མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས(རྒྱས་འཛོམས)ཚོགས་འདུ་འཚོགས་ནས་རྫོང་སོ་སོའི(ཞིང་ར)ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་པའི་ཏང་ཨུའི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས་བྱ་བའི་འགན་ཁུར་ལམ་ལུགས་ཀྱི་ལས་འགན་སྒྲུབ་ཚུལ་ལ་ཉན་པར་མ་ཟད་དཔྱད་བརྗོད་གནང་།


ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་བ་དང་འབྲེལ་དཔྱད་བརྗོད་གསུང་བཤད་གནང་།

    ཟླ2པའི་ཚེས8ཉིན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)ཚོགས་འདུ་འཚོགས་ལ། 《2022ལོའི་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་སྙན་ཞུ》དང《ཁུལ་ཨུའི་རྩ་འཛུགས་པུའི་འབྲེལ་ཡོད་ཁུལ་ཡོངས་ཀྱི2022ལོའི་རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་པའི་ཏང་ཨུའི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་བྱས་ཚུལ་སྐོར་གྱི་སྙན་ཞུ》ལ་ཉན་པ་དང་།  རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་པའི་ཏང་ཨུའི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས2022ལོར་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་ཁུར་ལམ་ལུགས་ལག་བསྟར། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་པའི་ལས་འགན་སྒྲུབ་ཚུལ་ལ་སོ་སོར་ཉན་པར་མ་ཟད་དཔྱད་བརྗོད་གནང་། ཞིང་ཆེན་ཏང་ཨུའི“གསར་གཉིས”བྱ་བའི་ཨུ་ལྷན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཏང་འཛུགས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཐང་པོ་ཚོགས་འདུར་ཕེབས་ནས་རང་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱེད་པའི་འགན་ཁུར་ལམ་ལུགས་ཀྱི་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུ་ལ་མཛུབ་ཁྲིད་གནང་།  ཚོགས་འདུའི་ཐོག རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་པའི་ཏང་ཨུའི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས་ཡུལ་དངོས་དང་ཡིག་ཐོག་རྣམ་པའི་ཐོག་ནས་ལས་འགན་སྒྲུབ་ཚུལ་སྙན་ཞུ་ཕུལ།

    ཤ་བོ་སྐྱབས་ཀྱིས་དཔྱད་བརྗོད་ཁྲོད་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། གནད་དོན་དང་མི་འདང་ས་བསྟན་པ་དང་བྱ་བར་བླང་བྱ་བཏོན་ལ། ལོ་གཅིག་གི་རིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ནས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱེད་པ་མུ་མཐུད་གཏིང་ཟབ་དང་དངོས་གཉེར་བྱས་ནས་འགུལ་སྐྱོད་དང་ཕན་འབྲས་ལྡན་པར་བྱས་པས་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་བཅས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད་པར་བསྟན། 

    ཤ་བོ་སྐྱབས་ཀྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་ལ། གཞི་རིམ་ཏང་འཛུགས་སྐྱོང་བྱ་བ་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས་པ་དང་། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)ཚོགས་འདུའི་ཐོག་བཏོན་པའི“དྲུག་ཅན་གཅིག”གི་བླང་བྱ་ལྟར། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་ལ་ཤུགས་བསྣན་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དོ་དམ་ལ་དམ་འཛིན་ཞིབ་ཚགས་བྱེད་དགོས་ལ། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྱོང་དང་ཏང་ཀྲི་པུའུ་འཛུགས་སྐྱོང་མཐོར་འདེགས་ཀྱི་འགུལ་སྐྱོད་ཏན་ཏིག་སྤེལ་ནས། “མངོན་ཡོད་ཁེབས་ཚད”དང“ནུས་ལྡན་ཁེབས་ཚད”གཅིག་གྱུར་དམ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་བོ་བརྟན་པོར་བཙུགས་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཧུར་ཐག་བྱེད་དགོས་པ་ནན་གྱིས་བསྟན།  

    ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་ཁུར་ལམ་ལུགས་ཀྱི་ལས་འགན་སྒྲུབ་ཚུལ་ལ་ཉན་རྗེས། ཤ་བོ་སྐྱབས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་ཁུར་མཐའ་གཅིག་ཏུ་འཁུར་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གསར་བྱུང་རུལ་སུངས་དང་མངོན་མེད་རུལ་སུངས་སྣ་ཚོགས་བཅོས་སྒྲིག་གཏིང་ཟབ་བྱེད་པ། “རུལ་མི་ཕོད་པ་དང་རུལ་མི་ནུས་པ། རུལ་མི་འདོད་པ”བཅས་གཞི་གཅིག་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་ལ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས“1+10”གཞི་རིམ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འབྲེལ་གཏུགས་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་བཟང་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དངོས་སྒྲུབ་དམ་འཛིན་དང་དོན་འཁྱོལ་བྱ་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། དུས་རབས་གསར་བའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ལས་བྱེད་པ་སྤྱོད་གཙང་དང་སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་། སྤྱི་ཚོགས་དྭངས་གཙང་བཅས་ཀྱི་རྣམ་པ་བཟང་བོ་གཏོད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་འཇགས་པར་བྱེད་པ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་མགོ་ཁྲིད་དབང་ཆ་སྟངས་འཛིན་ནན་མོ་བྱེད་པ། “བྱ་བའི་ལམ་སྲོལ་ཁག་བཅུ”ཇི་མ་ཇི་བཞིན་དུ་ལག་བསྟར་ཡག་པོ་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་ལམ་ལུགས་དང་བླང་བྱ་སོ་སོ་དོན་འཁྱོལ་གཏིང་ཟབ་དང་ཞིབ་ཕྲ་ཡོང་བར་འགན་ལེན་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་དོ་དམ་བྱེད་དབང་ཁོང་དུ་བརྟན་པོ་ཆུད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་སྣ་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་རྒྱའི་གཡུལ་སའི་བདེ་འཇགས་ལ་ཤུགས་སྣོན་པ། རིམ་པ་སོ་སོའི་སྨྱན་སྦྱོར་མཉམ་འདྲེས་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ། ལངས་གཟུགས་རྣམ་པ་དང་སྣ་མང་ཅན་གྱི་སྨྱན་སྦྱོར་ཡོངས་ཀྱི་ནང་དོན་ཁྱབ་སྤེལ་གཏོང་བའི་རྣམ་པ་གསར་བ་གཏོད་པ་བཅས་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་གཏམ་དབང་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང་མཚོ་བྱང་དུ་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུར་དམིགས་ཏེ་ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་གཙོ་རྒྱུག་སྐད་སྒྲ་བརྒྱུད་སྒྲོག་བྱེད་པ་དང་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་དགོས་པའི་བླང་བྱ་བཏོན། 

    ཐང་པོས་མཚོ་བྱང་གི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། 2022ལོར་མཚོ་བྱང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་སྤྱོད་གོ་ཆོད་པའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་ཉམས་མྱོང་དང་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་བྱས་པར་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་གྲུབ་འབྲས་གསར་བ་དང་ཕན་འབྲས་གསར་བ་ཐོབ་ཡོད། 2023ལོའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གསར་གཏོད་མཉམ་ཤུགས་གཅིག་སྒྲིལ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། “མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པར་བསྟན།

    ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཏང་ཡོན་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི། རྫོང་སོ་སོའི་སྒྲིག་ཨུའི་ཧྲུའུ་ཅི། དྲིལ་སྒྲོག་པུའི་པུའུ་ཀྲང་། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号