【གསར་བརྗེའི་ཉམས་ཞིབ།】མཚོ་ཤར་གྲོང་ཁྱེར་གྱི་ན་གཞོན་ལས་བྱེད་པའི་ཕུགས་བསམ་དད་སེམས་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་ཚོགས་མགོ་བརྩམས།


ཟླ7པའི་ཚེས31ཉིན་གྱི་ཕྱི་དྲོར། མཚོ་ཤར་གྲོང་ཁྱེར་གྱི་ན་གཞོན་ལས་བྱེད་པའི་ཕུགས་བསམ་དད་སེམས་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་ཚོགས་མགོ་བརྩམས། མཚོ་ཤར་གྲོང་ཁྱེར་གྱི་སྡེ་ཁག་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་བདམས་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ42དུས་ཡུན་ཉིན3གྱི་གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་ནང་སློབ་མ་དག་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་བྱང་ཁུལ་སྲིད་གཙང་སློབ་གསོའི་རྟེན་གཞི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་། འགད་འབར་ཚོད་ལྟ་ཁང་། 221རྟེན་གཞིའི་ས་འོག་བཀོད་འདོམས་ལྟེ་གནས།ཡན་ལག་བཟོ་གྲྭ་དང་པོ་སོགས་སློབ་ཁྲིད་ས་ཚིགས་སུ་བསྐྱོད་རྒྱུ་བཀོད་སྒྲིག་བྱས་ཡོད་ལ། ཡུལ་དངོས་སློབ་ཁྲིད་དང་དབྱིངས་ཞུགས་རྣམ་པའི་སློབ་ཁྲིད། ཉམས་ལེན་སློབ་ཁྲིད་བཅས་བྱས་པ་བརྒྱུད་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དད་སེམས་དང་ཏང་གཤིས་བློ་སྦྱོང་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་བློ་དཀར་རྣམ་དག་འགན་ལེན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号