རྐྱང་ཁྱུ་བདའ་མཁན་ལ་སྒོར4000ཡི་ཆད་པ་བཅད།

འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།

གསར་འགོད་པས་ཟླ11པའི་ཚེས2ཉིན་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ10པར། མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ལ་སྐྱེས་པ་ཞིག་གིས་རླངས་འཁོར་བསྐོར་ནས་ཁྲིམས་འགལ་ངང་སྲུང་སྐྱོབ་ཁུལ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རྐྱང་བདའ་བར་མ་ཟད། རྐྱང་ཁྱུ་བདའ་བའི་བརྙན་ཐུང་མི་སྒེར་གྱི་དྲ་འབྲེལ་སྟེགས་བུའི་སྟེང་བསྐུར་བའི་ཐེར་འདོན་འབྱོར། མཐར་སྐྱེས་པ་དེར་སྒོར4000ཡི་དངུལ་ཆད་བཅད།

ཁུངས་སྣེ་འབྱོར་རྗེས། མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་འཕྲལ་མར་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ནགས་ཚལ་ཡན་ལག་རུ་ཁག་དང་འབྲེལ་བ་བྱས་ཏེ། མགྱོགས་མྱུར་ངང་བརྙན་ཐུང་སྐུར་མཁན་ཝུའུ་ཆེ་གེ་མོ་ཡིན་པར་མ་ཟད། ཁོ་ད་དུང་སི་ཁྲོན་ཁྲུན་ཏུའུ་རུ་ཡོད་པ་གཏན་འཁེལ་བྱས། ཟླ10པའི་ཚེས22ཉིན་ཁྲུན་ཏུའུ་རུ་བསྐྱོད་པ་དང་། ཁྲུན་ཏུའུ་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་གི་གཞོགས་འདེགས་འོག་ཝུའུ་ཆེ་གེ་མོར་བརྟག་དཔྱད་བྱས། 

ཞིབ་བཤེར་བྱས་པ་བརྒྱུད། ད་ལོའི་ཟླ3པར། ཝུའུ་ཆེ་གེ་མོས་མངའ་རིས་ས་ཁུལ་དུ་ཡུལ་སྐོར་བྱེད་པའི་སྐབས་སུ། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རང་དགར་བསྐྱོད་པ་དང་འབྲེལ། མངའ་རིས་ལམ་ཐིག་དབུས་མ་ནས་རླངས་འཁོར་བསྐོར་ཏེ་འགྲོ་ལམ་ནས་ཁ་བྲལ་ཏེ་རྐྱང་ཁྱུ་བདའ་བ་དང་། ཟླ10པར་འབྲེལ་ཡོད་བརྙན་ཐུང་མི་སྒེར་གྱི་དྲ་འབྲེལ་སྟེགས་བུའི་སྟེང་བསྐུར་བ་རེད། 

ཝུའུ་ཆེ་གེ་མོས་རང་ཉིད་སྲུང་སྐྱོབ་ཁུལ་དུ་བསྐྱོད་པ་དང་རྐྱང་ཁྱུ་བདའ་བའི་ཁྲིམས་འགལ་བྱ་སྤྱོད་ཁས་ལེན་དང་འགྱོད་བཤགས་བྱས། མཐར་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཝུའུ་ཆེ་གེ་མོར་ཁྲིམས་ལྟར་སྒོར4000ཡི་དངུལ་ཆད་བཅད་པར་མ་ཟད། ད་དུང་སྐྱོན་བརྗོད་སློབ་གསོ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号