ཤ་བོ་སྐྱབས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་རུ་བསྐྱོད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་པ།

ཟླ5པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་རུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་པ་དང་ཏན་ཏིག་ངང་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་གིས་བསྒྱུར་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་སྙན་ཞུ་ལ་གསན་རྗེས་བསྟན་དོན། མཚོ་འཁྱིལ་ཡུལ་ཚོ་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་། ཁུལ་ཨུ། རྫོང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དོན་དངོས་དང་ཉེ་བར་བཅར་བ། འཚོ་བ་དང་ཉེ་བར་བཅར་བ། མང་ཚོགས་དང་ཉེ་བར་བཅར་བ་བཅས་རྒྱུན་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་བྱེད་ས་དང་བྱེད་ཐབས་ཡོད་པ། བཀྲག་མདངས་འཚེར་ས་ཡོད་པ་བཅས་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཧྲུའུ་ཅི་ཁྲིན་ཀང་གི“ཅི་ཞིག་སྦྱོང་པ”དང“གཙོ་གནད་དུ་སྦྱོང་པ།” “ཇི་ལྟར་སྦྱོང་པ”དང“སྦྱངས་ནས་གྲུབ་འབྲས་ཐོབ་པ”བཅས་ཕྱོགས་བཞིའི་ཐད་ཀྱི་བླང་བྱ་གཞིར་བཟུང་ནས་རིམ་པ་ལྟར་སློབ་ཁྲིད་གནད་ལ་འཁེལ་བའི་སྒོ་ནས་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས《སྲོལ་ཡིག》གི་ནང་དོན་དང“སྒྲིག་ཁྲིམས་དྲུག”གི་གཏན་འབེབས་བླང་བྱ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་པ་དང་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་པའི་བརྒྱུད་རིམ་ཞིག་ཏུ་དངོས་སུ་འགྱུར་བར་བྱེད་དགོས། གཉིས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཙོ་གནད་དུ་བཟུང་ནས“གལ་ཆེན་གསུམ་དང་འབོར་ཆེན་གཅིག”སོགས་ལམ་ལུགས་ཀྱི་གཏན་འབེབས་དོན་འཁྱོལ་ནན་ཏན་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གི་ཚད་གཞི་མཐོ་རུ་གཏོང་པ་དང་ཁྱབ་ཁོངས་རྒྱ་སྐྱེད། སྡེ་བའི་ལོ་རྒྱུས་ཁང་འཛུགས་སྐྲུན། སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་པ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་པ། འགལ་བ་དང་རྩོད་གཞིར་ཞིབ་བཤེར་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱེད་པ་དང་སྐད་འཕྲིན་སྤྱི་སྟེགས་སོགས་དྲ་ཐོག་ལས་སྟེགས་འདོན་སྤེལ་གང་ལེགས་བྱས་ཏེ། དྲིལ་སྒྲོག་གི་རྣམ་པ་དང་ནང་དོན་རྒྱུན་མཐུད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལས་བྱུང་བའི་རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བ་དངོས་གནས་ཚོར་ཐུབ་པར་བྱེད་དགོས། གསུམ་ནས་མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་དམངས་འཚོའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་དམ་འཛིན་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་པར་སྐུལ་འདེད་གཏོང་པ་དང་དམངས་འཚོའི་དཀའ་གནས། གཞི་རིམ་གྱིས་བསམ་འཆར་ཆེན་པོ་བཏོན་པའི་གནད་དོན་འབུར་ཐོན་ཅན་སོགས་ཀྱི་ཐད་ལ་དམིགས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ནས་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་པ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་ཏན་ཏིག་སྤེལ་བ། གཞི་རིམ་གྱི་སྤྱོད་ཚུལ་བཅོས་སྒྲིག་དང་ཏང་ཡོན་ལ་སློབ་གསོ་ཐོབ་པ། གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་པ། མང་ཚོགས་ལ་དངོས་ཕན་ཐོབ་པ། འཕེལ་རྒྱས་ལ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱ་དགོས། བཞི་ནས་ཉེན་ཟོན་སློབ་གསོ་ཏན་ཏིག་སྤེལ་ཏེ་ཁུལ་རིམ་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི"གདོང་ལེན་གཡུལ་ས"དང་རྫོང་རིམ་པའི་སྲིད་གཙང་སློབ་གསོའི་རྟེན་གཞིར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཉེ་འགྲམ་གྱི་བྱ་བ་དང་ཉེ་འགྲམ་གྱི་མི་རྣམས་ལ་བསླབ་བྱ་བསྡུ་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་གྱོད་གཞི་དཔྱད་གཞིར་འཛིན་པ་དང་ཉེན་བརྡ་རྒྱུན་སྒྲོག་ཐུབ་པར་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号