ཞིག་དང་དམངས་འཚོའི་བཟོ་སྐྲུན་ཞིག་ཡིན་པས། མིག་སྔར་ཁུལ་སྟོན་གྱི་དུས་ཚོད་སྔར་བས་ཇེ་ཉེ་ཡིན་ལ་ལས་གཞི་འཛུགས་སྐྲུན་གྱི་དུས་ཚོད་ཐུང་ལ་ལས་འགན་ལྕི་བས་རྣམ་གཡེང་བྱེད་མི་རུང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱས་ནས་བཟོ་སྐྲུན་གྱི་མྱུར་ཚད་འགན་ལེན་བྱས་ཏེ་ཀྲུའུ་ཞི་སྟེགས་བུ་དང་རྟ་རྒྱུག་ལམ། གསང་སྤྱོད། ཉི་འགོག་པང་ལེབ། ལྟད་མོ་བའི་རྐུབ་སྟེགས་སོགས་བསྐྱར་སྐྲུན་བྱེད་ཚད་མགྱོགས་སུ་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་རླངས་འཁོར་འཇོག་ས་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་ལ། བགྲོད་ལམ་སོགས་མཚོན་རྟགས་ཀྱི་བྱང་བུ་བཀོད་སྒྲིག་དང་གསར་སྒྱུར་ཡག་པོ་བྱས་ནས་རྒྱ་ཆེའི་སྐུ་མགྲོན་ཚོར་ཞབས་ཞུ་སྔར་བས་ལེགས་པ་མཁོ་འདོན་བྱེད་དགོས་པར་བསྟན། 

   མཚོ་བྱང་མགྲོན་ཁང་དུ་ཀྲང་ཧྲིང་ཡོན་གྱིས་ཁང་བ་སྒྱུར་བཀོད་དང་ཇུས་འགོད་བཀོད་སྒྲིག བཟོ་སྐྲུན་གྱི་ཨར་ལས་འཕེལ་རིམ་བཅས་ལ་ལྟ་ཞིབ་བྱས་རྗེས་རྣམ་པ་དང་སྤུས་ཚད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཨར་ལས་བདེ་འཇགས་དང་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་བཏང་ནས་སྤུས་ལེགས་བཟོ་སྐྲུན་གཏོད་དགོས། མཉེན་ཆས་དང་སྒྲིག་སྦྱོར་གཙོ་བོའི་རྣམ་པ་སྡེབ་སྒྲིག་བྱ་རྒྱུར་དོ་སྣང་བྱས་ཏེ་མགྲོན་ཁང་དེ་སྤྱི་ཡོངས་ཀྱི་སྒྱུ་རྩལ་ཐོན་རྫས་ཤིག་ཏུ་བརྩིས་ནས། ཞིབ་ཚགས་བཟོ་བ་དང་མགྲོན་ཁང་གི་མ་ལག་ཧྲིལ་བོའི་འཛུགས་སྐྲུན་གྱི་རྣམ་པ། ཚོས་གཞི་དང་ཁྱད་ཆོས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བསམ་གཞིགས་བྱས་ཏེ་ཁྱད་ཆོས་ཀྱི་གཅིག་མཐུན་རང་བཞིན་དང་མཐུན་སྦྱོར་རང་བཞིན་འགན་ལེན་བྱེད་དགོས་ལ། མཚོ་བྱང་མགྲོན་ཁང་གིས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགན་ཁུར་ཧུར་ཐག་གིས་སྒྲུབ་པ་དང་ཞབས་ཞུའི་འདུ་ཤེས་ཇེ་བཟང་དུ་གཏོང་བ། རང་འགུལ་སྒོས་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས་པ་ནན་གྱིས་བསྟན།

   མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་གླིང་དུ་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས་དྲན་གསོ་གླིང་གི་སྒྱུར་བཀོད་ལས་གཞིའི་འཕེལ་རིམ་ལ་ལྟ་ཞིབ་བྱས་ལ། ཡུལ་དངོས་ནས་འགན་འཁུར་བ་དང་ཨར་ལས་ཕྱོགས་ཀྱི་ངོ་སྤྲོད་ལ་ཉན་རྗེས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་གང་ལེགས་བྱས་ཏེ་གཅིག་སྡུད་ཐོག་འཆར་འགོད་དང་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག ལྗང་སྒྱུར་རིམ་སྤོར་དང་སྒྲིག་བཀོད་སྲུང་སྐྱོང་། ཐང་ཆེན་ཞིག་གསོ་སོགས་ཀྱི་བྱ་བ་སྤྱི་འདོམས་ངང་ཡག་པོར་བསྒྲུབས་ནས་དྲན་གསོ་གླིང་གི་བེད་སྤྱོད་དང་རྗེས་དྲན་ཚོམས་ཆེན་གྱི་ཞོར་གཏོགས་སྒྲིག་བཀོད་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་དྲན་གསོ་ཁང་དང་དྲན་གསོ་གླིང་། རྗེས་དྲན་ཚོམས་ཆེན་གཞི་གཅིག་ཅན་དུ་འབྲེལ་མཐུད་བྱས་ནས་བརྗོད་དོན་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་དོད་པ། ནང་དོན་ཕུན་སུམ་ཚོགས་པ། ཡིད་དབང་འཕྲོག་ཤུགས་ཆེ་བ་བཅས་ཀྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་ཞིག་ཏུ་འགྱུར་བར་བྱ་དགོས་པ་ནན་གྱིས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号