དབྱི་སི་རལ་གྱིས་ཕྱེད་གླིང་བརྙན་འཕྲིན་ཁང་གི་དབྱི་སི་རལ་དུ་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་སྒོ་བརྒྱག་རྒྱུ་ཐག་བཅད།

དབྱི་སི་རལ་སྲིད་གཞུང་གིས་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གི་དབྱི་སི་རལ་དུ་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་སྒོ་བརྒྱག་རྒྱུ་མ་ཟད། འཕྲིན་ལམ་དེས་དབྱི་སི་རལ་དུ་ལེ་ཚན་གཏོང་བར་གཏན་འགོག་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་འཕྲིན་གཏོང་པུའུ་ཀྲང་ཁཱ་ཨར་ཞེ་ཡིས་གྲོས་འདོན་བྱས་པ་ལྟར། སྲིད་གཞུང་གིས་ཕྱེད་གླིང་བརྙན་འཕྲིན་ཁང་གི་སྒོ་བརྒྱག་རྒྱུ་ཐག་བཅད་པ་རེད། ཁཱ་ཨར་ཞེ་ཡིས་ཉིན་དེར་སྒོ་བརྒྱག་པའི་བཀའ་རྒྱར་མིང་བཀོད་པ་དང་དེ་མ་ཐག་ནུས་ལྡན་དུ་གྱུར་བ་རེད།

དབྱི་སི་རལ་རྒྱལ་ཁོངས་ཚགས་པར་གྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། གོང་གི་ཆོད་དོན་དེར་ཕྱེད་གླིང་བརྙན་འཕྲིན་ཁང་གི་འཕྲིན་ལམ་སོ་སོས་དབྱི་སི་རལ་དུ་ལེ་ཚན་གཏོང་བར་གཏན་འགོག་བྱེད་པ་དང་། དེའི་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོད་པའི་གཞུང་སྒྲུབ་ཁང་གི་སྒོ་བརྒྱབ་ནས་འབྲེལ་ཡོད་སྒྲིག་ཆས་གཞུང་བཞེས་བྱེད་པ། དེ་མིན་དབྱི་སི་རལ་གྱི་མངའ་ཁོངས་སུ་ཕྱེད་གླིང་བརྙན་འཕྲིན་ཁང་གི་དྲ་ཚིགས་ལ་བལྟ་བར་ཚོད་འཛིན་བྱེད་པ་སོགས་འདུས།

དབྱི་སི་རལ་གྲོས་ཁང་གིས་ཟླ་བཞི་བའི་ཚེས་གཅིག་ཉིན་བཅའ་ཁྲིམས་ཞིག་ལ་གྲོས་མཐུན་བཀོད་དེ། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་མིང་ཐོག་ནས་དབྱི་སི་རལ་དུ་ལས་གཉེར་བྱེད་པའི་ཕྱི་རྒྱལ་གྱི་བརྙན་འཕྲིན་ཁང་གནས་སྐབས་སུ་སྒོ་བརྒྱག་པའི་དབང་ཆ་བསྩལ་བ་དང་། སྒོ་བརྒྱག་པའི་ཡུན་ཚད་ཉིན་ཞེ་ལྔ་ཡིན་ཡང་ཡུན་ཚད་ཇེ་རིང་དུ་བཏང་ཆོག་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号