མཚོ་བྱང་གིས་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་བྱེད་པའི་བྱ་བ་སྤེལ་མགོ་བརྩམས།

བསྟུད་མར་ཉིན་འགའི་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་ལ་ཁ་གཏད་དེ། ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་གསོག་འཇོག་དང་། ལག་རྩལ་གཞི་རིམ་དུ་སྐྱེལ་བ། སྲིད་ཇུས་འགན་སྲུང་སོགས་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས། ཁྱོན་ཡོངས་ནས་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་བྱེད་པའི་བྱ་བ་མགོ་བརྩམས་པ་དང་། མིག་སྔའི་བར་ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་སོན་བཟང་སྤྱི་རྒྱ་ས་ཡ་བཞི་དང་འབུམ་གཉིས་དང་ལུད་རྫས་ཏུན་5000སྐྱེལ་འདྲེན་གྲབས་གསོག་བྱས་པ་དང་། དཔྱིད་འདེབས་ཞིང་ལས་འཕྲུལ་ཆས་རིགས་སྣ་ཚོགས2200ལྷག་ཙམ་ཞིབ་བཤེར་ཞིག་གསོ་བྱས་ལ། ལས་བྱེད་པ763ཁུལ་ཡོངས་ཀྱི་རྫོང4དང་ཡུལ་ཚོ་དང་གྲོང་རྡལ30ཡི་སྡེ་བ214རུ་ཟབ་འཇུག་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་བྱ་བ་སྤེལ་ནས་ཁུལ་ཡོངས་ཀྱི་དཔྱིད་འདེབས་གྲ་སྒྲིག་ཞབས་ཞུའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱིས་འབྲུ་སྣུམ་ཐོན་སྐྱེད་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས། སྔོན་ལ་འཆར་འགོད་དང་བྱེད་ཐབས་སྣ་མང་བརྒྱུད་ཏེ་དཔྱིད་འདེབས་ཐོང་ཁ་འབྱེད་པའི་བྱེད་སྒོ་སྤེལ།  འབྲུ་རིགས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས2.07གཏན་འཇགས་སུ་གཏོང་བ་དང་། ཐོན་ཚད་ཏུན་ཁྲི་དྲུག་དང་སྟོང་དྲུག་ལྔ་བརྒྱ་ལས་མི་དམའ་བ། སྣུམ་ལྡན་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་དང་སྟོང་བརྒྱད་སུམ་བརྒྱར་བརྟན་པོ་ཡོང་བ། ཐོན་ཚད་ཏུན་ཁྲི་བཞི་ལས་མི་དམའ་བ་བཅས་བྱས་ཏེ་2025ལོའི་འབྲུ་རིགས་ཐོན་སྐྱེད་གཏན་འཇགས་ཡིན་ལ། ཐོན་འབྲས་འཕར་བ། ཕན་འབྲས་བཟང་བའི་དམིགས་ཚད་ཟོལ་མེད་ཀྱིས་མངོན་འགྱུར་བྱེད་རྒྱུའི་འཆར་གཞི་ཡོད། རྫོང་སོ་སོས་དཔྱིད་འདེབས་ལ་དགོས་ངེས་ཀྱི་ས་བོན་དང་། ལུད་རྫས། ཞིང་སྨན་སོགས་དངོས་རྫས་བཀོད་སྒྲིག་བཟང་བོ་བྱས་ཏེ་ཞིང་ལས་རྒྱུ་ཆའི་ཞབས་ཞུའི་དྲ་རྒྱ་ལེགས་པོ་ཞིག་བསྐྲུན་ཡོད། ཁུལ་ཡོངས་ཀྱི་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་གསོག་འཇོག་ལས་དོན་སྔོན་དཔག་བྱས་ན་ཟླ་3པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་རེད།

མཚོ་བྱང་ཁུལ་གྱིས་ད་དུང་དཔྱིད་དུས་ཀྱི་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁྲིམས་བསྟར་འགུལ་སྐྱོད་ཧུར་ཐག་གིས་སྤེལ་བ་དང་། ཞིང་ལས་རྒྱུ་ཆའི་ཚོང་གཉེར་ཚོང་ཁང་དུ་སོང་ནས་ལུད་རྫས་དང་། ཞིང་སྨན། ས་བོན། ཞིང་ལས་འགྱིག་ཤོག་སོགས་ཞིང་འདེབས་དངོས་རྫས་བཀོད་སྒྲིག་དང་། མཁོ་སྤྲོད་དང་ཕྱིར་ཚོང་། ཚོང་གཉེར་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཁུལ་ཡོངས་ཀྱི་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་ཉོ་ཚོང་ཁོར་ཡུག་སྔར་ལས་གཙང་བསྒྱུར་བྱས་ནས། དཔྱིད་དུས་ཀྱི་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་འཁོར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས། མིག་སྔའི་བར་ཁྲིམས་བསྟར་མི་སྣ་ཁྱོན་བསྡོམས་མི་ཐེངས22དང་རླངས་འཁོར་ཐེངས6བཏང་བ་དང་། ཞིང་ལས་རྒྱུ་ཆ་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་ཁེ་ལས ལ་ཞིབ་བཤེར་ཐེངས16བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号