གཙང་པོའི་འགོ་ཁུངས་ནས་མཆེད་པའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རོལ་དབྱངས།

འབྲི་ཆུ་ནི་སྐུ་ལྷ་དར་མདུང་སྤྱང་རྒན་དེའུ་རུག་འཁྱགས་རོམ་ལས་བྱུང་བ་དང་། དེ་ཡང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ཀྱིན་ལེ་དབར་ཁྲི་ཡི་ལམ་དུ་བསྐྱོད་དེ། མཐོ་སྒང་གི་སྤང་ལྗོངས་དང་རི་མཐོ་གྲོག་རོང་དུ་ཀྱག་ཀྱོག་ངང་རྒྱུག་བཞིན་ཡོད། དེ་ཉིད་བཞུར་བའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)གླིང་ཁུལ་ནི། རི་སྐྱེས་སྲོག་ཆགས་དང་མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་ཡིན།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)གླིང་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་དང་ཆུ་དམར་ལེབ་རྫོང་གཉིས་འཕྲེད་དུ་བཅད་ནས་བཞུར། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཟོ་སྐྱ—ཆུ་དམར་ཆུ་བོའི་སྲུང་སྐྱོབ་ཡན་ལག་ཁུལ་ནི་དེའི་ནང་དུ་ཚུད་ཡོད།སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི9.03ཡོད་པ་དེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི73.35%ཟིན་པ་དང་། འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་གི་ཟོ་སྐྱ་ཞང་དང་། བྲག་དཀར་ཞང་། ཆུ་དམར་ཞང་། གཡུ་སྐེ་ཞང་བཅས་ཞང4དང་འབྲེལ་ཡོད།

གཙང་གསུམ་འགོ་ཁུངས་སུ་བསྐྱོད་ན། སྐྱེ་སྟོབས་ཀྱིས་ཁེངས་པ་དང་ངོ་མཚར་གྱི་འཇིག་རྟེན་ཞིག་ཏུ་སླེབས་སྲིད། རི་དྭགས་གཙོད་ནི་ཁྱུ་དང་ཁྱུ་བྱས་ནས་ཡངས་པའི་རྩྭ་ཐང་དུ་དགའ་བའི་མཆོང་ལྡིང་ལ་རོལ་བ་དང་། ལུས་ལ་ལྡེམ་མྱུར་རྫོགས་ཤིང་རྩྭ་ཐང་གི་གཅེས་ནོར་དང་ཡོངས་སུ་མཚུངས་ལ། དེ་དག་ནི་ས་གཞི་དེའི་ཐོག་གི་སྐད་གྲགས་ཆེ་བའི་སྲོག་ཆགས་ཡིན་པ་དང་། ལོ་རེའི་སྤོ་སྐྱོད་ནི་རང་བྱུང་ཁམས་ཀྱིས་གནང་བའི་བརྗིད་ཉམས་ལྡན་པའི་ཚེ་སྲོག་གི་འགྲུལ་བཞུད་ཅིག་ཏུ་གྱུར་ཡོད། རྐྱང་ནི་གཟུགས་སྟོབས་ཆེ་ཞིང་། སྟར་ཕྲེང་བསྒྲིགས་ནས་ཐང་སྟོང་དུ་ཤུགས་ཀྱིས་བསྐྱོད་ཅིང་། གོམ་སྒྲ་སྟུག་པོས་རྔ་ཆེན་རྡུང་བ་དང་འདྲ་བར་རྩྭ་ཐང་གི་ལྷིང་འཇགས་དཀྲོག་པར་བྱེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)གླིང་ཁུལ་དུ་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པོ་ཡོད་ལ།ས་གནས་དེ་གའི་འབྲོག་པ་ཚོས་མི་རབས་ནས་མི་རབས་བར་དེ་གར་འཚོ་བ་སྐྱེལ་བཞིན་ཡོད་པ་དང་།ཁོ་ཚོས་རང་བྱུང་ཁམས་ལ་བཀུར་ནས་སྐྱེ་དངོས་ཐམས་ཅད་དང་མཉམ་དུ་ས་གཞི་དེ་ལོངས་སུ་སྤྱོད་ཀྱིན་ཡོད།

གླིང་ཁུལ་གྱིས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས། འཛམ་གླིང་སྐྱེ་བོ་ཀུན་ལ་སྲོག་ཆགས་རྒྱལ་ཁམས་ཀྱི་ངོ་མཚར་མངོན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་རི་མོ་མངོན་པར་བྱས་ཡོད།དེ་ནི་རང་བྱུང་ཁམས་ཆེན་མོས་བྲིས་པའི་རྟག་བརྟན་གྱི་རོལ་དབྱངས་ཤིག་ཡིན་པས། ང་ཚོས་དགའ་ཞེན་དང་སྲུང་སྐྱོབ་བྱེད་འོས་པ་དང་།ང་ཚོས་དད་གུས་དང་བསྔགས་བརྗོད་བྱེད་འོས་སོ། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号