ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་སློབ་མགོ་ཚུགས་པའི་མཛད་སྒོའི་སྟེང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་མཚོ་བྱང་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།



ཟླ2པའི་ཚེས23ཉིན་གྱི་དགོང་མོར། མཚོ་བྱང་ཁུལ་གྱི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་སློབ་མགོ་ཚུགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཟུར་ཁྲིད་གསུང་བཤད་གནང་ལ། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས། ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་བརྟན་པོ་དང་།   སྟོབས་ཤུགས་ཀྱིས་ཁེངས་པའི་བསམ་པ། སྔར་ལས་དངོས་སྒྲུབ་བྱེད་པའི་བྱ་བའི་བྱ་ཐབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་མཚོ་བྱང་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།  



ཤ་བོ་སྐྱབས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས་ཁུལ་ཨུས་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་ཤུགས་བསྣན་ནས་རྒྱུན་ཨུའི་རྒྱས་འཛོམས་ཚོགས་འདུ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས་ཏེ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པས་ཁུལ་ཡོངས་སུ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་མགོ་ཚུགས་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་དེས་ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་མགོའི་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་གི་རྨང་གཞིའི་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་གལ་ཆེ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་རྒྱང་རིང་བའི་འཐབ་ཇུས་དོན་སྙིང་། གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་། རྒྱ་ཆེ་བའི་འཛམ་གླིང་གི་དོན་སྙིང་བཅས་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ།  “མཚོ་བྱང་ལྔ”འཛུགས་སྐྲུན་ལ་དམིགས་ནས་གནད་དོན་གྱི་སྟོན་ཕྱོགས་དང་དམིགས་འབེན་གྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་འབེན་ལས་འགན་སྔར་ལས་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་སྟེ་མཚོ་བྱང་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་བྱ་གཞག་སོ་སོ་འཕེལ་རྒྱས་གསར་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།



ཤ་བོ་སྐྱབས་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ཁ་ཕྱོགས་བརྟན་པོར་སྲུང་དགོས་ལ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྲིད་ཇུས་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས་ལ། ལྷག་པར་དུ་མཚོ་བྱང་དང་འབྲེལ་བ་དམ་ཟབ་དང་དམིགས་སའི་རང་བཞིན་ཡོད་པའི་སྲིད་ཇུས་ཁོང་དུ་ཆུད་དགོས། དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། ཤེས་རྟོགས་གཏིང་ཟབ་བྱེད་པ། རང་འགུལ་ངང་བྱ་བ་སྒྲུབ་པ། གོ་སྐབས་སྔོན་ལ་འཛིན་པ་བཅས་བྱས་ཏེ་སྲིད་ཇུས་ཀྱི་གོ་ཆོད་ཚད་སྔོག་འདོན་གང་ཐུབ་དང་། འདང་ངེས་སྤྱོད་མཁས་པོ་བཅས་བྱེད་དགོས། གནས་བབ་ལ་ཞིབ་འཇུག་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་གཞི་རྩའི་ཁྱད་ཆོས། ཕྱོགས་གང་ཅིའི་ཤུགས་རྐྱེན་བཅས་ལ་དབྱེ་ཞིབ་གནད་འཁེལ་དང་བརྡར་ཤ་གཏིང་ཟབ་བཅད་དེ། སྲིད་ཇུས་སོ་སོ་གནད་ལ་འཁེལ་བའི་འགན་ལེན་ཏན་ཏིག་བྱ་དགོས། ཁུལ་གྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁུལ་གྱི་གནས་ཚུལ་ལ་ཞིབ་ལྟ་བྱེད་པ་དང་། མཚོ་བྱང་གི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་འགན་ལེན་སོགས་ཀྱི་གཞི་རྩའི་གནས་ཚུལ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། ཁ་གཏད་གཅོག་པར་ཐབས་ཇུས་གཏིང་ཟབ་འདོན་པ། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་ཞན་ཆ་དང་ཉམས་ཞན་ལ་ལྟ་སྟངས་ཡང་དག་འཛིན་དགོས། མཚོ་བྱང་གི་ཐོན་ལས་འཕེལ་རྒྱས་དང་ནོར་སྲིད་ཡོང་འབབ། ཚོང་འགུགས་མ་འདྲེན། ཐོན་ཁུངས་གསར་སྤེལ་སོགས་ཐད་གནས་པའི་ཞན་ཆའི་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་ཞིབ་ལྟ་བྱས་ཏེ་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ངོས་འཛིན་གསལ་བོ་བྱས་ཏེ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལས་འགན་ལ་དམིགས་ནས་འཕེལ་རྒྱས་ཀྱི་ཞན་ཆ་དང་ཉམས་ཞན་ལ་དམིགས་པ་དང་། བྱ་བ་སོ་སོ་གནད་སྨིན་དམ་འཛིན་ཏན་ཏིག་བྱེད་པ། འགན་འཁྲི་འཁུར་བའི་ཕྲག་པ་ཡངས་ཤིང་འགན་འཁྲི་ལྕི་བོ་འཁུར་བ། བྱ་བ་སྒྲུབ་པའི་འཇོན་ཐང་ངོ་མར་བརྟེན་ནས་དཀའ་སེལ་འགག་སྒྲོལ་བཅས་བྱེད་དགོས། འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་དགོས། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བཅངས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་མདོ་ལ་རིང་མོའི་ལྷོ་འདབས་མཚོ་བྱང་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་མཇུག་བསྡུའི་བྱ་བ་ལེགས་པོར་སྒྲུབ་དགོས། ཐོན་ལས་ཀྱི“གནས་བཞི”ལ་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་གསུམ་པ་བཏོད་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ནན་མོ་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། རྨང་གཞིའི་སྒྲིག་བཀོད། གྲོང་གསེབ་དར་སྤེལ། དམངས་འཚོ་འགན་ལེན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་ལས་གཞི་ཆེ་གྲས་ཁག་ཅིག་ལག་བསྟར་བྱ་རྒྱུའི་བརྩོན་ལེན་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ཀྲུང་དབྱང་ཁེ་ལས་དང་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་མ་འཇོག་ལས་གཏོད་ཀྱི་ས་གཞི་ཆེན་པོ་གཏོད་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བཏང་ནས་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་དང་སློབ་ཁྲིད་སྤུས་ཚད། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་རོགས་སྐྱོབ་སོགས་དམངས་འཚོའི་བཟོ་སྐྲུན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོར་སྒྲུབ་དགོས། མཚོ་བྱང་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་གང་ཐུབ་དང་། གསར་བརྗེའི་ཐོན་ཁུངས་སྡེབ་སྒྲིག་བེད་སྤྱོད་མགྱོགས་སུ་གཏོང་བ། གསར་བརྗེའི་རིག་གནས་སྔོག་འདོན་དང་། གསར་བརྗེའི་ཐོན་ཁུངས་གསར་སྤེལ། གསར་བརྗེའི་སློབ་གསོ་གསོ་སྦྱོང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བཅས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས། ནུབ་མཚོ་ཅུན་དང་འཇུ་ལག་གནའ་གྲོང་སོགས་གནའ་གྲོང་གནའ་ཤུལ་དང་རིག་གནས་ཤུལ་བཞག་འདང་ངེས་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆེད་དོན་གསོ་སྦྱོང་སྤེལ་དགོས། རྒྱལ་ཡོངས་ཀྱི་ཆབ་སྲིད་སྣེ་ཁྲིད་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་གནས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དམ་པོར་བཟུང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས་པ་ནན་གྱིས་བསྟན།



