མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བ་གྲོལ།


ཟླ2པའི་ཚེས24ཉིན་གྱི་ཕྱི་དྲོར། ཚོགས་འདུའི་ཉིན་རེའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་རྗེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།



ཚོགས་ཆེན་ལ་ཐོན་དགོས་པའི་འཐུས་མི237ཡོད་པ་དང་དངོས་སུ་ཐོན་པའི་འཐུས་མི218ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན།



ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཤ་བོ་སྐྱབས་དང་། དབྱང་ཧེ་ལུང་། ཞུ་ཡུང་ཀུང་། མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། ཝང་ཞིང་ཧོས། མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།


ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་བྱང་ཡན་ལག་དམག་ཁུལ་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད།


ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་སྡེ་ཁག་གི་འགན་ཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། དེ་བཞིན་རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མི་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་གནང་།    



ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ཞུ་ཡུང་ཀོང་གིས་ཚོགས་འདུ་གཙོ་སྐྱོང་གནང་།


ཚོགས་འདུའི་གྲོས་རིམ་གཞིར་བཟུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཁྲིན་ཏུང་ཁྲང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཐག་བཅད་ནས་གྲོས་འཆམ་བྱུང་།



ཚོགས་ཆེན་ཐོག་ལག་པ་བཀྱགས་ནས་གྲོས་ཐག་གཅོད་པའི་བྱ་ཐབས་ལ་བསྟེན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བའི་འདེམས་བསྐོ་བྱ་ཐབས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་གྲོས་འཆམ་བྱུང་།

 


ཚོགས་ཆེན་ཐོག་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་དབྱང་ཧེ་ལུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲང་ཧྲིང་ཡོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན། ཀྲང་ལེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བར་ཞུགས་པའི་འཐུས་མི། མ་ཞུའེ་ལི་དང་ཏའེ་རིན་ཆེན། ཧོ་སིན། སུང་ཀྲུང་ཞང་། ཀྲང་ཡུས་རུང་། ཕྱག་རྡོར་ཚེ་རིང་། ཞེ་ཉིན་སོགས་བློ་མཐུན7མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་།

 

 

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་པའི་མི་སྣ་དང་ཚོགས་ཞུགས་དམངས་ཆེན་འཐུས་མི་ཡོངས་དང་ཐུག་འཕྲད་གནང་། དབྱང་ཧེ་ལུང་གིས་དམ་བཅའི་སྣེ་ཁྲིད་འོག་གསར་དུ་བདམས་པའི་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དང་ཁུལ་དམངས་ཆེན་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་རྩ་ཁྲིམས་ལ་དམ་བཅའ་བཞག

 

 

ཚོགས་ཆེན་ཐོག་འབྲེལ་ཡོད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2023ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་སྲོལ་ཡིག》སྐོར་གྱི་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་དོ་དམ་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་ཆོད་བཅས་ལ་རིམ་པ་བཞིན་གྲོས་འཆམ་འབྱུང་།


ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་སྐབས། འདས་པའི་ལོ་གཅིག་ནང་ང་ཚོར་དཀའ་ངལ་དང་འགྲན་སློང་མང་པོར་འཕྲད་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔོན་དཔག་ལས་བརྒལ་ཡོད། ལོ་གཅིག་གི་རིང་ལ་ས་ཡོམ་དང་ཆུ་ལོག རིམས་ནད་ཀྱི་གནས་ཚུལ་བཅས་ལ་དམིགས་ནས། ང་ཚོས་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ནུས་ཤུགས་ཡོད་དགུས་འཕར་སྣོན་བརྟན་པོ་དང་། རིམས་ནད་ལ་དྲག་འཐབ། ཉེན་ཁ་སྔོན་འགོག བདེ་འཇགས་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོབ་བཅས་བྱས་ཤིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་རང་བཞིན་འཕར་རྒྱུ་མངོན་འགྱུར་བྱུང་བ་དང་། ཐོན་ལས་གཞན་སྒྱུར་རིམ་སྤོར་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་པ། མདོ་ལ་རི་བོའི་ལྷོ་འདབས་མཚོ་བྱང་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སྤུས་ཚད་མཐོན་པོའི་ངང་ལེགས་གྲུབ་བྱུང་བ། དམངས་འཚོ་འགན་ལེན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། ལྷག་པར་དུ་རོང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ནས་བྱ་གཞག་སོ་སོ་འཕེལ་རྒྱས་དང་ཕན་འབྲས་གསར་བ་ཐོབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་ལའང་ཁ་འབྲལ་ཐབས་མེད། རིམ་པ་སོ་སོའི་དམངས་ཆེན་རྩ་འཛུགས་དང་དམངས་ཆེན་འཐུས་མི་ཚོས་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་ཀྱང་རེད། ལོ་གཅིག་རིང་རིམ་པ་སོ་སོའི་དམངས་ཆེན་རྩ་འཛུགས་ཀྱིས་ལྟེ་བའི་ཁྱོན་ཡོངས་ལ་དམིགས་པ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། འཐུས་མིའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། འཐབ་ཕྱོགས་དང་པོར་བསྐྱོད་པ། འཐབ་ས་མདུན་མར་བྱ་བ་སྒྲུབ་པ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་བ་འབོར་ཆེན་བསྒྲུབས་ནས་དམངས་ཆེན་གྱི་བྱ་བའི་རྣམ་པ་གསར་བ་གཏོད་པ་དང་དམངས་ཆེན་འཐུས་མིའི་སྣང་བརྙན་གསར་བ་མངོན་ཡོད། དམངས་ཆེན་གྱི་བྱ་བར་ཁུལ་ཨུ་ཡིད་ཚིམ་ཡོད་པ་དང་སྤྱི་ཚོགས་ལས་རིགས་སོ་སོས་ཀྱང་རྒྱ་ཁྱབ་ངང་ཁས་ལེན་བྱས་ཡོད་པར་བསྟན།


ཤ་བོ་སྐྱབས་ཀྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་ཞིག་དང་། རང་སྐྱོང་ཁུལ་གྱིས་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་ལ། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གྲ་སྒྲིག་བྱ་བ་ཚད་བརྒལ་དང་ཕན་འབྲས་ཐོན་པའི་ལོ་ཞིག་ཀྱང་ཡིན། ལས་འགན་དང་འགན་འཁྲི་ལྕི་བའི་ལོ་ཞིག་ཀྱང་ཡིན། ཉེ་ལམ་འཚོགས་པའི་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་འདིའི་ཁུལ་གྱི“ཚོགས་ཆེན་གཉིས”ཐོག་ད་ལོའི་བྱ་བ་སོ་སོའི་དམིགས་ཚད་བླང་བྱ་དང་བསམ་ཕྱོགས། བྱ་ཐབས་གཏན་འཁེལ་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་དེ་ཐེངས་འདིའི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། བྱ་བ་ཏན་ཏིག་སྒྲུབ་པ། གནོན་ཤུགས་ཆེ་རུ་བཏང་ནས་འབད་འབུངས་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱེད་དགོས་པ་ནན་གྱིས་བསྟན།


