ཟླ11པའི་ཚེས11ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས། སི་ཅི་ཧྲེན་དང་ལིས་ཞུ་ཀྲེན། ལིས་ཞན་རུང་། པོ་ཀྲེང་ཆིང་། མ་ཝུན་ཆོན་བཅས་ཀྱིས་བརྗོད་དོན་ལ་དམིགས་ནས་སོ་སོས་བགྲོ་གླེང་གཏམ་བཤད་གནང་།ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་དེ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་སུ་ཏན་ཏིག་བསྒྱུར་ནས། བཅོས་བསྒྱུར་བྱ་བའི་ཚན་རིག་དང་མཐུན་པའི་རང་བཞིན་དང་མ་འོངས་སྔོན་མཐོང་གི་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི"ཁ་ཚ་དགོས་གཏུག་གི་དགོས་མཁོ་བཞི"དང<<གཏན་འབེབས>>ནང་བཏོན་པའི"ལྡོག་མེད་ཀྱི་བླང་བྱ་དྲུག"ལ་གོ་བ་གཏིང་ཟབ་ལེན་པ་དང་སྔར་ལས་ལྷག་པར་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་སྤྱིའི་དམིགས་འབེན་དང་།"རྒྱུན་འཁྱོངས་དྲུག"གི་རྩ་དོན། འཐབ་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། "ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པའི" བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རང་འགན་གཙང་སྒྲུབ་ཀྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། བཅོས་བསྒྱུར་གྱི་རྣམ་པ་ཟབ་མོ་རྒྱུན་འཁྱོངས་དང་བཅོས་བསྒྱུར་གྱི་སྐྱེ་ཁམས་ལེགས་འགྱུར། བཅོས་བསྒྱུར་བྱེད་ནུས་ཆེ་རུ་གཏོང་བ། བཅོས་བསྒྱུར་བྱེད་སེམས་རྒྱུན་འཁྱོངས་བཅས་བྱེད་པའི་ཐད་གནད་དོན་གཅིག་མཚུངས་ལ་མཉམ་དུ་ལན་འདེབས་པ་དང་རོགས་ལས་འགག་སྒྲོལ་བྱ་དགོས།"གཞི་གནས་སྟངས་འཛིན་དང་དོན་འཁྱོལ་འཕྱུགས་མེད། ཚོད་ལྟ་བརྩོན་ལེན། ཁྱད་ཆོས་མངོན་གསལ། འབུར་ཐོན་གཏོད་པ"བཅས་ཀྱི་ལག་ལེན་གྱི་བླང་བྱར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། "གཟེར་འདེབས"ཀྱི་སྙིང་སྟོབས་ལ་བརྟེན་ནས་བཅོས་བསྒྱུར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ། མཚོ་བྱང་དབྱེ་འབྱེད་ཚད་ལྡན་གྱི་བཅོས་བསྒྱུར་མཚོན་རྟགས་ཀྱི་གྲུབ་འབྲས་ཁག་གཅིག་ཧུར་ཐག་བཏོད་དེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་སྦྱིན་བློ་སྐྱེད་བྱེད་པ་དང་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་ཆེ་རུ་གཏོང་བའི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་མཚོ་བྱང་ལ་ཐུགས་ཁུར་དང་མངགས་བཅོལ་གནང་བར་དྲིན་ལན་འཇལ་དགོས་ཟེར།