ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
ཟླ1པོའི་ཚེས13ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པར་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་ཐོག་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ན་ནིང་གི་བྱ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་ད་ལོའི་གཙོ་གནད་ལས་འགན་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། འཕེལ་རྒྱས་བྱེད་ཐབས་དོན་འཁྱོལ་བཅས་བྱེད་པའི་ཡིད་ཆེས་བརྟན་པ་དང་འཐབ་ཇུས་ཀྱི་མིག་རྒྱང་རིང་བ་གང་ལེགས་མངོན་ཞིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཧུར་ཐག་གིས་འབྲི་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འབྲེལ་མཐུད་བྱས་ནས། མཚོ་བྱང་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱིའི་ཁྲོད་བཞག་ནས་ངེས་གནས་ཇུས་འགོད་ཀྱི་ལས་འགན་དང་འགན་འཁྲི་ལ་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་གཅིག་སློབ་སྦྱོང་དང་གཞི་གཅིག་ལག་བསྟར། གཞི་གཅིག་དོན་འཁྱོལ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་ཐོག་ཏན་ཏིག་གཅིག་གྱུར་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། “སློབ”ཞེས་པའི་ཡི་གེ་སྔོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་སྦྱོང་གི་ཚ་རླབས་མགྱོགས་མྱུར་ངང་སློང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལངས་ཏེ། སྒྲིག་འཛུགས་ཞིབ་ཚགས་ཀྱིས་བརྒྱུད་སྒྲོག བཀོད་སྒྲིག་ཞིབ་ཚགས་ཀྱིས་སློབ་སྦྱོང་བཅས་བྱས་ནས་བྱ་བའི་བྱེད་ཐབས་སྔར་ལས་ཞིབ་ཏུ་གཏོང་བ་དང་མངོན་འགྱུར་ཐབས་ལམ་གཅིག་གྱུར་འཆར་འགོད་བྱེད་པ། བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་ཐོག་ཏན་ཏིག་གཅིག་གྱུར་བྱེད་པ་དང་བྱ་བའི་དམིགས་འབེན་དེ་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་བྱེད་དགོས། ཁུལ་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཞིབ་ཕྲའི་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་། དྲ་ཐོག་དང་དྲ་ཕྱིའི་གཙོ་རྒྱུགས་སྨྱན་སྦྱོར་གྱི་དྲིལ་སྒྲོག་གཡུལ་ས་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོ། ལངས་གཟུགས་རྣམ་པའི་དྲིལ་སྒྲོག་སྒྲོག་སྤེལ་དང་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་གཏིང་ཟབ་སྤེལ་ཏེ། ངེས་པ་དོན་གྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཏང་ཡོན་ཡོངས་དང་རྒྱ་ཆེའི་ལས་བྱེད་པ་ཡོངས་ཀྱི་ཁྲོད་དུ་བརྒྱུད་སྒྲོག་བྱས་ནས་ཁྱོན་ཡོངས་ནས་ཁྱབ་པ་དང་སློབ་སྦྱོང་གཏིང་ཟབ། སེམས་ཀྱི་གཏིང་དུ་ངེས་པར་བྱེད་དགོས། "རྟོགས"ཞེས་པའི་ཡི་གེ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐོབ་པའི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་གི་ལེའུ་འབད་པས་རྩོམ་པའི་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཏེ། "མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པའི་ལས་འགན་རང་རྟོགས་ཀྱིས་ཕྲག་ཏུ་འཁུར་དགོས། ད་ལོའི་བྱ་བ་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས་ལྟེ་བའི་ལས་འགན་དམ་འཛིན་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། དཀའ་ངལ་དང་འགྲན་སློང་ལ་གདོང་གཏད་དེ་ངེས་པ་དོན་གྱིས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