ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་ནོར་སྲིད་ཐིང་དུ་བྱ་བ་སྦྲེལ་མཐུད་བྱས།

ཉེ་ཆར། ཁུལ་ཨུ་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་ནོར་སྲིད་ཐིང་དུ་བྱ་བ་སྦྲེལ་མཐུད་བྱེད་པར་ཕྱིན་ནས་ཞིང་ཆེན་ནོར་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི། ཐིང་ཀྲང་ཧྥེང་ཀྲི་ཀང་སོགས་དང་བཞུགས་མོལ་དཔྱད་བསྡུར་བྱས།



བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཆེན་ནོར་སྲིད་ཐིང་གིས་དུས་ཡུན་རིང་པོའི་ནང་། མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ནོར་སྲིད་བྱ་བར་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཐོན་པོ་སྐྱེས་རིའི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་བྱང་ས་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་སོགས་འཕེལ་རྒྱས་འཆར་འགོད་ངོ་སྤྲོད་བྱས་པ་དང་ཆབས་ཅིག མཚོ་བྱང་གིས་ཐོན་ལས“གནས་བཞི”བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་གནས་ཚུལ་ལ་བསམ་བློ་བརྗེ་རེས་བྱས།



ཧྥེང་ཀྲི་ཀང་གིས་ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་རེས་སྐོར་མང་པོའི་རིམས་ནད་ཀྱི་ཕོག་ཐུག་དང་། ཐོན་ལས་ལེགས་སྒྲིག རང་བྱུང་གནོད་འཚེའི་ཤུགས་རྐྱེན་སོགས་ཀྱི་རྒྱབ་ལྗོངས་འོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཁུལ་ཡོངས་ཀྱི་ནོར་སྲིད་དོ་དམ་སྒྱུར་བཅོས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཧྥེང་ཀྲི་ཀང་གིས་བསྟན་དོན། རྗེས་ཕྱོགས་ཞིང་ཆེན་ནོར་སྲིད་ཐིང་གིས་མཚོ་བྱང་གི་འཕེལ་རྒྱས་ལ་མུ་མཐུད་དུ་དོ་ཁུར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད།


ཞིང་ཆེན་ནོར་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཀྲོའུ་ཉིང་། ཏང་ཙུའི་ཁོངས་མིའམ་མཚོ་སྐྱོར་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ནན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ནོར་སྲིད་ཅུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ནོར་སྲིད་ཐིང་གི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号