མདོ་ལ་རྫོང་གིས་རྣམ་པ་གསར་དུ“བཅོས”ཤིང་གསོན་ཤུགས་གསར་དུ“བསྒྱུར”བ།
2024ལོར། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་གཏིང་ཟབ་བཅོས་སྒྱུར་སྐོར་གྱི་གསུང་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། བཅོས་སྒྱུར་ལས་འགུལ་ནུས་སློང་བ་དང་སྒོ་འབྱེད་ལས་གསོན་ཤུགས་སློང་བ་རྒྱུན་འཁྱོངས་བྱས་ལ། མ་ལག་ཅན་གྱི་འདུས་གྲུབ་དང་གནད་འཁེལ་ཇུས་བསྟར་ལ་ཤུགས་སྣོན་བྱས་ཐོག ནུས་ཤུགས་ཡོད་རྒུས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་སྒུལ་ཤུགས་གསར་པ་བཏོད་ཅིང་། ལེགས་ཆ་གསར་པ་གསོ་སྐྱོང་བཅས་བྱས་ནས་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་།
གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། “གློད་སྡོམ་ཞབས་ཞུའི”བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། འཕྲལ་མྱུར་ལས་སྒྲུབ་ཁག113དང་། དོན་གཅིག་ཐེངས་གཅིག་ལ་བསྒྲུབ་པ་ཁག16དང་། མི་འདང་སའི་དོན་དག་ཁག28བྱི་དོར་ལེགས་བཅོས་བྱས་ཡོད། མཉམ་འབྲེལ་དྲ་རྒྱ+སྲིད་དོན་ཞབས་ཞུ་ཁྱབ་རྡལ་དུ་བཏང་བ་དང་། སྲིད་དོན་ཞབས་ཞུའི་ལས་དོན་དྲ་ལམ་ནས་སྒྲུབ་ཚད99%དང་བརྒྱུད་རིམ་ཧྲིལ་པོའི་དྲ་ལམ་ལས་སྒྲུབ་ཚད99.2%ཟིན་ཡོད། རེས་སྐོར་གསར་པའི་སྒྲིག་གཞི་བཅོས་སྒྱུར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཀུང་སིའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་གྲོང་གསེབ་ཀྱི་གཞི་རྩའི་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་དང་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་སོགས་ཀྱི་བཅོས་སྒྱུར་ལས་འགན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
རྒྱུན་མཐུད་ངང་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་བ། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “གནས་བརྒལ་ཕྱུགས་འཚོའི”གསོ་ཚགས་བྱེད་སྟངས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། མདོ་ལ་རིང་མོ་དང་ཀན་སུའུ་བར་གྱི་ས་མཚམས་བརྒལ་བའི་སྐྱེ་ཁམས་མཉམ་འབྲེལ་བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བར་དམ་གཙང་བོའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་མཉམ་འབྲེལ་འཕེལ་རྒྱས་སུ་བཏང་། ཆུ་ཁོངས་གསོ་འཁྱོངས་དང་ས་ཆུ་སྲུང་འཛིན། སྐྱེ་ཁམས་བཅོས་སྐྱོང་བཅས་ཀྱི་ཐད་ལ་ནུས་ཤུགས་མཉམ་འདོན་བྱས། མ་དངུལ་སྒོར་ཁྲི5405བཏང་ནས་ཁ་གཏད་རོགས་སྐྲུན་ལས་གཞི13ལག་བསྟར་བྱས་པ་དང་། ཧྲན་ཏུང་པིན་ཀྲོའུ་དང་ཀྲུང་གོའི་ཝོའུ་ཁུང་གི་འཛད་སྤྱོད་རོགས་སྐྱོར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི408.45 བཏང་ཡོད། ཐཱན་སྐྱུར་ལི་ཏུན5ཕྱི་རྒྱལ་དུ་ཕྱིར་གཏོང་བྱས་པ་དང་། མདོ་ལའི་བོད་ལུག་ཨོ་མོན་ལ་ཐད་ཚོང་བྱས་ཤིང་ཕྱི་ཕྱོགས་ཉོ་ཚོང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་།
ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་བ། ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་ལ། རིམ་རྩིས་ལྟར་ན་ཁེ་ལས་ལ་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི900ལྷག་ཙམ་བཏང་ཡོད། ཁྲལ་གཅོག་དངུལ་འཕྲིའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱས་ནས་ཁྲལ་གཅོག་དངུལ་འཁྲི་དང་ཁྲལ་སློག་དངུལ་འཕྲི་སྒོར་ཁྲི4828བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注