ཀང་ཧྥུའུ་ཡིས་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱས་པ།
ཟླ10བའི་ཚེས29ཉིན། རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་བཙུན་མོ་གཞོང་གྲོང་རྡལ་ར་གདོང་ཀླད་སྡེ་བའི་རྗེས་མཐུད་ཐོན་ལས་རིག་གནས་གནས་སྐོར་རྣམ་གྲངས་སྤེལ་ཡུལ་དང་ར་གདོང་སྡེ་ཁུལ་གསར་བར་བསྐྱོད་དེ་ཧྲན་ཏུང་གི་རོགས་སྐྲུན་རྣམ་གྲངས་གཉེར་སྐྱོང་དང་། གྲོང་གསེབ་དར་སྤེལ་ཐོན་ལས་འཕེལ་རྒྱས། གཞི་རིམ་སྡེ་ཁུལ་གྱིས་དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས།ཀང་ཧྥུའུ་ཡིས་བཙུན་མོ་གཞོང་གྲོང་རྡལ་ར་གདོང་ཀླད་སྡེ་བའི་རྗེས་མཐུད་ཐོན་ལས་རིག་གནས་གནས་སྐོར་རྣམ་གྲངས་སྤེལ་ཡུལ་དུ་ར་གདོང་ཀླད་སྡེ་བའི་གྲོང་གསེབ་དར་སྤེལ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ལ་ཉན། ཁོང་གིས་ར་གདོང་ཀླད་སྡེ་བས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྡེ་དམངས་རྣམས་ཧུར་ཐག་དང་ཡོང་འབབ་བརྟན་པོ། རྒྱུན་མཐུད་འཁོར་སྐྱོད་བཅས་ཀྱི་ཐོན་ལས་དར་སྤེལ་གྱི་ལམ་བུར་བསྐྱོད་དེ་ཞིང་པ་དེ་བས་མང་བ་སྒོ་རྩར་ལས་ཞུགས་ཐུབ་པ་བྱས་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། ནང་གནས་ཀྱི་བོགས་ནུས་སྟོབས་ཤུགས་དང་ནང་སྐྱེས་སྒུལ་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། གནས་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ། སྡེ་བའི་ཚོགས་སྤྱིའི་དཔལ་འབྱོར་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་བརྟན་པོའི་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྣ་མང་ཅན་གྱི་གནས་སྐོར་རྣམ་གྲངས་རྒྱ་སྐྱེད་ཧུར་ཐག་གཏོང་བ། གནས་སྐོར་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བཅས་བྱ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གི་སྟོབས་ཤུགས་དང་ཟུང་འབྲེལ་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ར་གདོང་སྡེ་ཁུལ་གསར་བ་རུ་ཀང་ཧྥུའུ་ཡིས་སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་། དམངས་སྲིད་རོགས་སྐྱོབ། གཞི་རིམ་བཅོས་སྐྱོང་། འགལ་བ་གྲལ་བཤེར་དང་སེལ་བ་སོགས་ཐད་ཀྱི་ལས་དོན་དང་སྡེ་ཁུལ་ལས་དོན་མི་སྣར་བརྟག་ཞིབ་མཛུབ་ཁྲིད་བྱས། ཀང་ཧྥུའུ་ཡིས་སྡེ་ཁུལ་གསར་བ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཞབས་ཞུ་སྤེལ་བ། ཡུལ་བབ་དང་བསྟུན་ནས་སྡེ་ཁུལ་གྱི་རྨང་གཞིའི་དྲ་མིག་དབྱེ་འབྱེད་ཡག་པོ་བྱེད་པ། དྲ་མིག་ཅན་གྱི་དོ་དམ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། མཉམ་སྐྲུན་ཚན་པ་དང་ཤང་གྲོང་དང་འབྲེལ་གཏུག་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཇུས་འགོད་མཉམ་སྐྲུན་དང་ནུས་ཤུགས་མཉམ་འདོན་བྱེད་པ། དམངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་འཚོ་བའི་ཁོར་ཡུག་དང་སྤྱི་པའི་ཞབས་ཞུ་སོགས་ཐད་དམངས་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་མ་ཟད། སྔར་ལས་སྡེ་དམངས་ཀྱི་འཚོ་བའི་གོམས་གཤིས་དང་རིག་གནས་བྱང་ཚད་སོགས་ཀྱི་ཐད་སྡོད་དམངས་དུ་འགྱུར་བར་སྣེ་ཁྲིད་བྱེད་དགོས། སྡེ་ཁུལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་སྡེ་ཁུལ་གྱི་ལས་བྱེད་པར་འཚར་ལོངས་དང་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་དགོས་ཞེས་བླང་བྱ་བཏོན།རྫོང་ཨུའི་རྒྱུན་ཨུའམ་བཙུན་མོ་གཞོང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་སྐལ་བཟང་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འགན་འཁུར་བ་ཞུགས་ཡོད
