གཅེས་ཉར་ཁྱིས་འགྲིམ་འགྲུལ་དོན་རྐྱེན་བཟོས་ན་འགན་སུས་འཁུར་དགོས།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1245པའི་གཏན་འཁེལ་ལྟར་ན། གཅེས་ཉར་སྲོག་ཆགས་ཀྱིས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། སྲོག་ཆགས་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་དབང་གནོད་ཁག་འགན་འཁུར་དགོས། འོན་ཀྱང་། གནོད་སྐྱོན་དེ་ནི་དབང་གནོད་ཕོག་མཁན་གྱིས་བསམ་བཞིན་དུ་བཟོས་པའམ་ལས་འཛོལ་ཚབས་ཆེན་བྱུང་བའི་དབང་གིས་བཟོས་པ་ར་སྤྲོད་བྱེད་ཐུབ་ན། འགན་འཁྲི་འཁུར་མི་དགོས་པའམ་ཡང་ན་ཁག་འགན་ཇེ་ཡང་དུ་བཏང་ཆོག

དོན་ཚན1246པའི་གཏན་འཁེལ་ལྟར་ན། དོ་དམ་གྱི་གཏན་འཁེལ་དང་འགལ་ནས་སྲོག་ཆགས་ལ་བདེ་སྲུང་བྱེད་ཐབས་མ་སྤྱད་པར་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། སྲོག་ཆགས་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་དབང་གནོད་ཁག་འགན་འཁུར་དགོས། འོན་ཀྱང་། གནོད་སྐྱོན་ནི་དབང་ཆར་གནོད་འཚེ་ཕོག་མཁན་གྱིས་བསམ་བཞིན་དུ་བཟོས་པ་ར་སྤྲོད་བྱེད་ཐུབ་ན་ཁག་འགན་ཇེ་ཡང་དུ་བཏང་ཆོག་ཅེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号