ཐོན་ལས་དར་རྒྱས་ཡོང་བ་ནི་ཕྱུག་འགྱུར་ལམ་བུར་སྐྱོད་པའི་དགོས་ངེས་ཀྱི་ཐབས་ལམ་ཞིག་དང་ཕྱུག་འགྱུར་ཡོང་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཐོན་ལས་ཀྱི“ས་ཁུལ་བཞི”དང“ལས་རིགས་ལྔ”ལག་བསྟར་བྱེད་པའི་རྣམ་པར་དམིགས་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་བཀོད་སྒྲིག་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འགྱུར་ལྡོག་ཆེན་པོ་གསུམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མདའ་བཞི་རྫོང་གི་གྲོང་གསེབ་ཐོན་ལས་གཞི་ཁྱོན་ཅན་འཕེལ་རྒྱས་དང་ཐོན་ལས་ཅན་གཉེར་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཞི་རྩའི་ཆ་ནས་ཆགས་ཡོད།
ཞིང་ཕྱུགས་ཐོན་ལས“ཁ་ཐོར”ནས“གཅིག་སྡུད”དུ་འགྱུར་ལྡོག་ཕྱིན་ཡོད། ཞིང་ལས་ཐད“ས་ཞིང་ཆེན་པོ་ཚབ་གཉེར”གྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་སྤེལ་བཏང་སྟེ། མུའུ་བརྒྱའི་འགག་སྒྲོལ་ས་ཞིང་དང་མུའུ་སྟོང་གི་དཔེ་སྟོན་ནས་ཀྱི་རྟེན་གཞི6བསྐྲུན་པ་དང་། ས་ཞིང་མུའུ་ཁྲི2.5ལ་ཕན་འབྲས་ཆེ་བ་དང་ལེགས་བསྡུས་ཞིབ་གཉེར་བྱུང་ཡོད་ལ། ཚད་གཞི་མཐོ་བའི་ས་ཞིང་མུའུ8000འཛུགས་སྐྲུན་བྱས་པ་དང་། རྫོང་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི7.17ལ་སླེབས་ཡོད། ཕྱུགས་ལས་ཐད་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞི་ལྟེ་བར་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ལས་གཞིར་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཕྱུགས་ཐོན་ལས་རྟེན་གཞི59བཀོད་སྒྲིག་བྱས་ཏེ། བྱང་རིའི་གཞུང་ལམ་རྒྱུད་ཀྱི་ཞིང་ཕྱུགས་ལས་ཀྱི་ནུས་ཆེའི་གཅིག་སྡུད་ཅན་གྱི་འཕེལ་རྒྱས་ཁུལ་བསྐྲུན་ཡོད། “འབྲོག་ཁྱིམ་གསོ་རའི”དཔེ་སྟོན་གྱིས་ཕྱུགས་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱས་ནས་ཁུལ་ཡོངས་སུ་ཁྱབ་གདལ་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བསྐྲུན་པའི་རྫོང་གི་གྲས་སུ་བཅུག་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་ཚན་ཞིབ་ཁང་དང་“སློབ་གྲྭ་དང་ས་གནས་མཉམ་ལས”ཀྱི་རྐྱེན་སྲོལ་བཙུགས་ནས་བོད་ལུག་གསོ་སྤེལ་དང་གཟན་རྩྭ་འདེབས་གསོ་སོགས་ཀྱི་ལག་རྩལ་ཁག6ཁྱོན་ཡོངས་ནས་ཁྱབ་གདལ་བཏང་། གཏན་ཁེལ་སྔོ་ཚལ་དང་སྡེབ་སྒྲིག་ནས། སྐམས་ཤའི་ཉིང་ཁུ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ནང་འདྲེན་བྱས་པ་དང་། ཐོན་རྫས་ཁག9ལ་སྐྱེ་ལྡན་ཁས་ལེན་ཐོབ་ཡོད། རྫོང་ཡོངས་ཀྱི་ཕྱུགས་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད60%ཡན་ཟིན་ཡོད། ཞ་ཧྭ་རྒྱ་ཁོག་དང་ཁུ་ཁུ་ནོར་གཉིས་སུ་ཐད་འཚོང་ཁང18བཙུགས་ནས་ཐོན་རྫས་ལིན་དབྱི་དང་ཁྲུང་ཆིང་། ཀོང་ཀྲོའུ་སོགས་ཞིང་ཆེན་ཕྱིའི་གྲོང་ཁྱེར་ཆེ་གྲས་སུ་བཙོངས་ཏེ་སྒོར་ཁྲི251.8ལ་སླེབས་པའི་ནོར་ལུག་མངགས་འཚོང་བྱས་ཡོད། ཕྱུགས་ལས་ཐོན་རྫས་ཀྱི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི53.8ལ་སླེབས་འདུག “ཞིང་མགོ་ལས་མཇུག”དང“ཕྱུགས་མགོ་ཤ་མཇུག”“འབྲུ་མགོ་ཟས་མཇུག”བཅས་ཀྱི་ཐོན་ལས་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད།