ཤ་བོ་སྐྱབས་ཀྱིས་གཅིག་ནས་སློབ་སྦྱོང་ལ་དམ་འཛིན་ནན་མོ་བྱས་ཏེ་ཚད་གཞི་དང་རེའུ་མིག་ལྟར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ངེས་གནས་གཏན་འཁེལ་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་རིམ་པ་སོ་སོ་དང་མི་དམངས་འཐུས་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། མ་ཡིག་ཀློག་པ་དང་མ་རྩོམ་སློབ་སྦྱོང་བྱས་ཏེ་འཚོག་ལ་ཉེ་བའི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། “གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས། ཏང་གི་མགོ་ཁྲིད་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་བྱ་བ་གང་ཞིག་སྒྲུབ་པར་ཆབ་སྲིད་ཐད་བསམ་གཞིག་དང་ཁྱོན་ཡོངས་འོག་འགུལ་སྐྱོད་སྤེལ་བ། དོན་གཉེར་དང་གཞུང་དོན་གྲོས་མོལ་དེ་ཁུལ་ཨུའི་འདོད་བློར་དམ་པོར་བསྟུན་པ། ཁུལ་ཨུའི་གནས་ཚུལ་ཁོང་དུ་ཆུད་པ། བྱ་བའི་བཀོད་སྒྲིག་དེ་ཁུལ་ཨུའི་བཀོད་སྒྲིག་དང་དམ་པོར་བསྟུན་པ། བྱ་བ་གལ་ཆེན་དུས་ཐོག་ཏུ་ཁུལ་ཨུ་ལ་དགོངས་སྐོར་སྙན་སེང་ཞུ་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱས་རྗེས་མངོན་པར་བྱེད་དགོས། ཞབས་ཞུ་ལྟེ་གནས་ཀྱི་ཁྱོན་ཡོངས་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བའི་རྟག་བརྟན་བརྗོད་གཞི་ཡིན་པ་དང་། ཁུལ་ཨུའི“243”འཕེལ་རྒྱས་ཀྱི་བཀོད་པར་དམ་པོར་དམིགས་ཏེ། “མཚོ་བྱང་ལྔ”འཛུགས་སྐྲུན་གྱི་བསམ་ཕྱོགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་ཀྱི“བཙན་ས”སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་བླང་བྱར་དམིགས་ཏེ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་བཅས་ཕྱོགས་གསུམ་ཐད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། ལྗང་མདོག་གཏེར་རི་སོགས་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་ནུས་ལེགས་ཆ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གོ་ཆོད་ཀྱི་བསམ་འཆར་དང་གྲོས་མགོ་བཏོན་ནས་ཁུལ་ཨུའི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱེད་དགོས། ཆེད་དོན་སྙན་ཞུར་གྲོས་ཞིབ་དང་བྱ་བའི་དཔྱད་མོལ། ཆེད་དོན་འདྲི་རྩད། ཁྲིམས་བསྟར་ཞིབ་བཤེར། འཐུས་མིས་ལྟ་ཞིབ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱ་དགོས། “གཅིག་བདུན”གྱི་སྐྱེ་ཁམས་ཕྱུག་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་དང་། “གློག་ཁུངས་དངོས་གསོག”གཞི་གཅིག་ཅན་གྱི་འཛུགས་སྐྲུན། མཐོན་པོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན། “123”Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གནའ་གྲོང་མཁར་ཤུལ་དང་རིག་གནས་ཤུལ་བཞག 221རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་དང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་དམིགས་བསལ་གཉེར་སྐྱོང་། ཁུལ་མི་དམངས་སྨན་ཁང་དང་པོ་དང་གཉིས་པ་བཅས་ཀྱིས་རིམ་པ་གསུམ་པའི་སྨན་ཁང་དང་མཚོ་བྱང་ལས་རིགས་སློབ་གྲྭའི་ཚད་གཞི་མཐོ་རུ་གཏོང་བའི་ལག་རྩལ་སློབ་གླིང་འཛུགས་པ། ཞང་དང་གྲོང་རྡལ་གྱི“ཡོད་པ་བཅུའི”ལས་གཞིར་སྐུལ་འདེད་དང་། “གཅིག་དྲུག”གི་བྱེད་སྒོ་གཏིང་ཟབ་སྤེལ་བ་སོགས་གཙོ་གནད་བྱ་བ་དོན་འཁྱོལ་དང་། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགལ་བ་དང་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱེད་ཐུབ་དགོས། གསུམ་ནས་སྤྱོད་ཚུལ་དམ་འཛིན་ནན་མོ་བྱས་ཏེ་དམངས་ཆེད་དམངས་ཕན་ཁྲོད་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས། “མི་དམངས་འཐུས་མི་མི་དམངས་ཀྱི་ཆེད་དུ་ཡིན་པའི”ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ་ཐིང་རིམ་པའི་མགོ་ཁྲིད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་རྒྱུན་མཐུད་ངང་དོན་འཁྱོལ་བྱེད་དགོས། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པས་ལོ་མཇུག་ཏུ་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་བཏང་ནས་འཐབ་ས་དང་པོ་དང་། ཞང་གྲོང་། གཞི་རིམ་དང་མང་ཚོགས་བཅས་སུ་བསྐྱོད་དེ་ཁེ་ལས་ཀྱི་དཀའ་ངལ་དང་། བུ་ལོན་གྱི་ཉེན་ཁ། ལས་གཞིའི་འགག་གནད། ལས་ཞུགས་ཀྱི་བཀག་རྒྱ། ནོར་ཁྲལ་གྱི་གནོན་ཤུགས། སྡེ་ཁག་གི་མཉམ་ལས་སོགས་འཕེལ་རྒྱས་ཁྲོད་ཀྱི་ནད་རྙིང་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་ཀྱི་གནད་དོན་སེལ་བ་དང་། ཞང་དང་གྲོང་རྡལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བའི་སྤུས་ཚད་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་མགོ་མང་ཙམ་བཏོན་ནས་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྦྲེལ་ཟམ་ཡག་པོ་ཞིག་བྱེད་དགོས། བཞི་ནས་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ནན་མོ་བྱས་ཏེ་ནུས་པ་ཆེ་རུ་གཏོང་བའི་ཁྲོད་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཉམས་འགྱུར་མངོན་པར་བྱེད་དགོས། གནས་བབ་གསར་བ་དང་ལས་འགན་གསར་བས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་ལ་སྔར་ལས་མཐོ་བའི་བླང་བྱ་གསར་བ་འདོན་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་རྩ་འཛུགས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། རྒྱུན་རྣམ་ཅན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། ཧྲན་ཏུང་གི་རོགས་སྐྲུན་གྲོང་ཁྱེར་དང་རྫོང་དང་ཕན་ཚུན་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་གསར་གཏོད་རང་བཞིན་གྱིས་ཡག་པོ་སྒྲུབ་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བར་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་བྱེད་པ་དང་མི་དམངས་འཐུས་མིའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད། ལས་སྒོའི་བྱ་བའི་ནུས་པ། འགན་འཁྲི་སྒྲུབ་པའི་འཇོན་ཐང་བཅས་དུས་བསྟུན་མདུན་སྐྱོད་ཀྱིས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།


