མདའ་བཞི་རྫོང་གསེར་དངུལ་རྩྭ་ཐང་གི་ལུག་ཤའི་ཟས་རིགས་འགྲེམས་ཚོགས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

ཟླ9པའི་ཚེས6ཉིན་གྱི་དགོང་མོར། 2024ལོའི་མདའ་བཞི་རྫོང་གསེར་དངུལ་རྩྭ་ཐང་གི་ལུག་ཤའི་ཟས་རིགས་འགྲེམས་ཚོགས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འོས་སྦྱོར་ཚོགས་འདུ་ཟི་ལིང་གྲོང་ཁྱེར་གྱི་ཐང་ཏའོ་ཁྲོམ་སྲང་དུ་འཚོགས།  ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་དང་འཛད་སྤྱོད་རོགས་སྐྱོར། གསེར་དངུལ་རྩྭ་ཐང་གི་ལུག་ཤའི་ཟོང་རྟགས་མཐོར་འདེགས། ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་བསྐྱེད། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད། ལྗང་མདོག་གི་སྐྱེ་ལྡན་ཐོན་རྫས་ཕྱིར་གཏོང་། གྲོང་གསེབ་དར་སྤེལ་དེ་བས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་འཚོགས་ཡུན་ཉིན3ཡིན་ཞིང་། དེའི་རིང་ཐོན་རྫས་འགྲེམས་སྟོན་དང་བརྗོད་དོན་འོས་སྦྱོར། ཚོང་ཟོག་བྲིན་ཚོང་། མ་འཇོག་གྲོས་མོལ། རིག་རྩལ་འཁྲབ་སྟོན། རིག་གནས་ཡུལ་སྐོར་དྲིལ་སྒྲོག་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་རྒྱུ་དང་། ཡུལ་དངོས་ནས་ཟས་རིགས་མྱོང་རོལ་བྱེད་ས6དང་། ཐོན་རྫས་འགྲེམས་ཁུལ40བཅས་བཀོད་སྒྲིག་བྱས་ཏེ།  ཁེ་ལས29ཡིས་མདའ་བཞིའི་སྐམས་ཤ་དང་ལུག་ཤ ཞོག་ཁོག ནས་ཆང་། ཟ་སྣུམ། མར་དང་རྩམ་པ་སོགས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་སྣ132དང་། ཐང་ག་དང་བོད་སྤོས། ལག་བཟོས་ཐོན་རྫས་སོགས་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་སྣ35ལྷག་འགྲེམས་སྟོན་དང་འོས་སྦྱོར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པ་དང་། བོད་ལུག་དང་ནོར་གནག་སོགས་ཁྲི་སྟོང་རིམ་པའི་གསོ་ཚགས་རྟེན་གཞི་འཛུགས་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་རིམ་པ་གསུམ་གྱི་སྣེ་འདྲེན་ཁེ་ལས4དང་། ཚན་རིག་དང་མཐུན་པའི་ཞིང་ཕྱུགས་ཐོན་ལས་རྟེན་གཞི59། བོད་ལུག་དང་ནོར་གནག་གསོ་སྤེལ་རྟེན་གཞི7། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་སྡེ་ཁག50།  ཕྱུགས་ལས་སྤུས་རྟགས་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས7བཅས་སྐྱེད་སྲིང་སྐུལ་ཁྲིད་བྱས་པ་མ་ཟད། རྫོང་ཡོངས་སུ་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི7.2ལ་སླེབས་པ་དེ། “རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ”དང“རྒྱལ་ཁབ་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་རྫོང”ནང་བཅུག་ཡོད་ལ། “མདའ་བཞིའི་ནོར་གནག”དང“མདའ་བཞིའི་ལུག་ཤ”གཉིས་ལ་ཞིང་ལས་པུའུ་ཡིས་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་ཐོབ་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号