གནས་ཚུལ་ག་འདྲའི་འོག་ཁྱོ་ཤུག་ཕྱོགས་གཅིག་ལ་རྒྱུ་ནོར་མ་བགོས་ན་ཆོག

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1092པའི་གཏན་འཁེལ་ལྟར་ན། ཁྱོ་ཤུག་ཕྱོགས་གཅིག་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་གཏོང་བ། བག་མེད་ལོངས་སྤྱོད་བཅས་བྱས་པའམ་ཡང་ན་ཁྱོ་ཤུག་ཐུན་མོང་གི་བུ་ལོན་རྫུན་བཟོ་བྱས་ནས་ཅིག་ཤོས་ཀྱི་རྒྱུ་ནོར་བཙན་བཟུང་བྱས་ན། གཉེན་འཐོར་ཏེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས། ཕྱོགས་དེར་ཉུང་ཙམ་བགོ་བའམ་མ་བགོས་ཀྱང་ཆོག་ཅེས་གཏན་འཁེལ་བྱས་ཡོད། གཉེན་འཐོར་རྗེས། ཕྱོགས་གཞན་དེས་གོང་གསལ་གྱི་བྱ་སྤྱོད་ཡོད་ན་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡང་བསྐྱར་བགོ་བཤའ་རྒྱག་རྒྱུའི་རེ་བ་ཞུས་ཆོག་ཅེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号