དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་གྱོད་དོན་ཇི་ལྟར་བདེན་དཔང་བྱ་དགོས།

དང་པོ། དོ་བདག་གི་ཞུ་གཏུག་བྱེད་པོའི་ཐོབ་ཐང་ར་སྤྲོད་བྱེད་པའི་དཔང་རྟགས།

1.དོ་བདག་ནི་རང་བྱུང་མི་ཡིན་ན། དེའི་ཐོབ་ཐང་དཔང་ཡིག་སྤྲོད་དགོས་ལ། དཔེར་ན། ཐོབ་ཐང་དཔང་ཡིག་གམ་ཁྱིམ་ཐོ་སོགས་ལྟ་བུ།

2.དོ་བདག་ནི་ཁྲིམས་མིའམ་རྩ་འཛུགས་གཞན་དག་ཡིན་ན། གཙོ་གཟུགས་ཀྱི་ཐོ་འགོད་རྒྱུ་ཆ་སྤྲོད་དགོས། དཔེར་ན། བཟོ་ཚོང་ལས་གཉེར་དཔང་ཡིག་གི་འདྲ་བཤུས་སམ་བཟོ་ཚོང་ཐོ་འགོད་ལས་ཁུངས་ཀྱིས་བཏོན་པའི་བཟོ་ཚོང་ཐོ་འགོད་རྩིས་ཐོ། ཚོགས་པའི་ཁྲིམས་མིའི་ཐོ་འགོད་དཔང་ཡིག་སོགས་ལྟ་བུ།

3.དོ་བདག་གི་མིང་དེ་ཞུ་གཏུག་རྩོད་གཞིའི་ཁྲིམས་ལུགས་འབྲེལ་བ་བྱུང་རྗེས་འགྱུར་ལྡོག་བྱུང་དགོས་ན། འགྱུར་ལྡོག་བྱུང་བའི་ཐོ་འགོད་རྒྱུ་ཆ་སྤྲོད་དགོས།

གཉིས་པ། དངུལ་བུན་གཏོང་ལེན་གྱི་འབྲེལ་བ་གནས་པའི་དཔང་རྟགས། དངུལ་བུན་གཏོང་ལེན་གྱི་གན་རྒྱ་དང་གྲོས་མཐུན། གཡར་ཡིག ཆད་ཡིག དངུལ་བུན་འཇལ་རྒྱུའི་ཁས་ལེན་ཡི་གེ་སོགས་ལྟ་བུ།

གསུམ་པ། དངུལ་བུན་འཇལ་སྤྲོད་བྱས་པའི་དཔང་རྟགས། འབྱོར་ཡིག་གམ་ཐེངས་རེ་རེར་མ་སྐྱེད་སེལ་བའི་དངུལ་སྤྲོད་འཛིན་ཡིག་ལྟ་བུ།

བཞི་པ། ཞུ་གཏུག་རེ་ཞུའི་དངུལ་གྲངས་ཀྱི་རྩིས་རྒྱག་གཞི་འཛིན་ས། ཞུ་གཏུག་རེ་ཞུའི་ཁྲོད་ཀྱི་མ་དངུལ་དང་སྐྱེད་ཀའི་གྲངས་ཀའི་རྩིས་རྒྱག་གསལ་ཐོ་མཁོ་སྤྲོད་བྱ་རྒྱུའི་རེ་བ་བཏོན་པ། དེས་ནང་དུ་མ་དངུལ་ལྷག་གྲངས་ཀྱི་རྩིས་རྒྱག་གསལ་ཐོ་དང་སྐྱེད་ཀའི་དངུལ་གྲངས་ཀྱི་རྩིས་རྒྱག་གསལ་ཐོ་སོགས་འདུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号