ཤ་བོ་སྐྱབས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་སུ་བསྐྱོད་དེ་བྱ་བར་འབྲེལ་སྦྱོར་བྱས་པ།

ཟླ8པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་སུ་བསྐྱོད་དེ་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཏང་ཙུའི་ཧྲུའུ་ཅིའམ་ཅུས་ཀྲང་ཏུའུ་ཕིན་ཀོས་དང་མཉམ་དུ་བྱ་བའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ནགས་ལས་དང་རྩྭ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞུགས་མོལ་བརྗེ་རེས་གནང་། ཞིང་ཆེན་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཧའེ་ཕིན་དང་རིམ་པ་གཉིས་པའི་སྐོར་ཞིབ་པ་ལིན་ཀྲའོ་ཚའེ། འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་མི་སྣ་བཅས་ཞུགས།    

ཤ་བོ་སྐྱབས་ཀྱིས་ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་དུས་ཡུན་རིང་བོར་མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་དམ་པོར་དམིགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་བྱ་བའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། འགག་སྒྲོལ་བྱེད་པའི་ཞིབ་ཕྲའི་བརྒྱུད་རིམ་ནང་ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་ད་དུང་རྒྱབ་སྐྱོར་དང་རོགས་རམ་གང་མང་བྱེད་དགོས་ཀྱི་ཡོད་ལ། སྡོང་འཛུགས་ནགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྩྭ་ཐང་དོ་དམ་སྲུང་སྐྱོབ་དང་ཉམས་གསོའི་ནུས་པ་ཆེ་རུ་གཏོང་བ།  རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་པ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་རོགས།     དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པར་མཚོ་དམག་དང་སྐམ་དམག མཁའ་དམག་སྒར་གསུམ་གྱིས་ཉ་པ38བསྐྱབས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཁྱབ་ཡོད་པས། གོམ་སྟབས་རྗེས་མའི་གསར་བརྗེའི་ཉམས་ཞིབ་བྱ་ཡུལ་འཛུགས་སྐྲུན་ཁྲོད་རོགས་རམ་བྱས་ཏེ་མཚོ་བྱང་གིས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སྔར་བས་རྒྱུན་འཛིན་དར་སྤེལ་བཏང་ནས་སྙིང་སྟོབས་ཀྱི་བཙན་ས་གཏོད་པ་དང་གསོ་སྦྱོང་ཐོན་ལས་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་རོགས། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནགས་རྩྭའི་བྱ་བར་བཏོན་པའི་བཀོད་སྒྲིག་བླང་བྱ་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ནགས་རྩྭ་ཅུས་ཀྱི་ཆེད་ལས་མཛུབ་ཁྲིད་འོག མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་པ་དང་ནགས་རྩྭ་དཔོན་ལམ་ལུགས་སོགས་གཙོ་གནད་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་དང་ནགས་རྩྭ་སྡེ་ཁག་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རང་འགུལ་ངང་འགན་འཁྲི་འཁུར་བ། བྱས་རྗེས་ཧུར་ཐག་འཇོག་རྒྱུར་ལྟ་སྐུལ་བྱས་ཏེ་མཚོ་བྱང་འདི་ཉིད་ནགས་ཚལ་དང་རྩྭ་ཐང་གི་དཔེ་སྟོན་ཁུལ་དུ་སྒྱུར་རྒྱུ་ཧུར་བརྩོན་བྱེད་རྒྱུ་ཟེར།

ཏུའུ་ཕིན་ཀོས་ཀྱིས་མཚོ་བྱང་ཁུལ་གྱིས་དུས་ཡུན་རིང་བོར་ཞིང་ཆེན་ནགས་རྩྭའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས།  ཁོས་མཚོ་བྱང་ཁུལ་གྱི་ནགས་རྩྭའི་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་ཅིང་། རྒྱལ་ཁབ་སྤྱི་གླིང་གཉིས་བཏོད་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ལ། སེམས་ཉིད་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་སྲུང་སྐྱོབ་ནུས་ལྡན་བྱས་པས་ནགས་རྩྭའི་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མ་འོངས་པའི་བྱ་བའི་ཁྲོད་མཚོ་བྱང་དང་སྔར་ལས་འབྲེལ་གཏུག་བརྗེ་རེས་གཏིང་ཟབ་ཏུ་བྱེད་པ་དང་། བྱང་གསུམ་ནགས་ཚལ་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་ནགས་རྩྭའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པར་བསྟན།

ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་མ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་རང་བྱུང་ཐོན་ཁུངས་ཅུས། ཁུལ་ནགས་རྩྭ་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་ཞུགས།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号