ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།

 

ཟླ2པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ནུབ་མཚོ་གྲོང་རྡལ་དུ་རྒྱལ་ཁའི་ངང་གྲོལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།  

 

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་། ཁྲང་ལིན། པོ་ཀྲེང་ཆིན། ལུང་དབྱང་ཧྲེང་། དབྱང་ཏེ། ཞོ་རོས་ཞིན། ལིས་ཧུང་པོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཁྲང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།


ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རིན་འོས་མི་དབྱང་ཧེ་ལུང་དང་། དེ་བཞིན་ཁུལ་ཨུ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་བཅས་ཀྱི་ཁུལ་གྱི་མགོ་ཁྲིད་དག་གདན་ཞུས་ལྟར་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།



ཚོགས་ཆེན་སྟེང་ཐོག་མར་འདེམས་བསྐོ་བྱ་ཐབས(འཆར་ཟིན)དང་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ། འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདེམས་སྒྲུག་འོས་མིའི་གྲོས་གཞིའི་མིང་ཐོར་གྲོས་འཆམ་བྱུང་ལ། ཚོགས་འདུའི་སྟེང་དཔའ་མཁར་ཚེ་རིང་སོགས་བློ་མཐུན4རྒྱུན་ལས་ཨུ་ཡོན་དུ་བདམས།

 

ཚོགས་ཆེན་སྟེང་རིམ་པ་བཞིན་སྲིད་གྲོས་སྐབས་བཅོ་ལྔ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་སྲིད་གྲོས་སྐབས་བཅོ་ལྔ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་།

 


ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཀྱིས་གསུང་བཤད་གནང་སྐབས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི“མཚོ་བྱང་གི་ལེའུ”ཧུར་ཐག་གིས་རྩོམ་པ་དང་། “243”འཕེལ་རྒྱས་ཀྱི་བཀོད་པར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་སྒྲུབ་པའི་སྤྲོ་སེམས་ཀྱིས་ཁེངས་ཤིང་། གསུང་བཤད་ལ་ཉན་པ་དང་སྙན་ཞུ་གླེང་བ། གཏམ་བཤད་སྤེལ་བ། འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ། བསམ་བློ་བརྗེ་རེས་གཏིང་ཟབ་དང་། ཇུས་འདོན་ཧུར་ཐག ངོས་འཛིན་གཅིག་མཐུན་ཡོང་བ་བཅས་བྱས་ནས། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་ཡོད། ཁོང་གིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱས་ཏེ་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་དེ་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། བློ་གྲོས་དང་སྟོབས་ཤུགས་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ཐོག་གཅིག་ཏུ་སྒྲིལ་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱ་དགོས། གྲོས་མོལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། སྲིད་གྲོས་ཀྱི་བྱ་བ་དེ་ཁུལ་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་ཁྲོད་དུ་རང་རྟོགས་ངང་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། མཚོ་བྱང་གི“243”འཕེལ་རྒྱས་འཐབ་ཇུས་དང“མཚོ་བྱང་ལྔ་འཛུགས་སྐྲུན”སོགས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ་སྲིད་གྲོས་ཀྱིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི“འགན་འཁྲི་སྒྲུབ་པའི་འགུལ་སྐྱོད་ཆེན་པོ་བཅུའི”ནང་ཞུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་སྒྲིག་འཛུགས་ཞིབ་ཚགས། གནད་སྨིན་ཐབས་འདོན་ཇུས་འབུལ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོར་ཕན་པ་ཐོབ་པ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་དགོས། “མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་དུ་ཡིན་པའི”འདུ་ཤེས་བརྟན་པོར་བཟུང་ནས་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་། དམངས་ཀྱི་ཚབ་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ལ་དམིགས་ནས་དམངས་ཕན་དམངས་བདེ་ཡི་ལས་ལ་ཐབས་ཇུས་འབུལ་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་གི་ངོས་འཛིན་ཟབ་ཏུ་བཏང་ནས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་འཁྲི་ཏན་ཏིག་འཁུར་ནས་ཏང་ཤོག་ཚོགས་པ་སོ་སོ་དང་མི་རིགས་སོ་སོ། ལས་རིགས་སོ་སོའི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས། མང་ཚོགས་ལ་ཁ་ཕྱོགས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བའི་གཡུལ་ས་སྟོབས་ཆེར་བཏང་ནས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱི་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ནུས་པ་འདོན་པ་དང་། འབད་འབུངས་ཡར་བརྩོན་གྱི་སྣང་བརྙན་བཟང་བོ་མངོན་པར་བྱ་དགོས། ཨུ་ཡོན་གྱི་དོ་དམ་ཞབས་ཞུའི་བྱ་བ་དམ་འཛིན་ནན་ཏན་བྱས་ནས་ཨུ་ཡོན་རྣམས་ལ་སྲིད་གྲོས་ཤེས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ལམ་ལ་དང་དོད། སྤྱོད་ལམ་ལ་མཐོང་ཆེན་བཅས་བྱེད་པའི་ཁྲིད་སྟོན་བྱེད་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱོད་གཙང་ལས་ཁུངས་དང་དཔེ་བཟང་ལས་ཁུངས། ཕན་ནུས་ལས་ཁུངས། འཆམ་མཐུན་ལས་ཁུངས་བཅས་འཛུགས་སྐྱོང་གང་མགྱོགས་བྱེད་པ་དང་། བྱང་ཚད་མཐོ་བའི་སྲིད་གྲོས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པར་ཞབས་འདེགས་ཞུ་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།