ཀྲང་ཧྲིང་ཡོན་གྱིས་གསོ་སྦྱོང་གི་སྒྲིག་ཁྲིམས་ནན་མོར་སྲུང་ནས་རང་འགུལ་ངང་སློབ་ཁྲིད་དོ་དམ་ལ་བརྩི་བཀུར་བྱེད་པ་དང་། མཉམ་འཛོམས་དང་ཆང་འཐུང་བ། རྒྱན་འགྱེད་པ་བཅས་གཏན་ནས་མི་བྱེད་པར། བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་ནང་ཞུགས་པ། བློ་གཅིག་སེམས་གཅིག་ངང་དཔྱད་ཡིག་ཞིབ་ཀློག་བྱེད་པ། བགྲོ་གླེང་ནང་ཧུར་ཐག་ཞུགས་ནས་གསོ་སྦྱོང་གི་ནང་དོན་ཡིད་དབང་འཕྲོག་པ་དང་རྣ་བར་འཇགས་པ། སེམས་ལ་ཟུག་པ་བཅས་བྱས་ནས་སློབ་སྦྱོང་གི་ལས་འགན་ནུས་ལྡན་ངང་ལེགས་སྒྲུབ་བྱེད་དགོས། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་ཀྱི་དམིགས་འབེན་དང་འཐབ་ཇུས་ཀྱི་བཀོད་སྒྲིག འཐབ་ཇུས་ཀྱི་བྱེད་ཐབས་བཅས་ལ་དམིགས་ནས། “243”གྱི་འཕེལ་རྒྱས་ཀྱི་རྣམ་པ་དང“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པར་དམིགས་པ། ས་ཁུལ་གྱི་དོན་དངོས་དང་སྡེ་ཁག་གི་འགན་འཁྲི་གཙོ་བོ་ལ་གཞི་ཚུགས་པ། དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་པ། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། བྱེད་ཐབས་གལ་ཆེན་དང་ལས་གཞི་གལ་ཆེན། དོན་ཚན་གལ་ཆེན་བཅས་དོན་གཉེར་བྱེད་པའི་ཐད་མུ་མཐུད་ཤུགས་བསྣན་ཏེ་སློབ་སྦྱོང་གི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བཅས་བྱེད་དགོས། བསམ་བློའི་ངོས་འཛིན་གཅིག་མཐུན་གོང་བུར་སྒྲིལ་བ། “འགག་རྩའི་ཉུང་ཤས”དང“སྣེ་ཁྲིད་དེ་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི”ནུས་པ་འདོན་སྤེལ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སློབ་སྦྱོང་དང་བསམ་བློ་གཏོང་བ། ལག་བསྟར་བྱེད་པ། གོ་རྟོགས་སད་པ། ཆབ་སྲིད་ལ་མཐོང་ཆེན་བྱེད་པ། འགན་ཁུར་འཁུར་ཕོད་པ། བླང་བྱ་ནན་མོ་འདོན་པ་བཅས་ཀྱི་སྤྱོད་ཚུལ་བཟང་བོ་གཏོད་པ་དང་། ཆབ་སྲིད་ཀྱི་ཀུན་སྤྱོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། རྙོག་འཛིང་ཆེ་བའི་འགལ་བ་ཐག་གཅོད་དང་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན།

ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚན་ཁག་གི་ཁོངས་མི་དང་། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། རྫོང་བཞི་ནས་ཡོང་སྟེ་ནུབ་མཚོ་གྲོང་རྡལ་དུ“ཚོགས་ཆེན་གཉིས”ལ་ཞུགས་པའི་རྫོང་རིམ་པ་གཞོན་པ་ཡན་གྱི་འཐུས་མི་དང་ཨུ་ཡོན་རྣམས་མཛད་སྒོར་ཞུགས།   


གངས་ལྗོངས་འཕྲིན་གསར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号