ཞིང་ལས་ཉེན་འགོག་བྱ་བ་གྲོང་འཕེལ་མགྱོགས་པོ་ཇི་ལྟར་གཏོང་དགོས།
ལོ་ཉེ་ཆར་ཉེན་འགོག་ལས་རིགས་ཀྱིས“ཞིང་གསུམ”ཞབས་ཕྱི་ཕྱོགས་ལ་འཚོལ་ཞིབ་ཧུར་ཐག་བྱས་པས། ཞིང་ལས་ཉེན་འགོག་ལ་གོང་འཕེལ་མགྱོགས་པོ་བྱུང་ཡོད། 2007ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་ཉེན་འགོག་ལ་ཐོག་མར་ཁ་གསབ་བྱས། ཞིང་ཆེན(ལྗོངས)དྲུག་དང་ཞིང་ལས་ལོ་ཏོག་གཙོ་བོ་རིགས་ལྔ་བདམས་ནས་ཚོད་ལྟར་སྤེལ་བས། ཞིང་ལས་ཉེན་འགོག་བྱ་བ་གོང་དུ་འཕེལ་བ་ལ་སྐུལ་ལྕག་གི་ནུས་པ་གལ་ཆེན་ཐེབས་ཡོད། 2008ལོའི་ལོ་གཞུག་ཏུ་ཞིང་ལས་ཉེན་འགོག་རྒྱལ་ཡོངས་ཀྱི་ཞིང་ཆེན(ལྗོངས)ཡོངས་རྫོགས་སུ་ཁྱབ་པ། 2008ལོར་ཞིང་ལས་ལོ་ཏོག་རིགས་སྣ་ཚོགས་མུའུ་དུང་ཕྱུར5.32ལ་ཉེན་འགོག་བྱས་པ་དང་། ཉེན་འགོག་ནང་ཞུགས་པའི་ཞིང་ལས་ཁྱིམ་ཚང་ཁྲི9000ཡོད། ཞིང་པ་ལ་སྒོར་དུང་ཕྱུར2397.4ཡིས་ཉེན་འགོག་འགན་སྲུང་འདོན་སྤྲོད་བྱས། 2007ལོ་དང་བསྡུར་ན། ཐ་དད་དུ130%དང་། 80.7%དང་། 113%འཕར་ཡོད།
སྔོན་ནས་ཚོད་ལྟ་བྱས་ཐོག གཞུག་ནས་ཞིང་སྡེའི་ཉེན་འགོག་འཕྲིན་ལས་གོང་འཕེལ་བཏང་ནས། ཉེན་འགོག་གི་རྒྱ་ཁྱོན་རྒྱ་སྐྱེད་དང་ཉེན་འགོག་བྱ་ཡུལ་ཇེ་མང་དུ་གཏོང་རྒྱུ་དང་། སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། ཞིང་ལས་ཀྱི་ཡང་བསྐྱར་ཉེན་འགོག་དང་གནོད་པ་ཆེན་པོའི་ཉེན་ཁ་སིལ་བུར་གཏོང་བའི་ནང་རྐྱེན་མགྱོགས་པོ་འཛུགས་རྒྱུ། གཅིག་ནས་ཆུ་ལོག་དང་ཐན་པ་སོགས་རྒྱ་ཁྱོན་དང་ཤུགས་རྐྱེན་ཆེ་ཞིང་ཡང་ཡང་བྱུང་བའི་གནོད་པ་ཆེན་པོའི་ཉེན་འགོག་ཧུར་ཐག་ཏུ་གོང་འཕེལ་བཏང་ཐོག རྒྱལ་ཡོངས་ཁྱབ་ཁོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་དྲ་བ་དང་ཞིང་ལས་ཉེན་འགོག་ཐེབས་རྩ་མགྱོགས་པོ་འཛུགས་རྒྱུ། གཉིས་ནས་ཚོང་ལས་རང་བཞིན་གྱི་ཉེན་འགོག་ལས་ཁུངས་སྡེ་བའི་ས་ཁུལ་དུ་སོང་ནས་ལས་ཁུངས་འཛུགས་པ་དང་། བྱེད་སྒོ་སྤེལ་བ། ཞིང་སྡེ་དང་མཐུན་པའི་ཉེན་འགོག་གི་ཐོན་རྫས་གསར་སྤེལ་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་རྒྱུ། གསུམ་ནས་ཉེན་འགོག་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། བཞི་ནས་ཞིང་སྡེའི་ཡིད་རྟོན་དངུལ་བུན་དང་ཞིང་ལས་ཉེན་འགོག་ཟུང་དུ་འབྲེལ་བའི་དངུལ་ཁང་དང་ཉེན་འགོག་ཕན་ཚུན་འགུལ་བའི་ནང་རྐྱེན་ཆོད་ཞིབ་བྱས་ཏེ་འཛུགས་རྒྱུ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་ཡིག་ཆ་བཀྲམ་ནས་བསྟན་དོན། “ཞིང་གསུམ”ཉེན་འགོག་གོང་འཕེལ་ལ་བརྩོན་པ་བསྐྱེད་ནས་ཞིང་ལས་ཉེན་འགོག་ཁྱབ་རྒྱ་སྔར་ལས་ཇེ་ཆེར་གཏོང་བ་དང་། ཉེན་འགོག་སྤྱི་གཉེར་ཞིང་ལས་དང་ཞིང་སྡེའི་དངུལ་ཉུང་ཉེན་འགོག་དང་། ཐོན་རྫས་སྤུས་ཀ་ཉེན་འགོག་གསར་གཏོད་བྱེད་དགོས།
ཞིང་ལས་ཉེན་འགོག་གོང་དུ་འཕེལ་བ་དེ་ལས་ཞིང་ལས་གོང་འཕེལ་ལ་སྲིད་ཇུས་རང་བཞིན་གྱི་འགན་སྲུང་ཇེ་མང་དུ་གྱུར། ས་བོན་ཞིང་ལ་བཏབ་ཀྱང་རེ་བ་གནམ་ལ་བཅངས་པའི་ཞིང་ལས་འཕེལ་སྟངས་དེར་ཞིང་ལས་ཉེན་འགོག་གིས་རྟུལ་བའི་དུས་སུ་ཐོན་པར་གྱུར། ཞིང་པ་ཞིང་ལས་ཉེན་འགོག་ལ་ཞུགས་ཤིང་། ཉེན་འགོག་རྒྱ་ཁྱོན་མུ་མཐུད་དུ་རྒྱ་སྐྱེད། ཉེན་འགོག་གི་རིགས་ཀྱང་ཇེ་མང་དུ་སོང་། ཆུ་ལོག་དང་ཐན་པ་སོགས་ལྟ་བུའི་རང་བྱུང་གནོད་པ་དེ་ནི་ཞིང་ལས་ཉེན་འགོག་གི་རྣམ་པ་ཞིག་ཏུ་གྱུར། འདི་ལྟ་བུའི་སྲིད་ཇུས་དབང་གིས་ཞིང་པའི་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཀྱི་འགྲོ་སྒོ་ཇེ་མང་གཏོང་བར་ཡིད་ཆེས་ཀྱི་བསམ་པ་ཇེ་ཆེར་གྱུར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注