ཤ་བོ་སྐྱབས་ཀྱིས་ཁུལ་ཨུས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བར་མགོ་ཁྲིད་བྱ་རྒྱུར་སྔར་རྒྱུན་བཞིན་ཤུགས་སྣོན་དང་ལེགས་སུ་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། “སྲིད་གཞུང་གཅིག་དང་ཨུ་ལྷན་གཅིག ཁང་གཉིས”ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱ་དགོས། མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཆོད་ལག་བསྟར་ནན་ཏན་བྱས་ཏེ་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཀྱིས་མི་དམངས་འཐུས་མིའི་གཙོ་གནད་གྲོས་མགོར་ལྟ་སྐུལ་བྱེད་པ་དང་རིམ་པ་སོ་སོའི་སྡེ་ཁག་སོ་སོའི་མགོ་ཁྲིད་ཀྱིས་རང་འགུལ་ངང་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འཚོགས་པའི་ཚོགས་འདུ་སྣ་ཚོགས་ནང་ཞུགས་ནས་མི་དམངས་འཐུས་མིའི་གྲོས་གཞི་དང་གྲོས་མགོ་ནན་ཏན་སྒྲུབ་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ་མི་དམངས་འཐུས་མིས་འགན་འཁྲི་གཙང་སྒྲུབ་བྱ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ་ནན་གྱིས་བསྟན།

