མཚོ་བྱང་ཁུལ་བོད་སྨན་ཁང་གིས་རིན་མེད་ངང་བདེ་ཐང་བརྟག་དཔྱད་བྱ་རྒྱུའི་བརྡ་སྦྱོར།
མཚོ་བྱང་ཁུལ་བོད་སྨན་ཁང་གིས2025ལོར་ཁུལ་ཡོངས་ཀྱི་ལོ་ན40-60བར་གྱི་རོང་འབྲོག་མང་ཚོགས་ལ་རིན་མེད་ངང་ལུས་ཕུང་བརྟག་དཔྱད་བྱེད་པའི་བྱེད་སྒོ་དེ་སྤྱི་ཟླ་གསུམ་པའི་ཚེས་གསུམ་ནས་མགོ་རྩོམ་རྒྱུ་རེད།
བརྟག་དཔྱད་བྱ་ཡུལ།
ཁུལ་ཡོངས་ཀྱི་ལོ་ན40-60བར་གྱི་རོང་འབྲོག་མང་ཚོགས།
བརྟག་དཔྱད་དུས་ཚོད།
2025ལོའི་ཟླ3པའི་ཚེས3ནས་ཟླ5པའི་ཚེས1ཉིན་བར། (གཟའ་ཟླ་བ་ནས་པ་སངས་བར་ཏེ་ཁྲིམས་བཀོད་ཀྱི་དུས་ཆེན་དང་གུང་སང་ཕུད།)སྔ་དྲོའི་ཆུ་ཚོད8:30-12:00 ཕྱི་དྲོའི་ཆུ་ཚོད14:30-18:00བར།
ས་གནས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་།
བརྟག་དཔྱད་ཀྱི་རྣམ་གྲངས།
སྙིང་དང་གློ་བའི་ཉན་བརྟག ཚོན་ལྡན་སྒྲ་བརྒལ། འགྱེད་འཕྲོ་ཞིབ་བཤེར། ཁྲག་མངར་ཞིབ་བཤེར། ཁྲག་ཞིབ་བཤེར་སོགས་བརྟག་དཔྱད་རྣམ་གྲངས་ཁག22ཏེ། སྒོར650ཅན་གྱི་བརྟག་དཔྱད་རིན་མེད་ངང་ལོངས་སུ་སྤྱོད་ཐུབ།
མཉམ་འཇོག་བྱ་ཡུལ།
བརྟག་དཔྱད་བྱེད་པའི་ཉིན་མོར་ལྟོ་སྟོང་དུ་ཡོང་དགོས།
བརྟག་དཔྱད་བྱེད་པའི་ཉིན་མོར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཛིན་དགོས།
བློ་འདྲི་བྱ་ཡུལ།
1.མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོངས་འདུས་ཞབས་ཞུ་ལྟེ་གནས།
2.འབྲེལ་གཏུག་ཁ་པར། 0970-7684702
རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་དུས་ཚོད་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་ལུས་པོར་བརྟག་དཔྱད་བྱེད་པར་ཞུགས་ནས་རང་ཉིད་ཀྱི་བདེ་ཐང་ལ་དོ་ཁུར་བྱ་རྒྱུ་གལ
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注