མདའ་བཞི་རྫོང་གིས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།
རྩ་ཁྲིམས་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། རྩ་ཁྲིམས་ཀྱི་སྙིང་སྟོབས་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། “རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས11པའི་རིང་ལ་མདའ་བཞི་རྫོང་གིས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“ལྟེ་བ་གཅིག་དང་རྣམ་པ་གཉིས། གཙོ་གནད་བཞི”བཅས་དམ་འཛིན་བྱ་གཞིར་བྱས་ནས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ།
རྫོང་ཡོངས་ཀྱི་ལས་ཁུངས་སོ་སོ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོ། སྡེ་བ(སྡེ་ཁུལ)བཅས་ཀྱིས་གློག་རྡུལ་བརྙན་ཤེལ་དང་འཕྲེད་འགེལ་སྦྱར་ཡིག་གི་ནུས་པ་གང་ལེགས་བྱས་ཏེ་རྩ་ཁྲིམས་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། “ཁེ་ལས་སུ་རྩ་ཁྲིམས་སྤེལ་བ་”དང“སྡེ་ཁུལ་དུ་རྩ་ཁྲིམས་སྤེལ་བ།”“གྲོང་གསེབ་ཏུ་རྩ་ཁྲིམས་སྤེལ་བ”སོགས་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་དོན་འཁྱོལ་བྱེད་པའི་ཐད་ནས་ཐོད་བརྒལ་ཡོང་ཐབས་དང་། རྩ་ཁྲིམས་དེ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཤུགས་འདོན་པའམ་རྩ་ཁྲིམས་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་སྤེལ་ནས། གྲོང་སྡེའི(སྡེ་ཁུལ)མང་ཚོགས་དང་སློབ་གྲྭའི་སློབ་མ་སོགས་ཀྱི་མི་སེམས་ལ་ཟུག་པར་བྱས། ཐེངས་འདིའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་ནང་རིམ་རྩིས་བྱས་ན་དྲིལ་སྒྲོག་དཔྱད་ཡིག་གི་ཤོག་དེབ་ཁྲི2ལྷག་ཙམ་དང་དྲིལ་སྒྲོག་དངོས་པོ་ཁྲི2ལྷག་བྱིན་པ། འཕྲེད་འགེལ་སྦྱར་ཡིག་བརྒྱ་ལྷག་བཀལ་བ་དང་མི་ཐེངས60ལྷག་གི་བཅའ་ཁྲིམས་བློ་འདྲིར་ལན་བཏབ།
རྫོང་ཁྲིམས་འཛིན་ཅུས་རྫོང་སློབ་གསོ་ཅུ་དང་རྫོང་ཁྲིམས་ཁང་སོགས་འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་སློབ་རྟེན་གཞི་རུ་རྩ་ཁྲིམས་ཀྱིས་ཁྲིམས་སྐྱོང་ལ་བརྟེན་ནས་འབྱུང་འགྱུར་གཏོད”ཅེས་པའི་དྲིལ་སྒྲོག་བྱ་འགུལ་སྤེལ། རྫོང་བཅའ་སྡོད་ལམ་ལུགས་སློབ་འབྲིང་གི་ལོ་རིམ་བརྒྱད་པའི་སློབ་མས་གསོན་ཉམས་དོད་པའི་སྒོ་ནས་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ལ་ལད་ཟློས་བྱས་པ་དེས་བཅའ་ཁྲིམས་གོ་རིམ་གྱི་གལ་ཆེའི་རང་བཞིན་དང་ཁྲིམས་སྐྱོང་སྤྱི་ཚོགས་ཁྲོད་ཀྱི་རང་ངོས་ཀྱི་དབང་ཆ་དང་འོས་འགན་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག མཇུག་མཐར་རྫོང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་དོན་མི་སྣས་ཐེངས་འདིའི་ལད་བཟོ་ཁྲིམས་ཁང་གི་འཁྲབ་སྦྱོང་ལ་གདེང་འཇོག་དང་མཛུབ་ཁྲིད་བྱས་པ་མ་ཟད། འབྲེལ་ཡོད་ཤེས་བྱར་སྒྲོག་བཤད་བྱས། མདོ་ལ་རི་བོའི་སློབ་ཆུང་གིས“རྒྱལ་དར་མདུན་དུ་རྩ་ཁྲིམས་ལ་སློབ་སྦྱོང་བྱེད”ཅེས་པའི་བྱ་འགུལ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་བརྩི་སྲུང་བྱེད་པའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་།
ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ། ནུབ་མཚོ་ཁྲིམས་འཛིན་ཁང་སོགས་ལས་ཁུངས་ཁག་གཅིག་གིས་ཡིག་གཟུགས་མཐུན་ཚོགས་ལ་རྩ་འཛུགས་བྱས་ཏེ་ཡིག་གཟུགས་དང་རི་མོ་གསར་རྩོམ་བྱས་པ་དང་།བྱ་འགུལ་སྤེལ་ཡུལ་དུ་ཁྱོན་སྡོམ་པའི་བརྩམས་ཆོས20ལྷག་ཙམ་གསར་རྩོམ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་སྐྱོང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཁྲིམས་སྐྱོང་འདུ་ཤེས་དང་རྩ་ཁྲིམས་དྲིལ་སྒྲོག་ཀྱི་འདུ་ཤེས་ཟབ་ཏུ་བཏང་། རྫོང་སྤྱི་བདེ་ཅུས་རྫོང་ཁྲིམས་འཛིན་ཅུ་དང་མཁར་ཟུར་གསུམ་གྲོང་རྡལ་གྱི་ཁྲིམས་འཛིན་ཁང་ལ་མཉམ་འབྲེལ་བྱས་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་སྤྱི་དམངས་ལ་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་ནས་སྤྱི་བདེ་ཅུའི་གཞི་རིམ་མངགས་གཏོང་ཁང་དང་སྡེ་ཁུལ་ཡོ་བསྲང་ལྟེ་གནས་སོགས་སུ་སོང་ནས་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་དང་ཁྲིམས་འཛིན་གཞུང་དོན་ཁང་སོགས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་འབྲེལ་བསམ་བློ་བརྗེ་རེས་བྱས་ཏེ་གྲོང་སྡེ་དང་སྡེ་ཁུལ་མང་ཚོགས་ཀྱིས་ཐད་ཀར་དུ་ཁྲིམས་འཛིན་ལས་དོན་ལ་རྒྱུས་ལོན་བྱས་སུ་བཅུག
རྗེས་མར་རང་རྫོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་མངགས་གཏོང་ཁང་དང་ཁྲིམས་འཛིན་ཁང་། ཁྲིམས་ར་སོགས་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་ཞུ་གཏུག་དང་། འདྲི་སྒྲིག ཉེན་རྟོག་པའི་འདུམ་འགྲིག་བཅས་ལ་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་འགལ་བ་དང་རྩོད་གཞི་སེལ་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注