ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྤྱི་ཚོགས་ཀྱི་སྐོར་སྐྱོད་རྟ་འདུལ་གསོ་དོ་དམ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་པ།

ཟླ8པའི་ཚེས6ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཞོད་འགོག་སོགས་ཀྱི་བྱ་བར་དམིགས་ནས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་མཐའ་འཁོར་དུ་སྤྱི་ཚོགས་ཀྱི་སྐོར་སྐྱོད་རྟ་འདུལ་གསོ་དོ་དམ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།    

ནུབ་མཚོ་གྲོང་རྡལ་ཙོང་ཆུའི་ཆུ་ལམ་གྱི་སྤྱི་ཚོགས་སྐོར་སྐྱོད་རྟ་ཁ་ཐོར་གསོ་ཁུལ་དུ། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རྟ་གསོ་མཁན་གྱི་མང་ཚོགས་དང་བརྗེ་རེས་གཏིང་ཟབ་བྱས་ཏེ་རྟའི་གྲངས་འབོར་དང་རིགས་རྒྱུད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད།  ཡུལ་དངོས་ནས་རྟ་ཁ་ཐོར་གསོ་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་དང་རྟ་གསོ་མཁན་གྱི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་རྟ་གསོ་པ་དང་རྟ་འདུལ་པའི་ཐད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་ནས་བསྟན་དོན། སྤྱི་ཚོགས་ཀྱི་སྐོར་སྐྱོད་རྟ་ཁ་ཐོར་གསོ་སའི་ས་ཁོངས་དེ་ཙོང་ཆུའི་འདམ་རར་གནས་ཤིང་ཙོང་ཆུའི་ཆུ་ལམ་དང་ཐག་ཉེ་བས་སྐྱེ་ཁམས་སྲུང་སྐྱོབ་དང་ཞོད་འགོག་སོགས་ཐད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་པོ་ཡོད་པར་མ་ཟད། གཏན་འཇགས་ཀྱི་གནས་ཡུལ་མེད་པ་དང་རྟ་འདུལ་མཁན་གྱི་མང་ཚོགས་ཀྱི་གནས་སྡོད་ཁོར་ཡུག་ཐབས་ཆག་དང་དོ་དམ་ཟང་ཟིང་སོགས་ཀྱི་སྣང་ཚུལ་ཡོད་པས་འཕྲལ་དུ་རྩ་བའི་ཐོག་ནས་ཐག་གཅོད་བྱེད་དགོས་ཟེར།   

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱིས་ས་ཁོངས་དོ་དམ་རྒྱུན་འཁྱོངས་བྱེད་པ་དང་། འདམ་རར་སྲུང་སྐྱོབ་དང་ས་རིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞོད་འགོག་བླང་བྱ་དོན་འཁྱོལ་བྱེད་པ། རྟ་འདུལ་མཁན་གྱི་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་བྱ་བའི་བསམ་ཕྱོགས་བཏོན་པ་དང་། གཏན་འཇགས་ཀྱི་རྟ་འདུལ་སྦྱོང་བྱ་ཡུལ་བཀོད་སྒྲིག་ཐག་གཅོད་བྱེད་པ། མང་ཚོགས་ཀྱིས“ཁ་ཐོར་གོ་རིམ་མེད་པར་འདུལ་གསོ་བྱེད་པ”ནས“གཅིག་སྡུད་ཚད་ལྡན་འདུལ་གསོ་བྱེད་པའི”ཕྱོགས་སུ་བསྒྱུར་བར་ཁྲིད་སྟོན་བྱས་ཏེ་དོ་དམ་ཟང་ཟིང་སོགས་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་བྱེད་དགོས་ཤིང་། གཅིག་སྡུད་འདུལ་གསོ་དང་ཚད་ལྡན་དོ་དམ་བྱས་ཏེ་རྟ་གསོ་སྤེལ་དང་འདུལ་གསོ། ཉོ་ཚོང་སོགས་བྱེད་ཤུགས་ཆེ་རུ་བཏང་ནས་ནུབ་མཚོ་ལུས་རྩལ་ར་བ་བེད་སྤྱོད་གང་ལེགས་བྱས་ཏེ་དུས་བཀག་ལྟར་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་སྤེལ་ནས་རྟའི་དཔལ་འབྱོར་དེ་རིག་གནས་དང་ཡུལ་སྐོར། ཞིང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ལ། མཚོ་བྱང་རྟ་ལས་མཐུན་ཚོགས་ཀྱིས་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། རྟ་རྒྱུག་བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཚོ་བྱང་གི་མི་རིགས་རྟ་རྒྱུག་ལུས་རྩལ་གྱི་སྣ་མང་རང་བཞིན་གང་ལེགས་སྒོས་མངོན་པར་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྟ་རྩལ་ལུས་རྩལ་དང་རྟའི་རིག་གནས་ལ་བཅངས་པའི་སྤྲོ་སེམས་སྔར་ལས་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན།          

ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། དེ་བཞིན་ཁུལ་འཕེལ་སྒྱུར་དང་རིག་གནས་ཡུལ་སྐོར། ཞིང་ཕྱུགས། སྡོད་ཁང་འཛུགས་སྐྲུན། གནའ་ཤུལ་གཞུང་ལས་ཁང་། རྒྱལ་ཁབ་མ་འཇོག ནུབ་མཚོ་གྲོང་རྡལ་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号