ཕྱིར་འཚོང་སྒོར་ཁྲི482.13ཟིན་པ་དང་གན་རྒྱ15བཞག མཚོ་བྱང་རྐང་ཚའི་ཞིང་ལས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ།
ཟླ11པའི་ཚེས8ཉིན་ནས་ཚེས10ཉིན་བར། 2024ལོའི་མཚོ་སྔོན་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་དགུན་དུས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་སོགས་ནས་སྤེལ། དེའི་རིང་རིམ་རྩིས་བྱས་ན་བྲིན་ཚོང་ཡོང་འབབ་སྒོར་ཁྲི482.13བྱུང་བ་དང་སྐམས་ཤ་དང་ལུག་ཤ། དེའི་ཐོན་རྫས། འོ་བཟོས་ཐོན་རྫས། བསྙལ་བཟོས་ཐོན་རྫས་སོགས་ཏུན40.65བྲིན་ཚོང་བྱས་པ་དང་དྲ་ཐོག་དང་དྲ་ཕྱིའི་འགྲེམས་སྟོན་ལ་ལྟ་མཁན་མི་ཐེངས་ཁྲི30ལས་བརྒལ། རྐང་ཚ་མཚོ་སྔོན་ཞིང་ལས་མ་འཇོག་སྤྱི་གཉེར་ཁང་དང་པེ་ཅིང་ཐེན་ཡུག་ཁྲེང་ཤིན་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་གི་དབར་སྤྱི་འབོར་སྒོར་ཁྲི2700ཟིན་པའི་སྐམས་ཤ་བྲིན་ཚོང་གྲོས་མཐུན་བཞག་པ་དང་སི་ཁྲོན་ཞིང་ཆེན་རྒྱ་ཁོག་བཟའ་བཅའི་མཁོ་སྤྲོད་འབྲེལ་ཐག་འཕེལ་རྒྱས་སྐུལ་འདེད་ཚོགས་འདུ་དང་སི་ཁྲོན་ལེ་ལོ་ཧན་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་སོགས་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་ཁག3བཞག་པ། རྐང་ཚ་ལྷ་མཚོ་ཡུལ་སྐོར་མ་འཇོག་སྤྱི་གཉེར་ཁང་གིས་ཁྲིན་ཏུའུ་ཅན་མེ་རྒྱལ་ནང་ཡུལ་སྐོར་དང་ཏེ་དབྱང་ཤར་ཕྱོགས་ཡུལ་སྐོར་སོགས་སྤྱི་གཉེར་ཁང12དང་དགོ་དམར་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་གསེར་ཉའི་ཁྱིམ་གཞིས་ལྗོངས་ཁུལ། ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་ཡུལ་སྐོར་མཉམ་ལས་གྲོས་མཐུན་བཞག་ནས། གོམ་སྟབས་རྗེས་མར་ཞིང་ཕྱུགས་ཐོན་རྫས་འདྲེན་རྒྱ་ཆེ་རུ་གཏོང་བ་དང་ལྗོངས་ཁུལ་གྱི་འགྲུལ་བ་མང་དུ་གཏོང་རྒྱུར་རྨང་གཞི་བཟང་པོ་བཏིང་།
ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་དུས་ཡུན་ཉིན3རིང་ལ། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དང་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར། རྐང་ཚ་རྫོང་ཁེ་རམ་ཐང་ལྗོངས་ཁུལ་སོགས་སུ་སོ་སོར་སྤེལ། དེའི་རིང"ཐོན་རྫས་འགྲེམས་སྟོན+ཚོང་ཟོག་བྲིན་ཚོང+ཚོང་དོན་སྤེལ་རེས+ཐོན་ཁུངས་འོས་སྦྱོར+དྲ་རྒྱའི་ཐད་གཏོང+གླུ་གར་མྱུར་འཁྱུག"བཅས་ཀྱི་རྣམ་པའི་ཐོག་ནས་ཞིང་ཆེན་ཕྱི་ནང་གི་ལས་རིགས་སོ་སོར་རྐང་ཚའི་ཁྱད་ལྡན་ཐོན་རྫས་དང་ལྗོངས་ཁུལ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས། ཤུལ་བཞག་རིག་གནས་ཐོན་རྫས། ཁྱད་ལྡན་ཟས་མཆོག ཞོར་ཟས་སོགས་ཐོན་རྫས་སྣ་ཁ260ལྷག་འགྲེམས་སྟོན་དང་འགྲེམས་འཚོང་བྱས། ལྷག་པར་དུ་ཤ་གསར་བ་དང་སྐམས་ཤའི་ཤ་སྐམ། ལུག་ཤ་བསྟར་མ། ཞོ་སོགས་ཐོན་རྫས་ལ་ཁྱད་དུ་འཕགས་པའི་སྤུས་ཚད་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་རྒྱ་ཆེའི་གྲོང་མིའི་ཚད་མཐོའི་བསྔགས་བརྗོད་དང་དགའ་བསུ་ཆེན་ཐོབ་པ་དང་། མཚོ་སྔོན་པོའི་ནོར་གནག་དང་མཚོ་སྔོན་པོའི་བོད་ལུག་གི་ཆས་རྟགས་ཀྱི་མཚན་སྙན་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་ཆེ་རུ་སོང་།ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོན་ཁུངས་ཀྱི་དགེ་མཚན་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཐོག་མཐའ་བར་གསུམ་དུ་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པ་དང་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ། ཐོན་རྫས་ཀྱི་སྣ་ཁ་རྙིང་འབུད་གསར་འདོན་བྱས་པས་ལྗོངས་ཁུལ་དང་ལྗོངས་གནས། ཡུལ་སྐོར་སྒྲིག་བཀོད་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དང་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་དང་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་ཏུ་གྱུར་ཡོད།གོམ་སྟབས་རྗེས་མར། རྐང་ཚ་རྫོང་གིས་ཐེངས་འདིའི་འོས་སྦྱོར་བྱེད་སྒོའི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས"གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག"དང"མདོ་ལའི་འདབས་ཀྱི་ཕྱུགས་ར་བཟང་པོ"སོགས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ལ་གང་ལེགས་བརྟེན་ནས"ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས"བཅས་ཀྱི་མདོ་རྩ་དྲིལ་སྒྲོག་པ་དང་འོས་སྦྱོར་བྱས་པ་བརྒྱུད། ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་སྟེགས་བུ་ཧུར་ཐག་བསྐྲུན་པ་དང་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ། རྫོང་ཁོངས་ཀྱི་སྤུས་ལེགས་གཉེར་སྐྱོང་བྱེད་པོར་ལམ་འདིང་བ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་རམ་བྱ་རྒྱུ་རེད
ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་དུས་ཡུན་ཉིན3རིང་ལ། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དང་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར། རྐང་ཚ་རྫོང་ཁེ་རམ་ཐང་ལྗོངས་ཁུལ་སོགས་སུ་སོ་སོར་སྤེལ། དེའི་རིང"ཐོན་རྫས་འགྲེམས་སྟོན+ཚོང་ཟོག་བྲིན་ཚོང+ཚོང་དོན་སྤེལ་རེས+ཐོན་ཁུངས་འོས་སྦྱོར+དྲ་རྒྱའི་ཐད་གཏོང+གླུ་གར་མྱུར་འཁྱུག"བཅས་ཀྱི་རྣམ་པའི་ཐོག་ནས་ཞིང་ཆེན་ཕྱི་ནང་གི་ལས་རིགས་སོ་སོར་རྐང་ཚའི་ཁྱད་ལྡན་ཐོན་རྫས་དང་ལྗོངས་ཁུལ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས། ཤུལ་བཞག་རིག་གནས་ཐོན་རྫས། ཁྱད་ལྡན་ཟས་མཆོག ཞོར་ཟས་སོགས་ཐོན་རྫས་སྣ་ཁ260ལྷག་འགྲེམས་སྟོན་དང་འགྲེམས་འཚོང་བྱས། ལྷག་པར་དུ་ཤ་གསར་བ་དང་སྐམས་ཤའི་ཤ་སྐམ། ལུག་ཤ་བསྟར་མ། ཞོ་སོགས་ཐོན་རྫས་ལ་ཁྱད་དུ་འཕགས་པའི་སྤུས་ཚད་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་རྒྱ་ཆེའི་གྲོང་མིའི་ཚད་མཐོའི་བསྔགས་བརྗོད་དང་དགའ་བསུ་ཆེན་ཐོབ་པ་དང་། མཚོ་སྔོན་པོའི་ནོར་གནག་དང་མཚོ་སྔོན་པོའི་བོད་ལུག་གི་ཆས་རྟགས་ཀྱི་མཚན་སྙན་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་ཆེ་རུ་སོང་།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོན་ཁུངས་ཀྱི་དགེ་མཚན་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཐོག་མཐའ་བར་གསུམ་དུ་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པ་དང་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ། ཐོན་རྫས་ཀྱི་སྣ་ཁ་རྙིང་འབུད་གསར་འདོན་བྱས་པས་ལྗོངས་ཁུལ་དང་ལྗོངས་གནས། ཡུལ་སྐོར་སྒྲིག་བཀོད་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དང་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་དང་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་ཏུ་གྱུར་ཡོད།
གོམ་སྟབས་རྗེས་མར། རྐང་ཚ་རྫོང་གིས་ཐེངས་འདིའི་འོས་སྦྱོར་བྱེད་སྒོའི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས"གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག"དང"མདོ་ལའི་འདབས་ཀྱི་ཕྱུགས་ར་བཟང་པོ"སོགས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ལ་གང་ལེགས་བརྟེན་ནས"ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས"བཅས་ཀྱི་མདོ་རྩ་དྲིལ་སྒྲོག་པ་དང་འོས་སྦྱོར་བྱས་པ་བརྒྱུད། ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་སྟེགས་བུ་ཧུར་ཐག་བསྐྲུན་པ་དང་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ། རྫོང་ཁོངས་ཀྱི་སྤུས་ལེགས་གཉེར་སྐྱོང་བྱེད་པོར་ལམ་འདིང་བ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་རམ་བྱ་རྒྱུ་རེད
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注