ལས་གྲོགས་ཀྱིས་ཆགས་སྲེད་ཀྱི་སྦྱོར་བ་སྤེལ་ན་ཇི་ལྟར་བྱ།

གྱོད་དཔེ།

འཛོམས་སྐྱིད་སློབ་ཆེན་མཐར་ཕྱིན་རྗེས།ས་གནས་ཀྱི་ཁེ་ལས་ཀུང་སི་གྲགས་ཆེན་ཞིག་ཏུ་བྱ་བ་བཙལ་ནས་ལས་ཚོགས་སུ་ཞུགས་ཤིང་།མོར་མཚོན་ན་གཟུགས་སྐྱེས་ལུས་ཡག་པས་ཀུང་སི་དེ་གའི་བུད་མེད་ལས་བཟོ་པ་ཀུན་གྱི་ཁྲོད་ན་སྐར་ཆེན་བཞིན་མངོན་འདུག་པར་བརྟེན།ཀུང་སིའི་ཕོ་གསར་ཁྲོད་ན་མོའི་སྟེང་ལ་ཡིད་སེམས་མི་འགུལ་མཁན་གཅིག་ཀྱང་མེད།འཛོམས་སྐྱིད་ལས་ཚོགས་སུ་ཞུགས་ནས་ཅུང་མ་འགོར་བར་རྟག་ཏུ་ལས་གྲོགས་ཀུན་བཟང་གིས་ཞོར་ཟས་གང་མང་ཉོས་ནས་མོའི་གཞུང་ལས་ཁང་དུ་འགྲོ་ཅི་ཐུབ་བྱེད་ཅིང་།ཕྱིས་སུ་འཛོམས་སྐྱིད་ཀྱིས་བསམ་གཟས་ཏེ་ཁོ་དང་བར་ཐག་བཟུང་ནས་ངོ་འཕྲད་འདོད་གཏན་ནས་མ་སྐྱེས།ཐེངས་ཤིག་ལ་འཛོམས་སྐྱིད་ཀྱིས་བྱ་བ་མ་འགྲུབ་པར་ལས་སྣོན་བྱེད་པའི་ཉིན་དེར་ཀུན་བཟང་ཡང་ལས་སྣོན་བྱས་ཡོད་པ་དང་།ཁོས་མོ་ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག་གྲབས་བྱེད་པ་མཐོང་མ་ཐག་ངེས་པར་བསྐྱལ་འདོད་ཚུལ་བཤད་ནའང་འཛོམས་སྐྱིད་ཡིད་འཐད་གཏན་ནས་མ་བྱུང་བས།ཁོས་མོའི་ལག་པར་འཇུ་བ་དང་བཙན་གྱིས་འོ་བྱེད་པ།སྐེད་པར་འཐམས་པ་སོགས་མི་རུང་བའི་ལས་ཀྱི་སྦྱོར་བ་མང་དུ་སྤེལ།དེའི་རྗེས་སུ་ཀུན་བཟང་གིས་མོ་ལ་རྒྱུན་དུ་འཕྲིན་ཐུང་གི་ལམ་ནས་ཆགས་སྲེད་ཀྱི་བརྙན་བསྐུར་ཏེ་བར་ཆད་བཟོས་པར་མ་ཟད་ཉན་སྲོལ་མེད་པའི་སྐད་ཆའང་མང་དུ་བཤད།

བཅའ་ཁྲིམས་དབྱེ་ཞིབ།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1010པའི་གཏན་འཁེལ་ལྟར་ན།“མི་གཞན་གྱི་འདོད་བློ་དང་འགལ་ཏེ་སྐད་ཆ་དང་ཡི་གེ པར་རིས།ཡན་ལག་གི་བྱ་སྤྱོད་སོགས་ཀྱི་རྣམ་པས་མི་གཞན་པར་ཆགས་རྩེད་བསྙད་བརྐོའི་བྱ་སྤྱོད་སྤེལ་ན།གནོད་འཚེ་ཐེབས་མཁན་གྱིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་ཞུ་འདོན་དབང་ཡོད།ལས་ཁུངས་དང་ཁེ་ལས།སློབ་གྲྭ་སོགས་སྡེ་ཁག་གིས་ལུགས་མཐུན་གྱི་སྔོན་འགོག་དང་།ཞུ་གཏུག་བདག་སྤྲོད།བརྟག་དཔྱད་དང་ཐག་གཅོད་སོགས་ཀྱི་བྱེད་ཐབས་སྤྱད་དེ།འགན་དབང་དང་ཁོངས་གཏོགས་ཀྱི་འབྲེལ་བ་སོགས་ལ་བརྟེན་ནས་ཆགས་རྩེད་བསྙད་བརྐོའི་རིགས་སྔོན་འགོག་དང་བཀག་འགོག་བྱ་དགོས”ཞེས་བཀོད་ཡོད།དེ་ལས་གཞན《བུད་མེད་ཀྱི་ཁེ་ཕན་འགན་ལེན་བཅའ་ཁྲིམས》ཀྱི་དོན་ཚན40པའི་གཏན་འཁེལ་ལྟར་ན།“བུད་མེད་ལ་ཆགས་རྩེད་བསྙད་བརྐོའི་རིགས་སློང་བར་བཀག་འགོག་བྱ་དགོས།བུད་མེད་གནོད་འཚེ་ཐེབས་མཁན་ལ་ལས་ཁུངས་དང་སྡེ་ཁག་ལ་གནས་ཚུལ་ཐེར་འདོན་བྱེད་དབང་ཡོད”ཅེས་བཀོད་ཡོད།ཡང《བུད་མེད་ཀྱི་ངལ་རྩོལ་སྲུང་སྐྱོང་བྱེད་པའི་དམིགས་བསལ་གཏན་འཁེལ》གྱི་དོན་ཚན11པའི་གཏན་འཁེལ་ལྟར་ན།“ངལ་རྩོལ་བྱེད་གནས་སུ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་བུད་མེད་ལས་བཟོ་པར་ཆགས་རྩེད་བསྙད་བརྐོའི་རིགས་སློང་བར་སྔོན་འགོག་དང་བཀག་འགོག་བྱ་དགོས”ཞེས་བཀོད་ཡོད།དེར་བརྟེན།བུད་མེད་ལས་བཟོ་པར་ཆགས་རྩེད་བསྙད་བརྐོའི་གནོད་འཚེ་ཐེབས་རྗེས།ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་ལ་ཐེར་འདོན་བྱས་ཆོག གཞན་ཡང་སྡེ་ཁག་དང་ཁེ་ལས།སློབ་གྲྭ་སོགས་ལ་མཚོན་ན།དེ་དང་འབྲེལ་ཡོད་མི་སྣས་ཆགས་རྩེད་བསྙད་བརྐོའི་རིགས་སློང་བར་བཀག་འགོག་བྱ་དགོས།དུས་མཚུངས་སུ་གནོད་འཚེ་ཐེབས་མཁན་ལ་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་ཞུ་འདོན་དབང་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད་དུ།འཛོམས་སྐྱིད་ལ་ལས་གྲོགས་ཀུན་བཟང་གིས་ཆགས་རྩེད་བསྙད་བརྐོའི་གནོད་འཚེ་ཐེབས་པར།གཤམ་གྱི་བྱེད་ཐབས་བརྒྱུད་དེ་མོའི་ཁེ་ཕན་ལ་སྲུང་སྐྱོང་བྱས་ཆོག

(1) ཀུན་བཟང་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་བ་འདོན་པ།

(2) ཀུང་སིའམ་འབྲེལ་ཡོད་ལས་ཁུངས་ལ་ཐེར་འདོན་བྱེད་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号