མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེན་བརྡ་བཏང་འདུག

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཀུང་སི(NBC)ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས3ཉིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་ལག་བསྟར་ལས་བྱེད་པ་ཞིན་ཏི·མའེ་ཁའེ་ཨིན་གྱིས་ཀཱ་ཟ་ས་ཁུལ་གྱི་བྱང་རྒྱུད“ཁྱོན་ཡོངས་ཀྱི་མུ་གེ”ཡི་གནས་སུ་གྱར་ཡོད་ཅེས་བཤད་པ་རེད། 

ཞིན་ཏི· མའེ་ཁའེ་ཨིན་གྱིས་ཀཱ་ཟའི་བྱང་རྒྱུད་དུ་མ་ཟད། ཀཱ་ཟའི་ལྷོ་རྒྱུད་དུའང་མུ་གེ་ཁྱབ་བཞིན་ཡོད་ཅེས་བཤད་པ་རེད། ཁོ་མོས་གང་མགྱོགས་ཀྱིས་དམག་མཚམས་བཞག་ནས། ཀཱ་ཟ་ས་ཁུལ་གྱི་མང་ཚོགས་ལ་བཟའ་བཅའ་དང་། ཆུ། སྨན་རྫས་སོགས་ཀྱི་དངོས་ཟོག་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། 

   གནས་འཕྲིན་སྤེལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་ཡིས། ཉེ་ཆར་དབྱི་སི་རལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྐམ་ལམ་བརྒྱུད་སྤྲོད་ཆོག་པའི་རེ་འབོད་བྱས་པ་དང་། ཁོང་གིས་ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“སྔོན་འགོག་བྱེད་ཐུབ་པའི་མིས་བཟོས་མུ་གེ་ཞིག་གང་ཐུབ་ཀྱིས་འགོག་པའི”ལྕག་སྐུལ་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号