 


ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་སྐབས། འདས་པའི་ལོ་གཅིག་གི་རིང་ལ། དཀའ་ཚེགས་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་། རྙོག་འཛིང་དང་ཛ་དྲག་ཆེ་བའི་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱི་མདུན་དུ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནུས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་བ་དང་རིམས་ནད་ལ་འགོག་རྒོལ། ཉེན་ཁ་སྔོན་འགོག བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་བྱས་པས་ཁུལ་ཡོངས་ཀྱི་བྱ་གཞག་སོ་སོར་གྲུབ་འབྲས་ཡག་ཤོས་ཐོབ་ཡོད་ལ། ལོ་གཅིག་གི་རིང་ཁུལ་སྲིད་གྲོས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ལ་དམ་པོར་དམིགས་པ་དང་།  དོན་ཆེན་དང་དཀའ་གནད་ལ་དམིགས་ནས་སྲིད་ཞུགས་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་བྱེད་པ། དངོས་སྒྲུབ་ཀྱི་ཐབས་ཇུས་འདོན་པ་དང་གསར་གཏོད་ཀྱི་བྱ་ཐབས་འདོན་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ“སྲིད་གྲོས་ཀྱི་ལེགས་སྐྱེས”ཕུལ་ཡོད་པར་བསྟན།   



ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་བ་དང་ལས་འགན་གསར་བ་སྟངས་འཛིན་ནན་མོ་བྱས་ནས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སེམས་པ་གཅིག་མཐུན་གྱི་རྣམ་པ་ཞིག་བཏོད་ནས་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་སྟེ། གཅིག་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་འགན་ཁུར་འཁུར་ཤུགས་སྔར་ལས་གང་ལེགས་མཚོན་པར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་རྣམས་ལ་མཐུན་སྒྲིལ་དང་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། བསམ་བློའི་ཐོག་སྔར་ལས་གཅིག་གྱུར་ཡོང་བར་བྱ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་དང་སྲིད་ཞུགས་སྲིད་གླེང་ནི་ཆབ་སྲིད་ཀྱི་བྱ་བ་ཞིག་ཡིན་པ་ཡིད་ལ་བརྟན་པོར་བཅངས་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཁྲོད་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དང་ཆབ་སྲིད་ཀྱི་མིག་རྒྱང་ཐོག་ནས་གནད་དོན་ལ་ལྟ་ཤེས་དཔྱད་ཤེས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཆབ་སྲིད་སྔར་ལས་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་གྲོས་ཀྱི་བྱ་བར་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། “གཡུལ་ས་གལ་ཆེན་དང་ལས་སྟེགས་གལ་ཆེན། འཐབ་ལམ་གལ་ཆེན”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཨུ་ལ་སྐད་སྒྲ་ཡོད་ན་སྲིད་གྲོས་ལ་ཨ་ལན་ཡོད་པ། ཏང་ཨུ་ལ་བཀོད་སྒྲིག་ཡོད་ན་སྲིད་གྲོས་ལ་རྗེས་འདེད་ཡོད་པར་བྱེད་དགོས། གཉིས་ནས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་རིན་ཐང་སྔར་ལས་ལྷག་པའི་སྒོ་ནས་མཚོན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་རྩེ་གཅིག་ཏུ་དམིགས་ནས། འགག་རྩའི་དཀའ་གནད་འབུར་ཐོན་ལ་དམ་པོར་དམིགས་པ། དམངས་འཚོའི་གླེང་ཕྱོགས་ཆེ་བའི་གནད་དོན་ལ་དམ་པོར་དམིགས་པ། “243”གྱི་འཕེལ་རྒྱས་བཀོད་པར་དམ་པོར་དམིགས་པ་བཅས་བྱས་ཏེ། མཚོ་བྱང་ལྔ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། “1+10”ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དང་ཚོང་འགུགས་མ་འདྲེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་གཏོང་རྒྱུ་སོགས་ཀྱི་གཡུལ་ས་གཙོ་བོ་དོན་འཁྱོལ་བྱས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གནད་སྨིན་ཇུས་འདོན། ཁྱོན་ཡོངས་ལ་ཁྱབ་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་ཁུར་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏོང་བ། སྲིད་གྲོས་ཀྱི་རིན་ཐང་མངོན་པ། ལམ་ལུགས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་ཐོག་མཐའ་བར་གསུམ་དུ་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་སྒྲིལ་བ་རྒྱུན་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་སྟོབས་ཤུགས་སྔར་ལས་གཅིག་སྡུད་གང་ལེགས་བྱས་ཏེ། སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་མང་བ་དང་རིག་སྟོབས་མང་བའི་ཁྱད་ཆོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྣ་མང་ཅན་དང་རྒྱུན་རྣམ་ཅན། བློ་རིག་གཅིག་སྡུད་བཅས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ལམ་སྲོལ་ཅན་དང་ལམ་ལུགས་ཅན་བཅས་ཀྱི་གྲོས་མོལ་ལས་སྟེགས་འཐུས་ཚང་དུ་གཏོང་བ་དང་། གྲོས་གཞིའི་སྤུས་ཚད་དང་གྲུབ་འབྲས་གཞན་སྒྱུར་ཧུར་ཐག་བྱས་ནས་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་བསྡུ་སྒྲིག་བྱ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་དམངས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་བ་དང་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་ཐུབ་པ་བྱེད་དགོས། དམངས་དང་གྲོས་མོལ་བྱེད་པ་དང་དམངས་ཀྱི་དོན་དུ་གྲོས་མོལ་བྱེད་པ། དམངས་ཕན་གྲོས་མོལ་བྱེད་པ་བཅས་ཀྱི་འདུ་ཤེས་འཛིན་དགོས་པ་དང་། དོགས་གཅོད་དང་འབྲེལ་བ་མཐུན་སྦྱོར། བསམ་ཚུལ་མཐུན་སྦྱོར། འགལ་བ་འདུམ་འགྲིག དཔྱིད་ཀྱི་དཔལ་ཡོན་བཞད་པ་བཅས་ཀྱི་སྒོ་ནས་བྱ་བ་བསྒྲུབས་ཏེ་བྱ་བའི་ཕན་འབྲས་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་ཏན་ཏིག་བསྒྱུར་དགོས། བཞི་ནས་ཐོག་མཐའ་བར་གསུམ་དུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུར་མཐོང་ཆེན་བྱས་ནས་སྲིད་གྲོས་ཀྱི་སྣང་བརྙན་སྔར་ལས་གང་ལེགས་མངོན་པ། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་གི་བྱ་བར་དམ་འཛིན་ཏན་ཏིག་བྱས་ནས་སྲིད་གྲོས་ཀྱི་བྱ་བ་སྔར་ལས་དམ་འཛིན་དང་། དངོས་གནས། གསོན་ཉམས་ལྡན་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་སྲིད་གྲོས་ཀྱི་འགན་ཁུར་སྒྲུབ་རྒྱུར་སྐུལ་འདེད་དང་འཕེལ་རྒྱས་གཏོང་ཐུབ་པར་བྱེད་དགོས། སྲིད་གྲོས་བྱ་བའི་ཕུགས་ཕན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། གྲོས་མོལ་བརྗེ་རེས་གཏིང་ཟབ་དང་བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་སྒྲིལ་བ་བཅས་བྱས་ཏེ། བྱ་བའི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས“སྲིད་གྲོས་རྟོགས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་དོན་བགྲོ་གླེང་བྱེད་ཤེས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་མཐོང་ཆེན་བྱེད་པ། ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་བླང་བྱ་ལྟར་ཨུ་ཡོན་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཇོན་ཐང་གི་བྱང་ཚད་མཐོ་རུ་བཏང་ནས་འགན་འཁྲི་འཁུར་ཕོད་པའི་ལག་ལེན་པ་དང་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན། མང་ཚོགས་ཀྱི་སྙིང་ཉེ་བའི་མི་ཞིག་བྱེད་པ་བཅས་སུ་ཧུར་ཐག་གིས་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།


ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་མཁན་གྱི་ལས་ཁུངས་སོ་སོ།  སྲིད་གྲོས་ཨུ་ཡོན་ཡོངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་འབད་པས་སྐྱོད་པ་དང་། མཉམ་དུ་མ་འོངས་པར་ཕྱོགས་ནས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་བ་ཟམ་མི་ཆད་པར་བཏོད་ནས“མཚོ་བྱང་ལྔ”མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་ཆེད་སྔར་ལས་མང་བའི་ལེགས་སྐྱེས་གསར་བ་འབུལ་དགོས་པའི་འབོད་སྐུལ་བྱས།

 


ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།

 

ཁུལ་ཨུ་དང་། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གདན་ཞུ་ལྟར་ཚོགས་འདུར་ཟུར་ཞུགས་བྱས།


གངས་ལྗོངས་འཕྲིན་གསར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号