 

ཚོགས་འདུའི་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བཞི་བའི་རིང་འཐུས་མི་ཚོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སོགས་སྙན་ཞུ་དྲུག་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་སྲོལ་ཡིག་ལ་གྲོས་ཞིབ་གནང་ལ། གྲོས་ཆོད་སོ་སོར་གྲོས་འཆམ་བྱུང་། སྤུས་ཚད་མཐོ་བའི་གྲོས་གཞི་མི་ཉུང་བ་ཞིག་བཏོན་ཡོད་ལ། འཐུས་མི་རྣམ་པས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས་བླ་ན་མེད་པའི་འདེམས་ཤོག་གཅིག་སྤྲད་དེ་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་འཐུས་མི་བཅས་གསབ་འདེམས་བྱས་ནས་འདེམས་བསྐོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པར་བསྟན།


ཚོགས་འདུ་ཡིས་འཐུས་མི་རྣམ་པས“མི་དམངས་ཀྱིས་ང་འཐུས་མིར་འདེམས་པ་དང་། ང་མི་དམངས་ཀྱི་ཆེད་དུ་འཐུས་མི་བྱེད་པའི”འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་སྟེ། ཁུལ་ཨུའི་མགོ་ཁྲིད་སྟོབས་ལྡན་འོག་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་མི་དམངས་འཐུས་མི་ཚོགས་ཆེན་བྱ་བའི་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་སྟོབས། དེ་བཞིན་ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཤ་བོ་སྐྱབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བཅས་དོན་འཁྱོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཅིག་གྱུར་དམ་ཚགས་བྱེད་པ་དང་། མི་དམངས་ཀྱི་མངག་བཅོལ་གལ་ཆེན་བློ་ལ་བརྟན་པོར་ངེས་པ། མི་དམངས་ཀྱི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱེད་པ། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྙན་ཞུ་དང་གྲོས་ཆོད་དྲིལ་སྒྲོག་དང་སྣེ་ཁྲིད་ནས་དོན་འཁྱོལ་ལག་བསྟར་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དེ་བྱ་བ་མཐའ་དག་གི་མགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། ལས་སྒྲུབ་ལས་གཏོད་བྱས་ཏེ་ཁུལ་ཡོངས་ཀྱི་རིགས་སོ་སོ་མི་དམངས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཚོ་བ་སྐྲུན་པའི་རླབས་ཆེན་ལག་ལེན་ཁྲོད་དྲང་ནུས་རྒྱུན་ཆད་མེད་པར་གཅིག་སྡུད་དང་། དྲང་ནུས་བརྒྱུད་སྤྲོད། དྲང་ནུས་འདོན་སྤེལ་བཅས་བྱས་ཏེ་འཐུས་མི་ཡོངས་ཀྱིས་གོང་བུར་སྒྲིལ་བའི་ཐུན་མོང་གི་ངོས་འཛིན་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་བྱ་སྤྱོད་དུ་བསྒྱུར་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན་གྱིས“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཧུར་ཐག་རྩོམ་ཆེད་ལེགས་སྐྱེས་གསར་བ་སྔར་བས་ཆེ་བ་འབུལ་དགོས་པར་བསྟན།


ཚོགས་ཆེན་ཐོག འབད་འཐབ་བྱས་ནས་བྱས་རྗེས་ངོ་མཚར་ཅན་གཏོད་པའི་སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ། ཆར་རླུང་འཚུབ་ཀྱང་ཐོགས་པ་མེད་པར་མདུན་སྐྱོད་བཅས་བྱས་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཧུར་ཐག་གཏོད་ཕྱིར་ལེགས་སྐྱེས་གསར་བ་སྔར་ལས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས།


ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད།


གངས་ལྗོངས་འཕྲིན་གསར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号