ཟླ10བའི་ཚེས29ཉིན། རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་བཙུན་མོ་གཞོང་གྲོང་རྡལ་ར་གདོང་ཀླད་སྡེ་བའི་རྗེས་མཐུད་ཐོན་ལས་རིག་གནས་གནས་སྐོར་རྣམ་གྲངས་སྤེལ་ཡུལ་དང་ར་གདོང་སྡེ་ཁུལ་གསར་བར་བསྐྱོད་དེ་ཧྲན་ཏུང་གི་རོགས་སྐྲུན་རྣམ་གྲངས་གཉེར་སྐྱོང་དང་། གྲོང་གསེབ་དར་སྤེལ་ཐོན་ལས་འཕེལ་རྒྱས། གཞི་རིམ་སྡེ་ཁུལ་གྱིས་དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས།
ཀང་ཧྥུའུ་ཡིས་བཙུན་མོ་གཞོང་གྲོང་རྡལ་ར་གདོང་ཀླད་སྡེ་བའི་རྗེས་མཐུད་ཐོན་ལས་རིག་གནས་གནས་སྐོར་རྣམ་གྲངས་སྤེལ་ཡུལ་དུ་ར་གདོང་ཀླད་སྡེ་བའི་གྲོང་གསེབ་དར་སྤེལ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ལ་ཉན། ཁོང་གིས་ར་གདོང་ཀླད་སྡེ་བས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྡེ་དམངས་རྣམས་ཧུར་ཐག་དང་ཡོང་འབབ་བརྟན་པོ། རྒྱུན་མཐུད་འཁོར་སྐྱོད་བཅས་ཀྱི་ཐོན་ལས་དར་སྤེལ་གྱི་ལམ་བུར་བསྐྱོད་དེ་ཞིང་པ་དེ་བས་མང་བ་སྒོ་རྩར་ལས་ཞུགས་ཐུབ་པ་བྱས་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། ནང་གནས་ཀྱི་བོགས་ནུས་སྟོབས་ཤུགས་དང་ནང་སྐྱེས་སྒུལ་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། གནས་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ། སྡེ་བའི་ཚོགས་སྤྱིའི་དཔལ་འབྱོར་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་བརྟན་པོའི་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྣ་མང་ཅན་གྱི་གནས་སྐོར་རྣམ་གྲངས་རྒྱ་སྐྱེད་ཧུར་ཐག་གཏོང་བ། གནས་སྐོར་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བཅས་བྱ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གི་སྟོབས་ཤུགས་དང་ཟུང་འབྲེལ་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ར་གདོང་སྡེ་ཁུལ་གསར་བ་རུ་ཀང་ཧྥུའུ་ཡིས་སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་། དམངས་སྲིད་རོགས་སྐྱོབ། གཞི་རིམ་བཅོས་སྐྱོང་། འགལ་བ་གྲལ་བཤེར་དང་སེལ་བ་སོགས་ཐད་ཀྱི་ལས་དོན་དང་སྡེ་ཁུལ་ལས་དོན་མི་སྣར་བརྟག་ཞིབ་མཛུབ་ཁྲིད་བྱས། ཀང་ཧྥུའུ་ཡིས་སྡེ་ཁུལ་གསར་བ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཞབས་ཞུ་སྤེལ་བ། ཡུལ་བབ་དང་བསྟུན་ནས་སྡེ་ཁུལ་གྱི་རྨང་གཞིའི་དྲ་མིག་དབྱེ་འབྱེད་ཡག་པོ་བྱེད་པ། དྲ་མིག་ཅན་གྱི་དོ་དམ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། མཉམ་སྐྲུན་ཚན་པ་དང་ཤང་གྲོང་དང་འབྲེལ་གཏུག་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཇུས་འགོད་མཉམ་སྐྲུན་དང་ནུས་ཤུགས་མཉམ་འདོན་བྱེད་པ། དམངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་འཚོ་བའི་ཁོར་ཡུག་དང་སྤྱི་པའི་ཞབས་ཞུ་སོགས་ཐད་དམངས་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་མ་ཟད། སྔར་ལས་སྡེ་དམངས་ཀྱི་འཚོ་བའི་གོམས་གཤིས་དང་རིག་གནས་བྱང་ཚད་སོགས་ཀྱི་ཐད་སྡོད་དམངས་དུ་འགྱུར་བར་སྣེ་ཁྲིད་བྱེད་དགོས། སྡེ་ཁུལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་སྡེ་ཁུལ་གྱི་ལས་བྱེད་པར་འཚར་ལོངས་དང་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་དགོས་ཞེས་བླང་བྱ་བཏོན།
རྫོང་ཨུའི་རྒྱུན་ཨུའམ་བཙུན་མོ་གཞོང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་སྐལ་བཟང་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འགན་འཁུར་བ་ཞུགས་ཡོད
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注