མགོ་ལོག་དར་ལག་རྫོང་གིས་མ་ལག་གསུམ་དང་ལས་བྱེད་པའི་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱས།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ལས་བྱེད་པ་སྐྱེད་སྲིང་དང་འདེམ་བསྐོ དོ་དམ། བཀོལ་སྤྱོད་བྱེད་པའི་ནང་དོན་གཙོ་བོ་བཟང་བོར་བསྒྲུབས་པ་དང་། བྱང་ཚད་སྐྱེད་སྲིང་མ་ལག་་དང་བྱ་བ་རྒྱུས་ལོན་མ་ལག དོ་དམ་ནན་བྱེད་མ་ལག་བཅས་འཛུགས་སྐྲུན་བྱེད་པར་དོ་སྣང་བྱས་ལ། མདུན་དུ་བསྐྱོད་པ་དང་མིག་དཔེ་བྱེད་པ་གཙིགས་སུ་བཟུང་ནས། བྱ་བ་བསྒྲུབ་འདོད་པ་དང་བྱ་བ་བསྒྲུབ་ཕོད་པ། བྱ་བ་བསྒྲུབ་ཤེས་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ འཛུགས་སྐྲུན་བྱས།

བྱང་ཚད་སྐྱེད་སྲིང་མ་ལག་བཙུགས་ནས། གོང་དཔེ་འོག་སྟོན་གྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་བ་དང་། ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་། བྱ་བར་རྒྱུས་ལོན་བྱེད་པའི་མ་ལག་ཇེ་ཟབ་ཏུ་བཏང་སྟེ། དངོས་སྒྲུབ་དངོས་འབྲས་ཀྱི་ཁྲིད་ཕྱོགས་མངོན་གསལ་བཙུགས་པ་དང་། བྲེལ་དཀའ་ཉེན་ལྕི་ཡི་ལས་འགན་ཡུལ་དངོས་དང་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས། གཞི་རིམ་བཅོས་སྐྱོང་གི་ཡུལ་དངོས་སུ་སོང་ནས། ཐག་ཉེ་ས་ནས་ལས་བྱེད་པའི་ཉིན་རྒྱུན་གྱི་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གཙོ་བོར་ལས་བྱེད་པའི་ཆབ་སྲིད་གནས་ཚུལ་དང་བྱ་བའི་ནུས་པ། སྤྱོད་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས། དོ་དམ་ནན་མོ་བྱེད་པའི་མ་ལག་ཇེ་དྲག་ཏུ་བཏང་བ་དང་། ཕྱོགས་ཡོངས་ནས་ཁུར་བོ་ཇེ་ཡང་དང་ཕན་འབྲས་ཇེ་མཐོར་བཏང་བ་དང་སྤྱོད་ཚུལ་བསྒྱུར་ལ། ཞུ་གཏུག་མྱུར་དུ་དང་ལེན་དང་མྱུར་དུ་བསྒྲུབས་ནས། སྡེ་ཁག་གི་དང་ལེན་ཚད་དང་མང་ཚོགས་ཡིད་ཚིམ་ཚད་ཇེ་མཐོར་བཏང་བ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་བྱ་བ་སྒྲུབ་པའི་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号