་དགོས། ཞིང་ཆེན་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཞི་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་རྣམ་པ་སྲུང་སྐྱོང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སོགས་ལ་དམིགས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པར་གོ་བ་གཏིང་ཟབ་ལེན་པ་དང་། གཙོ་གནད་གཅིག་བསྡུས་དང་དཀའ་གནད་སེལ་བ། དཔལ་འབྱོར་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་བ་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཏང་གི་མགོ་ཁྲིད་ནི་བྱ་བ་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པའི་བླང་བྱ་གལ་ཆེན་དེར་གོ་བ་གཏིང་ཟབ་ལེན་པ་དང་ཏང་འཛུགས་སྐྱོང་གི་འགན་འཁྲི་ཨང་དང་པོར་བརྟེན་ནས་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་སྣེ་ཁྲིད་དང་འགན་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་རྣམ་པ་གསར་བ་ཧུར་ཐག་གཏོད་དགོས། "སྒྲུབ"ཅེས་པའི་ཡི་གེ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས། "ལྔ་བཅུ་བཞི་བའི"མཇུག་བསྡུའི་ལོ་ཞེས་པའི་འགག་རྩའི་དུས་སྐབས་ལ་དམ་པོར་དམིགས་ཏེ། རང་འགུལ་ངང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དཔེ་བསྡུར་བྱས་ནས་ད་ལོའི་གཙོ་གནད་བྱ་བ་སོ་སོ་ཕྱོགས་ཡོངས་ནས་ཇུས་འགོད་ཡག་པོ་བྱས་ཏེ"ལྔ་བཅུ་བཞིའི"འཆར་འགོད་མཇུག་བསྡུའི་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱར་རྩེ་གཅིག་ཏུ་དམིགས་པ་དང་། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"དང"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་ལས་འགན་ལ་དམིགས་ཏེ། རང་འགུལ་ངང་མཚོ་བྱང་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འདྲེས་གང་ཐུབ་བྱེད་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བོ་བཟོ་བ། ཞན་ཆའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། "ལྔ་བཅོ་ལྔའི"འཆར་འགོད་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ནས་རྨང་གཞི་འདིང་བ་ཕུགས་ལ་ཕན་པའི་བྱ་བ་ཡག་པོ་བསྒྲུབ་དགོས། "ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན"གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བཅོས་སྒྱུར་གྱི་གཙོ་གནད་ལ་དམིགས་པ་དང་དམིགས་ཚད་ལས་འགན་ལ་དམ་འཛིན་བྱས་ནས་ལས་གཞི་འཛུགས་སྐྲུན་དང་། མ་དངུལ་དང་ལས་གཞི་བརྩོན་ལེན་བྱེད་པ། ཚོང་འགུགས་མ་འདྲེན་སོགས་གཙོ་གནད་བྱ་བའི་ཐད་ཏན་ཏན་ཏིག་ཏིག་ངང་སྒྲུབ་སྟེ"མགོ་རྩོམ་ལེའུ"ཡག་པོ་ཇུས་འགོད་བྱེད་པ་དང"མཇུག་བསྡུའི་བྱ་བ"ཡག་པོ་སྒྲུབ་དགོས། "སྐུལ"ཞེས་པའི་ཡི་གེ་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྔོན་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་། "1+10"ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། དུས་ཐོག་ཏུ་གཞི་རིམ་དང་འབྲེལ་གཏུག་ས་ཁུལ་དུ་ཟབ་ཞུགས་བྱེད་པ། དམིགས་གཏད་རང་བཞིན་ལྡན་པའི་སྒྲོག་འགྲེལ་དང་། མཛུབ་སྟོན། ལྟ་སྐུལ་སློབ་སྟོན་བཅས་ཁྱོན་ཡོངས་ནས་སྤེལ་དགོས་ལ། དུས་ཚོད་དང་པོའི་ནང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་བརྒྱུད་སྒྲོག་བཅས་བྱ་དགོས། ཁུལ་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་བྱ་བའི་འཕེལ་རིམ་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注