བཟོ་ལས་དཔལ་འབྱོར་དེ་རགས་ལས་ནས་ཇེ་ལེགས་སུ་ཕྱིན་ཡོད། ཆུ་དམར གཞུང་བཟོ་ལས་གླིང་ཁུལ་རིགས་སྒྱུར་རིམ་སྤོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱི་རང་བརྟེན་རིགས་སྒྱུར་གྱི་གཏིང་གི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་ཡོད། ལོ་གསུམ་རིང་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་འཕར་ནས་ཁུལ་ཡོངས་ཀྱི་གསུམ་ཆ་གཅིག་ཡན་བཟུང་བ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10.7བར་འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་དང་རིན་ཐང་འཕར་མས་ཁུལ་ཡོངས་ཀྱི་ཐོན་རྫས་རིན་ཐང་སྡོམ་འབོར་གྱི50%ཡན་ཟིན། “ཆེད་ལེགས་ཁྱད་གསར”བཅས་ཀྱི་ཁེ་ལས་འབྲིང་ཆུང“མེད་པ་ནས་གཅིག”བར་མངོན་འགྱུར་བྱུང་། ཚོགས་སྒྲིག་ཚོང་འགུགས་དང་ཚོང་འགུགས་བྱས་ནས“ནང་དུ་གདན་འདྲེན་པ”དང“ཕྱིར་སྐྱོད་པའི”ཚོང་འགུགས་རྣམ་པ་སྤྱད་དེ། ཚོང་འགུགས་མ་འདྲེན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར10.92ལ་སླེབས་ཡོད། དེ་དང་ཆབས་ཅིག་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་མ་ལག་གང་མགྱོགས་བཙུགས་ནས་ཁེ་ལས་ཀྱིས་ཕྱི་ཕྱོགས་ཚོང་དོན་ལས་སྒོ་དང་ལེན་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་། མ་བཅོས་རྒྱུ་ཆ་ནང་འདྲེན་དང་བཟོ་ལས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུའི“མེད་པ་གཉིས”ཐོལ་བརྒལ་ཡོང་བ་བྱས་ནས་ཕྱི་ཕྱོགས་ཚོང་དོན་ཉོ་ཚོང་གི་སྡོམ་འབོར་ལོར་ཆ་སྙོམས་འཕར་རྒྱ20%ཡན་ཡིན། ཞིང་ཆེན་ཐའེ་ཝན་གཞུང་ལས་ཁང་དང་འབྲེལ་མཐུད་འབྲེལ་གཏུག་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་གྱི་ཁེ་ལས་ཁག3མདའ་བཞི་རྫོང་དུ་རྟོག་ཞིབ་མ་འཇོག་བྱེད་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ཕྱི་འབྲེལ་ལས་དོན་གྱི་ཚོང་འགུགས་འབྲེལ་གཏུག་ལས་དོན་མེད་པ་དེ་ཐོལ་བརྒལ་བྱུང་ཡོད།
གནས་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མདའ་བཞི་རྫོང་གི་གནས་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་འཐབ་ཇུས་དང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ནས། ས་མཐོའི་རིག་གནས་གནས་སྐོར་གྱི་གྲོང་ཁྱེར་གྲགས་ཅན་གཙོ་རྐང་དུ་བྱས་ཏེ། སྨོན་ལམ་མཐོན་པོ་དང་མདའ་བཞི་ཆུ་ཚན། ཤྭ་ལུང་ཆུ་ཚན། བྱེ་མ་ལ་བདུན། བོན་བརྒྱ་ཕྱུགས་ར་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་གནས་སྐོར་གྱི་ལམ་ཐིག་ལེགས་པོ་ཞིག་ཆགས་ཡོད། རྩྭ་ཐང་དང་གངས་རི། ཆུ་ཚན། མཚོ་སོགས་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོན་བརྒྱ་སྐར་ཚོགས་ཁྱིམ་ཚང་མགྲོན་ཁང་དང་། བྷོད་ཡུལ་ཆུ་ཚན་མགྲོན་ཁང་། ནུབ་མཚོའི་ཆུ་ཚན་རྒྱུད་སོགས་སྐྱེ་ཁམས་སྤྲོ་གསེང་ས་རྒྱུད་བསྐྲུན་ཡོད། དེའི་ཁྲོད་བོན་བརྒྱ་སྐར་ཚོགས་ཁྱིམ་ཚང་མགྲོན་ཁང་དང་བྷོད་ཡུལ་ཆུ་ཚན་མགྲོན་ཁང་གཉིས་ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཀ་པ་རིམ་པའི་གནས་ཁྱིམ་ཚང་མགྲོན་ཁང་གི་མཚན་སྙན་ཐོབ་ཡོད། གྲོང་གསེབ་ཀྱི་སྤྲོ་གསེང་ཁུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མཚོ་ཤར་སྡེ་བའི་དམངས་སྲོལ་ཉམས་ལེན་དང་བོན་བརྒྱ་སྐར་ཚོགས་མཛེས་ལྗོངས། མདའ་བཞིའི་ཆུ་ཚན་གྲོང་ཆུང་སོགས་ཀྱིས་མཚོན་པའི་གྲོང་གསེབ་ཀྱི་གནས་སྐོར་ལས་རིགས་གསར་པ་ཁག་གཅིག་རིམ་བཞིན་དར་ཞིང་། དམངས་སྲོལ་གནས་སྐོར་གྱི་གསོན་ཤུགས་ཆེས་ཆེར་འཕེལ་ཡོད། གསར་བརྗེའི་རིག་གནས་ཐོན་ཁུངས་རྒྱུན་མཐུད་ངང་སྔོག་འདོན་བྱས་ནས“ཁུལ་གཅིག་ས་གཉིས། ཁང་གསུམ། ཅན་བཞི། གནས་མང”བཅས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་མ་ལག་དེ་རིམ་བཞིན་གནས་སྐོར་གྱི་འཕར་གཞི་གསར་པར་གྱུར་པ་དང་། མ་རྡུལ་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་ས་དེ་རྨ་ཆུའི་འབབ་རྒྱུད་ཀྱི་ཞིབ་འཇུག་སློབ་སྦྱོང་མནའ་འབྲེལ་གྱི་ཁོངས་མིའི་ཚན་པ་ཁག་གཉིས་པ་དང་། ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་ཞིབ་འཇུག་སློབ་སྦྱོང་སྒར་ས་ཁག་གསུམ་པར་བདམས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注