མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་མཚོ་བྱང་འབྲེལ་སྦྱོར་ཚོགས་འདུ་འཚོགས།


ཟླ2པའི་ཚེས23ཉིན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཅུས་ཀྲང་གཞོན་པ་ཀོ་ཅིན་ཡུས་འཁོར་དང་བཅས་པ་མཚོ་བྱང་དུ་བསྐྱོད་དེ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་འབྲེལ་སྦྱོར་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།


འབྲེལ་སྦྱོར་ཚོགས་འདུའི་སྟེང་། ཀོ་ཅིན་ཡུས་ཀྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་མཐུན་སྦྱོར་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་དང་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞི་འཛུགས་པ་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་བྱ་བ་སྒྲུབ་ཚུལ་ཐད་གསལ་བཤད་གནང་། ཅུས་དང་རང་ཁུལ་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་། སྒྲིག་སྲོལ་བཅོས་སྒྱུར། ལྗང་མདོག་འཕེལ་རྒྱས། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་བྱ་བར་དམིགས་ནས་བསམ་བློ་བརྗེ་རེས་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲུང་དབྱི།    ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་གྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་ལ། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་།    



ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་དང་སྒེར་གྱི་མཛེས་ལྗོངས་ཁུལ་གྱི་ཟང་ཟིང་བཅོས་སྒྲིག་དང་རིམས་ནད་འགོག་སྡོམ་བྱ་བ། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་འཆར་འགོད་སྒྲིག་བཟོ། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ལེགས་སྒྲིག་སོགས་ཐད་མཚོ་བྱང་ལ་ལན་གསལ་བོ་བཏབས་པ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་དང་མཚོ་བྱང་ཁུལ་གྱིས་མཉམ་ལས་དམ་ཟབ་བྱས་ཏེ་བྱ་བའི་ལམ་སྲོལ་ཧ་ཅང་ཡག་པོ་བཙུགས་ཤིང་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྲ་བརྟན་དུ་བཏང་བ་དང་རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད་པར་བསྟན།



ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། མཚོ་བྱང་ཁུལ་གྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་སྐབས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱེད་པའི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས་པ་དང་། སྒྲིག་གཞིའི་སྒྲིག་ཁོངས་དང་སྡེ་ཁག་གི་འགན་འཁྲི་དབྱེ་འབྱེད་བྱ་བའི་ཁྲོད་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་དང་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གི་སྙན་ཞུ་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་གཞི་འཛུགས་པ་དང་སྒྲིག་ཁོངས་ལུགས་མཐུན་ངང་དབྱེ་འབྱེད་བྱེད་དགོས། སྡེ་ཁག་སོ་སོའི་འགན་འཁྲིའི་ལས་བགོས་གཞིར་བཟུང་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ཁ་གསབ་དང་འཐུས་ཚང་དུ་བཏང་ནས། མཚོ་སྐོར་བྱང་ངོགས་ཀྱི་མདའ་བཞི་དང་རྐང་ཚ་རྫོང་གཉིས་ཀྱིས་སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་ཀྱི་འབྲེལ་ཡོད་མི་སྣའི་གཞུང་དོན་ཞག་སྡོད་སོགས་ཀྱི་འགན་ལེན་བྱ་བ་ཡག་པོར་སྒྲུབ་དགོས། རྒྱལ་ཁོངས་བར་མཐོངས་འཆར་འགོད་དོ་དམ་ཚོད་འཛིན་གྱི་བླང་བྱ་ནན་དུ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་པོའི་སྐྱེ་ཁམས་མཐའ་ཚད་ཁྱབ་ཁོངས་དབྱེ་འབྱེད་ལུགས་མཐུན་བྱས་ནས་རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བར་སྟོང་འདང་ངེས་ཤིག་འཇོག་དགོས། རྐང་ཚ་དང་མདའ་བཞིའི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས་འཆར་འགོད་བཟོ་བའི་བྱ་བར་སྐུལ་འདེད་མགྱོགས་སུ་བཏང་ནས་མཚོ་བྱང་ཁུལ་གྱིས་མིག་སྔར་བཏོན་པའི་མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས8མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་སོ་སོའི་ནང་བཅུག་དགོས་པ་ནན་གྱིས་བསྟན།



ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་སྔར་རྒྱུན་བཞིན་མཚོ་བྱང་གི་བྱ་བར་སེམས་ཁུར་བྱས་ནས། མཐོན་པོ་སྒང་སྐྱེ་ཁམས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་ནས་མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་གཉིས་སྤེལ་ཏེ་མཚོ་སྐོར་ས་ཁུལ་གྱི་དམངས་ཁྲོད་མཚོ་མཆོད་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ཆབས་ཅིག་བྱེ་གླིང་དང་བྱ་གླིང་སོགས་མཚོ་ངོགས་མཚོ་ཁའི་མཛེས་ལྗོངས་བེད་སྤྱོད་བྱ་རྒྱུར་ཞིབ་འཇུག་བྱ་རྒྱུར་རེ་བ་ཡོད་པར་བསྟན།


མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཅུས། རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་སྲིད་གཞུང་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


གངས་ལྗོངས་འཕྲིན་གསར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号